འགོ་འཛུགས་མྱུར་ཚད་མགྱོགས་སུ་བཏང་ནས་འགོ་འཛུགས་རྣམ་པ་གསར་པ་བཏོད་པ། བདེ་ཆེན་ཁུལ་གྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ།

“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་བཀོད་ཟིན་པ་དང་འབད་འཐབ་པས་སླར་ཡང་ལམ་བུར་སྐྱོད་འགོ་ཚུགས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་དང་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་འདུ་གཉིས་ཀྱི་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
འདི་ནི་སྔ་འཛིན་ཕྱི་གཏོད་དང་ཕུགས་ལ་དམིགས་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ལ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བ་དང་ཤུགས་སྐུལ་དང་དཔུང་སྐུལ་བྱེད་པའི་སྐུལ་སློང་ཞིག་ཀྱང་ཡིན། ཚོགས་འདུའི་རིང་འཐུས་མི་དང་ཨུ་ཡོན་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་འགན་འཁྲི་ནན་ཏན་བསྒྲུབས་པ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གྲོས་བསྡུར་བྱས་ཡོད། སྲིད་གཞུང་གི་ལས་དོན་སྙན་ཞུ་སོགས་ལས་དོན་སྙན་ཞུ་ཁག་ལ་གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་། བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་དང་། འཆར་གཞི། སྔོན་རྩིས་བཅས་ཀྱི་སྙན་ཞུར་ཞིབ་བཤེར་ཆོག་མཆན་སྤྲད་པ། འདེམས་བསྐོའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད། ཚོགས་ཆེན་ལ་ཐོབ་པའི་གྲུབ་འབྲས་ཁག་གིས་འཐུས་མི་དང་ཨུ་ཡོན་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་འདོད་འདུན་མཚོན་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་བྱས་ཏེ། བདེ་ཆེན་ཁུལ་གྱི་2026ལོ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ལ་ཆབ་སྲིད་ཀྱི་རྨང་གཞི་དང་། བསམ་བློའི་རྨང་གཞི། བྱ་སྤྱོད་ཀྱི་རྨང་གཞི་བཅས་བརྟན་པོ་བཏིང་ཡོད།
རི་ཆུ་བརྒལ་ནས་ཕུགས་འདུན་སྙེག གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད། “ལོ་ལྔ་ཚན་བཅོ་ལྔ་པའི་”རིང་ནི་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་སྟོབས་ཤུགས་ཆེན་པོས་འབྲི་བའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་རེད། ཚོགས་འདུའི་ཐོག་ཞིབ་བཤེར་བྱས་ནས་གྲོས་འཆམ་བྱུང་བའི《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད》ནང་། འབྱུང་འགྱུར་ལོ་ལྔའི་རང་ཁུལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གནད་འཁེལ་ངང་ཁོང་དུ་ཆུད་པ་བྱས་ནས་དོན་དངོས་དང་མཐུན་པ་དང་རྒྱང་ལྟའི་རང་བཞིན་ལྡན་པའི་སྤྱིའི་བསམ་ཕྱོགས་དང་། ལས་ཀའི་རྩ་དོན། དམིགས་ཚད་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་བཅས་བཏོན་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་པར་བདེ་ཆེན་གྱིས་སྔར་བས་སྲ་ཞིང་བརྟན་པའི་གོམ་སྟབས་སྤོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།
གོ་སྐབས་ནི་འབད་འཐབ་ཁྲོད་ནས་མངོན་པ་དང་འཆར་གཞི་ནི་ལས་སྒྲུབ་ཁྲོད་ནས་མངོན་འགྱུར་བྱེད་བཞིན་ཡོད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གཏིང་ཟབ་ལ་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡོད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཚོགས་འདུ་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་ཏན་ཏིག་བྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་འཛིན་པ་དང་། བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད། དངོས་འཛིན་དངོས་སྒྲུབ་བཅས་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་རྒྱུན་མཐུད་ངང་དམ་འཛིན་གཏིང་ཟབ་བྱེད་པ་དང་། “འགོ་བརྩམས་མ་ཐག་ནས་ཐག་གཅོད་དམག་འཐབ་བྱེད་པ་དང་། འགོ་བརྩམས་མ་ཐག་ནས་མཐའ་མའི་གདོང་མཆོང་བྱེད་པའི་”བསམ་པའི་འཁྱེར་སོར་བརྟེན་ནས་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་“ལས་གཞིའི་དཔེ་རིས་”དང་“གནས་ཚུལ་དངོས་ཀྱི་རི་མོ་”རུ་ཞིབ་ཕྲ་བཟོ་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”སྤྱི་ཡོངས་འཕེལ་རྒྱས་གཏོང་བར་འགོ་འཛུགས་སྟོབས་ཆེན་བྱེད་པར་སྣེ་ཁྲིད་ཏན་ཏིག་བྱ་དགོས།
ལོ་ཟླ་མང་པོ་སོང་རུང་ཐོག་མའི་བསམ་འདུན་ནམ་ཡང་མི་འགྱུར་བ་དང་། ལེ་དབར་ཁྲི་ཕྲག་བསྐྱོད་ཀྱང་གོམ་སྟབས་འགྱུར་མེད་བརྟན་པོ་ཡོང་བ་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཕྲག་ཐོག་ཏུ་བབས་ཡོད་པས་འབད་བརྩོན་བྱ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་འོག་མངགས་བཅོལ་བློ་ལ་བརྟན་པོར་འཆང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ལ་བརྩོན་ལེན། དངོས་འཛིན་དངོས་སྒྲུབ་བཅས་བྱེད་ནས། ཕྱོགས་ཡོངས་ནས་ཕྱོགས་སྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
འགོ་འཛུགས་མྱུར་ཚད་མགྱོགས་སུ་བཏང་ནས་འགོ་འཛུགས་རྣམ་པ་གསར་པ་བཏོད་པ། བདེ་ཆེན་ཁུལ་གྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་བ།
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཁྲེན་ཚུང་ཁུལ་འབྲིམ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད།
སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་བཏབ། དཔའ་མཛངས་རྟུལ་ཕོད་ཀྱིས་འགྲུལ་བཞུད་གསར་པར་བསྐྱོད།——ཁུལ་དམངས་ཆེན་འཐུས་མིས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྩ་གནད་(འཆར་ཟིན་)ཞིབ་དཔྱད་བྱེད་པའི་ཟུར་བྲིས།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
