ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བདེ་ཆེན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་དང་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་ཚོགས་འདུ་འཚོགས།

ཟླ་1པོའི་ཚེས་27ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་དང་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་ཚོགས་འདུ་འཚོགས། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་འདེམས་པ་དང་། ལི་ཡན་ལན་དང་ཀྲང་ཝེ་ཏུང་གཉིས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འདེམས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ་འཆར་ཟིན། ཚོགས་ཆེན་གྱི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། གསབ་འདེམས་གྲོས་འཆར་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོའི་འཆར་ཟིན་ལ་གྲོས་བསྡུར་བྱས་ཏེ། ཞིང་ཨུ་ཧྲུའུ་ཅི་ཝང་ཉིང་གིས་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་ཀྲུང་གུང་ཏང་ཡོན་འགན་འཁུར་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚོགས་འདུའི་ཐོག ད་ལོ་ནི་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་ལ། ཞིང་ཡོངས་ཀྱི་“3815”འཐབ་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། ལོ་བརྒྱད་ནང་འཕེལ་རྒྱས་ཆེན་པོ་བྱུང་བར་སྐུལ་འདེད་གཏོང་བའི་ལོ་འགག་རྩ་ཞིག་ཀྱང་ཡིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དོན་སྙིང་གལ་ཆེན་ལྡན་པས་ཞིང་ཡོངས་མི་དམངས་ཆབ་སྲིད་འཚོ་བ་ཁྲོད་ཀྱི་དོན་ཆེན་ཞིག་རེད་ཅེས་ནན་བཤད་གནང་།
ཚོགས་འདུའི་ཐོག ཧྲུའུ་ཅི་ཝང་ཉིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། “གོ་གནས་གཉིས་”བློ་ལ་འཛིན་པ་དང་“འགན་འཁྲི་གཉིས་”ཡག་པོ་སྒྲུབ་སྟེ། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆབ་སྲིད་ལ་དང་དོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་ཐད་མིག་དཔེ་བསྟན་པ་དང་། འཕེལ་རྒྱས་དོན་གཉེར་དང་ཐབས་ཇུས་ལེགས་པོ་འདོན་པའི་ཐད་མིག་དཔེ་བསྟན། ཏང་གཤིས་ཤུགས་ཆེར་གཏོང་བ་དང་རྩ་དོན་ལ་སྣང་ཆེན་བྱེད་པའི་ཐད་མིག་དཔེ་བསྟན། སྒྲིག་ལམ་སྲུང་བ་དང་སྒྲིག་ཁྲིམས་སྲུང་བའི་ཐད་མིག་དཔེ་བསྟན་པ་བཅས་བྱས་ཏེ་འཐུས་མི་ཡོངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་སྤུས་ཚད་མཐོ་བའི་ངང་ཚོགས་ཆེན་གྱི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་སྟོན།
ཉིན་དེའི་ཕྱིར་དྲོར། བདེ་ཆེན་ཁུལ་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། འདེམས་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཞིང་ཆེན་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མི་འདེམས་ཐབས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་བསྡུར་བྱས།
责任编辑:达瓦只玛 吹批拉姆
- ཁུལ་ནང་ཁུལ་གྱི་མགོ་གཙོ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།
ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་
ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108