中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)

ཁྱབ་བསྒྲགས་དུས་ཚོད་:2026-11-05 10:54:50 འབྱུང་ཁུངས་:香格里拉藏文网
ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་འགན་འཁྲི་བརྟན་དུ་གཏོང་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ངར་གཏོང་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཨུ་(ཏང་ཙུའུ་) ཀྱིས་ཕྱོགས་ཡོངས་ནས་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་གྱི་འགོ་ཁྲིད་ཉིས་བརྩེགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ལྟ་སྐུལ་དེ་ཕྱོགས་གང་ཅིའི་ཐད་ཀྱི་ལྟ་སྐུལ་དང་མཉམ་འདྲེས་གཏིང་ཟབ་དང་ཕན་ནུས་ཆེ་བའི་མཉམ་འགུལ་བྱེད་པར་སྐུལ་འདེད་གཏོང་བ། སྐོར་ཞིབ་ཀྱི་ཕྱོགས་བསྡུས་ལྟ་སྐུལ་གྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས་ཞེས་བཏོན་ཡོད།

འབའ་ལུང་རྫོང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོང་ཅུན་ཅེ་ཡིས་རྫོང་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྫོང་ཨུའི་“ཆུས་གསུམ་དང་ལྟེ་གནས་གཅིག་”གི་འཕེལ་རྒྱས་ངེས་གནས་དང་“3510”ཡི་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགོ་འཛུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་བཙལ་ཏེ་སྤུས་ཚད་མཐོ་བའི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས།ཐོག་མཐའ་བར་གསུམ་དུ་གཞི་གདངས་ནན་པོར་བརྟེན་ནས་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞི་”ཡོ་བསྲང་བྱེད་པ། “རུལ་སུངས་མི་བྱེད་པ་གསུམ་”གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་སྟེ་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་དགོས་ཞེས་གསུངས་པ་རེད།

འབའ་ལུང་རྫོང་ཨུ་སྐོར་ཞིབ་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲོའུ་ལིན་གྱིས་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྲིད་གཙང་ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ལ་དམིགས་ནས་གནད་ལ་འཁེལ་བ་དང་རྒྱུན་རྣམ་ཅན་གྱི་ཆབ་སྲིད་ལྟ་སྐུལ་གཏིང་ཟབ་དང་ཞིབ་ཚགས་བྱས་ཏེ་སྐོར་ཞིབ་རལ་གྲི་རྣོན་པོ་རྒྱུན་མཐུད་ངང་ཕྱིས་པ་དང་བེད་སྤྱོད་ཡག་པོ་བྱས་ནས་སྐོར་ཞིབ་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཡུང་ཁྲུན་ཤང་སྒྲིག་ཨུའི་ཧྲུའུ་ཅི་ཆིན་ཞའོ་མའེ་ཡིས་སྣེ་ཁྲིད་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་“ནམ་ཡང་ལམ་ཐོག་ཏུ་ཡོད་”ཅེས་པའི་འགྱུར་མེད་ཀྱི་ཐོག་ནས་གཞི་གདངས་ནན་པོ་དེ་གྲོང་ཚོ་རིམ་པའི་གཡུལ་ས་མདུན་མར་བརྒྱུད་ཁྲིད་བྱས་ཏེ་ཏང་གཤིས་ལ་བརྟེན་ནས་རང་གནས་ཐུབ་པ་དང་།ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ། ཏང་གཤིས་ལ་བརྟེན་ནས་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་གཞི་རིམ་གྱི་སྤྱོད་གཙང་སྒྲིག་ནན་གྱི་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཏང་གི་རྩ་འཛུགས་རིམ་པ་ཁག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་ཆ་གཙོ་བོ་ཡིན། ངེས་པར་དུ་མ་ལག་ཅན་དུ་འགྱུར་བ་བྱས་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་གོང་འོག་མཉམ་སྡེབ་དང་གནད་ལ་འཁེལ་ཞིང་ལས་ཆོད་ཆེ་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད།

ཝུའེ་ཏེང་ཤང་ཏང་ཨུའི་ཧྲུའུ་ཅི་ལི་ཀྲི་ཅང་གིས་ཡིག་འབྲུ་རེ་རེ་བཞིན་དང་ཇི་མ་ཇི་བཞིན་《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་སློབ་སྦྱོང་བྱས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་དང་། ཏང་ཨུའི་དོན་གྲོས་ལམ་སྲོལ་དང་ཇུས་ཐག་གཅོད་རིམ་འཐུས་ཚང་དུ་གཏོང་བ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག་”གི་ལམ་སྲོལ་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེའི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས་ནས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། བརྟན་ལྷིང་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཏང་གཤིས་ཏང་སྲོལ་ཏང་ཁྲིམས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས་ཞེས་གསུངས་པ་རེད།

