中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ།

རྩོམ་པ་པོ་:黄晓丽 何雨桐 何帝龙 ཁྱབ་བསྒྲགས་དུས་ཚོད་:2026-01-22 17:14:27 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཟླ1པོའི་ཚེས22ཉིན་གྱི་སྔ་དྲོར།  བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ཞིང་སེམས་ཀྱི་ཉི་ཟླ་ནས་རྒྱལ་ཁའི་ངང་གྲོལ་བ་རེད།

ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་སྐབས་འཐུས་མི་248ཕེབས་དགོས་པ་དང་།  ཚོགས་འདུར་དངོས་སུ་ཞུགས་མཁན་འཐུས་མི་212ཡོད་པ་དེ་ཁྲིམས་གཏན་མི་གྲངས་དང་མཐུན་ཡོད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལག་བསྟར་ཀྲུའུ་ཞི་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་བ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་ད་དུང་ལུའོ་ཁྲའོ་ཧྥེང་དང་། ཞུས་སི་སི། ཞའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲུའུ་ཆི། སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། ཀྲང་ལི་ཅུན། ལི་ཝུན་ཝུའུ། ཕེང་ཡུའེ་ཧུང་། ལི་ཝུན། ཀྲང་ལི་ཆིན། ཡུས་ཙེ་ཡིང་བཅས་ཡོད་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཀྲུའུ་ཞི་སྡིངས་ཆའི་སྟེང་དུ་བཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་གྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་གྱི2025ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། བདེ་ཆེན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད། བདེ་ཆེན་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། 

ལི་ཡན་ལན་གྱིས་གསུང་བཤད་གནང་སྐབས་ཁུལ་ཨུའི་འགོ་ཁྲིད་འོག་དང་།  འཐུས་མི་ཡོངས་དང་བློ་མཐུན་རྣམས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཚོགས་འདུ་འཚོགས་རིང་། འཐུས་མི་རྣམས་ཀྱིས་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་བཅངས་ནས། ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་རྩ་གནད་དང་ལས་དོན་ཁག་གི་སྙན་ཞུར་ཞིབ་བཤེར་བྱས་ཏེ་འདེམས་བསྐོའི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ཚོགས་འདུ་དེ་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་སྐུལ་གྱི་ཚོགས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བསྟན་པ་རེད།

ལི་ཡན་ལན་གྱིས་ཐེངས་འདིའི་ཚོགས་ཆེན་གྱིས་རང་ཁུལ་གྱི་མ་འོངས་པའི་ལོ་ལྔའི་རླབས་ཆེ་བའི་འཆར་གཞི་བཀོད་ཡོད་པ་དང་། ད་ལོའི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་འགན་འཁྲི་གསལ་བོར་བསྟན་ཡོད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་པས་ཁུལ་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་ལྷོད་མེད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱས་ནས། སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཁྲོད་བློ་བརྟན་འགྱུར་མེད་ཀྱིས“གཏན་ཁེལ་གཉིས”ལ་བརྩི་བཀུར་དང་། བློ་ཐག་རྦད་ཆོད་ཀྱིས“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱས། དུས་མཚུངས་སུ་རང་རྟོགས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ནང་བཅུག་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཡོད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ཚུགས་པ། དམངས་གཙོའི་དམངས་འདོད་མཚོན་པའི་ལས་སྟེགས་དང་གཞི་རྟེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་གཞི་རྩའི་བྱས་རྗེས་སུ་བརྩི་བ་དང་། འཐུས་མིའི་གྲོས་གཞི་དང་གྲོས་འགོ་ནན་ཏན་ངང་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་བ་བཅས་བྱས་ཏེ་ལས་དོན་ཁག་མང་ཚོགས་དང་འབྲེལ་འདྲིས་སྔར་ལས་ལེགས་པ་དང་། མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས། མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ། དམངས་འཚོར་ཕན་འདོགས་པ་བཅས་བྱ་དགོས། ཁྲིམས་བཀོད་འགན་འཁྲི་ལག་བསྟར་ཏན་ཏིག་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་རྩེ་གཅིག་ཏུ་དམིགས་པ། ལྟེ་བར་དམ་པོར་དམིགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་ཆེད་མི་དམངས་འཐུས་ཚོགས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་གྲས་སུ་ད་དུང་ཀྲུའུ་ཧུང་དང་། ལི་དབྱང་། ཁྲེན་ཆུན། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཧོང་ལུང་ཞིན། ཞུང་ཝུན་པིན། ཡུས་ཧྲེང་ཞང་དང་། དབྱང་ཁྲེང་ལིའང་། ཡུས་ཀུའེ་ཧྥུན། ཞུས་ཀོང་ཏེ། ལིན་ཧའོ། པའོ་ཡུས་ཏུང་། ཝན་ཏན་ཆིང་། མ་ཀུའོ་ཀྲུང་། དབྱང་ཙི་ཅང་། ཁྲེན་ཅུན་མིང་། དབྱང་ཅི་ཝུན། ཕན་ཞུའེ་ཡིན། ཁྲེན་ཚུང་། ལིའུ་ཐེན་མིང་། མེང་ཀུའོ་པིན་སོགས་ཡོད།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པར་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་མཇུག་གྲོལ་བ་རེད།

 

责任编辑:江初卓玛 万玛措

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ།

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཁྲེན་ཚུང་ཁུལ་འབྲིམ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།  

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།

སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་བཏབ། དཔའ་མཛངས་རྟུལ་ཕོད་ཀྱིས་འགྲུལ་བཞུད་གསར་པར་བསྐྱོད།——ཁུལ་དམངས་ཆེན་འཐུས་མིས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྩ་གནད་(འཆར་ཟིན་)ཞིབ་དཔྱད་བྱེད་པའི་ཟུར་བྲིས། 

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com