ལུའོ་ཁྲའོ་ཧྥེང་གིས་ཡིང་མེང་ཅ་ཉན་ཧྭ་རིག་གནས་ཐོན་ལས་འཕེལ་རྒྱས་(ཝུན་ཀྲུའུ)ཚད་ཡོད་ཀུང་སི་དང་ཐུག་འཕྲད་གནང་།

ཟླ་1པོའི་ཚེས་24ཉིན། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཡིང་མེང་ཅ་ཉན་ཧྭ་རིག་གནས་ཐོན་ལས་འཕེལ་རྒྱས་(ཝུན་ཀྲུའུ)ཚད་ཡོད་ཀུང་སིའི་ཚོགས་ཁག་དང་ཐུག་འཕྲད་གནང་། ཕྱོགས་གཉིས་ཀྱིས་རིག་གནས་མཉམ་འདྲེས་ཟབ་ཏུ་གཏོང་བ་དང་། རིག་གནས་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱད་ལྡན་རིག་གནས་ཡུལ་སྐོར་IPསྐྲུན་པ་སོགས་གྲོས་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས། ཡུན་ནན་ཞིང་ཆེན་གྱི་གོ་ལ་ཧྲིལ་པོའི་ཚོང་སྡུད་བློ་འདོན་པ། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མངགས་གདན་ཞུ་ཞིབ་འཇུག་པ་ཀྲུའུ་མེ་ཕིང་ཐུག་འཕྲད་ནང་ཞུགས།
ལུའོ་ཁྲའོ་ཧྥེང་གིས་ཡིང་མེང་ཅ་ཉན་ཧྭ་ཚད་ཡོད་ཀུང་སི་དང་བཅས་པ་བདེ་ཆེན་དུ་ཕེབས་པར་དགའ་བསུ་ཞུས་པ་མ་ཚད། བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་མ་འོངས་པའི་འཆར་འགོད་ངོ་སྤྲོད་བྱས། ཁོང་གིས། བདེ་ཆེན་དུ་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ལྡན། ཡིང་མེང་ཅ་ཉན་ཧྭ་ཚད་ཡོད་ཀུང་སིས་ཁྲོམ་ར་འཁོར་སྐྱོད་དང་གསར་གཏོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དེ་བདེ་ཆེན་གྱི་མི་རིགས་མང་པོའི་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་ནས་དབྱེ་འབྱེད་ཚད་དང་དགེ་མཚན་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་ཁག་གཅིག་གཏོད་བའི་རེ་བ་ཡོད། ཁེ་ལས་གྱིས་བེད་མེད་དུ་བཞག་པའི་རྒྱུ་ནོར་མ་རྩ་གསར་བཟོ་དང་། ཡུན་ནན་དུ་བྱེས་སུ་སྡོད་པ། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་མངའ་ཁོངས་ནས་བདེ་ཆེན་དང་དངོས་གཉེར་མཉམ་ལས་བྱེད་པའི་རེ་བ་ཡོད། བདེ་ཆེན་གྱིས་སྲིད་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་སྟེ་རྣམ་གྲངས་ཞིབ་བཤེར་ཆོག་མཆན་དང་ཐོན་ཁུངས་ལེགས་སྒྲིལ་སོགས་ཀྱི་ཐད་འགན་ལེན་བྱས་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཞེས་བསྟན།
ཀྲུའུ་མེ་ཕིང་གིས་ཚོགས་ཁག་གིས་བདེ་ཆེན་དང་མཉམ་ལས་བྱེད་པའི་འབྲེལ་ཡོད་བསམ་འཆར་ངོ་སྤྲོད་བྱས། ཁོང་གིས། བདེ་ཆེན་གྱི་ཐོན་ལས་གཙོ་བོའི་ཁྱབ་ཚུལ་ལ་དམིགས་ནས། ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་སྟེ། ཕྱོགས་ཡོངས་ངང་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ནས། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཞེས་སྟོན། ཡིང་མེང་ཅ་ཉན་ཧྭ་ཀུང་སིའི་འགོ་འཛིན་ཀྲི་ཀྲུང་ལིའང་གིས་ཁེ་ལས་ཀྱི་ལས་སྒོ་ཁྱབ་ཚུལ་དང་ལྟེ་བའི་ལེགས་ཆ་སོགས་ངོ་སྤྲོད་བྱས། ཁོང་གིས། བདེ་ཆེན་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ཁྱད་ཆོས་ལྡན་པའི་རིག་གནས་གསར་སྤེལ་གྱི་རིན་ཐང་ཆེན་པོ་ལྡན། ཀུང་སིས་བདེ་ཆེན་དང་མཉམ་ལས་བྱེད་པར་མཐོང་ཆེན་བྱས་ཏེ། རང་ཉིད་ཀྱི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ནས། མི་རིགས་རིག་གནས་IPགསར་གཏོད་གསར་སྤེལ་དང་རིག་གནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས། བདེ་ཆེན་གྱིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་པར་རོགས་རམ་བྱ་རྒྱུ་ཞེས་བསྟན།
ཁྲེན་ཆུན་དང་། ལུའུ་ཀྲི་ཅུན། ལིང་ཧའོ། ཁུལ་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་ཐུག་འཕྲད་ནང་ཞུགས།
责任编辑:达瓦只玛 吹批拉姆
- ཁུལ་ནང་ཁུལ་གྱི་མགོ་གཙོ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།
ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་
ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108