中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།  

རྩོམ་པ་པོ་:拉茸追玛 戴严 姚一鸣 ཁྱབ་བསྒྲགས་དུས་ཚོད་:2026-01-22 16:44:43 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་1པོའི་ཚེས་21ཉིན་གྱི་ཕྱི་དྲོ།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དབྱང་ཧྲུའུ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།ཀྲུའུ་ཞི་ཚོགས་པའི་ཁོངས་མི་39ཚོགས་འདུར་ཕེབས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་ཡོད།

ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་གྲོས་ཞིབ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་།འཆར་གཞི།སྔོན་རྩིས་སྙན་ཞུ་བཅས་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་གནང་།སྲིད་གཞུང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་འཐུས་མིའི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་རྗེས་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུ་རེད།

ཚོགས་འདུའི་ཐོག་ཁུལ་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་འཆར་ཟིན་གྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། བདེ་ཆེན་ཁུལ་གྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ། བདེ་ཆེན་ཁུལ་གྱི་2025ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས་ལ། འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་རེད།འབྲེལ་ཡོད་གྲོས་ཆོད་འཆར་ཟིན་དེ་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་རྗེས་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་རྒྱུ་རེད།

གྲོས་ཚོགས་ཐོག་འཐུས་མི་ཚོགས་པ་སོ་སོས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུའི་ཐོག་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས། ཚོགས་འདུའི་ཐོག་ད་དུང་འཐུས་མི་ཚོགས་པ་ཁག་གིས་འབྲེལ་ཡོད་འོས་མིའི་མིང་ཐོའི་འཆར་ཟིན་ནང་མོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་ནས་འབྲེལ་ཡོད་འོས་མིའི་མིང་ཐོའི་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་འབུལ་བའི་གཏན་འབེབས་བྱས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལུའོ་ཁྲའོ་ཧྥེང་དང་།ཞུས་སི་སི།ལི་ཡན་ལན།ཞའོ་ཞུས།དབྱང་ཅན་ཧྭ།སུང་ཡུང་ལི།ཡུས་ཅིན་ཆོན།ཡུས་ཡུང་ཧུང་།ཀྲང་ལི་ཅུན་བཅས་ཚོགས་འདུར་ཞུགས་པ་རེད།

责任编辑:江初卓玛  万玛措 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།  

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།

སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་བཏབ། དཔའ་མཛངས་རྟུལ་ཕོད་ཀྱིས་འགྲུལ་བཞུད་གསར་པར་བསྐྱོད།——ཁུལ་དམངས་ཆེན་འཐུས་མིས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྩ་གནད་(འཆར་ཟིན་)ཞིབ་དཔྱད་བྱེད་པའི་ཟུར་བྲིས། 

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལུའོ་ཁྲའོ་ཧྥེང་སོགས་ཚོགས་འདུར་ཞུགས།

ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com