འབའ་ལུང་རྫོང་ཨུ་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་ལི་ཅེ་ཡིས་རྫོང་ཨུ་རྩ་འཛུགས་པུས་བྱ་ཐབས་ངོ་མའི་ཐོག་ནས་ཏང་གི་རྩ་འཛུགས་མ་ལག་ཚགས་ཚུད་དུ་བཏང་སྟེ་དྲ་མིག་དང་ཐོན་ལས་སྦྲེལ་ཐག་ཐོག་ཏང་ཀྲི་པུའུ་སྟོབས་ཆེར་བཏང་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་བྱས་ནས་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།གཞི་གདངས་ནན་པོར་བརྟེན་ནས་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱ་རྒྱུ་དམ་འཛིན་ཏན་ཏིག་དང་། རྒྱ་ཆེའི་ཏང་ཡོན་ལ་ཏང་གཤིས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་འགྱུར། མིག་དཔེ་སྟོན་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་ཏང་གི་རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་བཅོས་སྐྱོང་གི་ཕན་ནུས་སུ་ཏན་ཏིག་བསྒྱུར་དགོས་ཞེས་གསུངས་པ་རེད།

འབའ་ལུང་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཅུས་ཀྲང་ཆིན་ཁྲུན་མའེ་ཡིས་གཞི་གདངས་ནན་པོའི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་དང་རྫོང་དང་ཤང་གི་སྨན་བཅོས་སྒྲིག་གཞིའི་ཏང་འཛུགས་སྐྱོང་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་ཏང་གི་འགོ་ཁྲིད་དེ་སྨན་བཅོས་སྒྲིག་གཞི་འཛུགས་སྐྱོང་དང་ཐོན་ཁུངས་གཤམ་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་དང་། ཏང་འཛུགས་སྐྱོང་གིས་སྨན་བཅོས་ལས་སྒོ་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལག་བསྟར་ཇུས་གཞི་ཞིབ་འཇུག་དང་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དཔྱད་ཞིབ་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་། སྨན་པའི་ཀུན་སྤྱོད་ལེགས་སྐྱོང་། ལས་རིགས་ཀུན་སྤྱོད་ལེགས་སྐྱོང་བཅས་ལྷུ་ཚིགས་ཁག་ཏུ་འདྲེས་པར་བྱེད་པ། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་དངོས་དོན་སྒྲུབ་པར་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

འབའ་ལུང་རྫོང་སྲིད་དོན་ཞབས་ཞུ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོང་ཅན་ཧྭ་ཡིས་སྐར་ཁུང་གི་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་ཁག་འགན་ཕར་དཀྲི་ཚུར་དཀྲི་དང་ལས་དོན་ནར་འགྱངས་བྱེད་པ་དང་ཞབས་ཞུའི་རྣམ་འགྱུར་ཡག་པོ་མེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པ་དང་ཐོག་མའི་འདྲི་རྩད་འགན་འཁུར་དང་ཐེངས་གཅིག་རང་བཞིན་གྱི་གསལ་བརྡ་གཏོང་བ་དང་ཚབ་སྒྲུབ་བྱེད་རོགས་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ་“དཔྱད་བསྡུར་ལེགས་པོ་དང་ཞན་པའི་”ལམ་སྲོལ་ཡག་པོ་སྤྱད་དེ་མང་ཚོགས་ཀྱི་གདེང་འཇོག་ལ་བརྟེན་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ལ་ཞིབ་དཔྱད་བྱེད་པ་དང་།ཚོང་ར་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་བཅོལ། གཏན་ཚུགས་ནོར་རྫས། ཐེམ་ཐོ་སོགས་འགུལ་ཚད་མཐོ་བའི་དམངས་འཚོའི་དོན་དག་ལ་དམིགས་ཏེ། “དོན་དག་རེ་རེ་བཞིན་སྒྲུབ་པ་”དང་“ཞིང་ཆེན་བརྒལ་ནས་སྒྲུབ་པ་”སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཐོན་ཁུངས་གཞི་རིམ་དུ་གཤམ་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ། དྲ་ཐོག་སྟབས་བདེ་དང་དྲ་འོག་རྒས་འགྱུར་འཚམ་པ་དང་དབང་པོ་སྐྱོན་ཅན་དུ་འགྱུར་བར་འཚམ་པའི་ཞབས་ཞུར་ལྟ་རྟོག་བྱེད་པ། ཀུན་ཕན་མཐའ་སྐྱོང་གི་དམངས་འཚོའི་ཞབས་ཞུ་ལེགས་པར་སྒྲུབ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཁེ་ལས་ཀྱི་“མཐའ་མའི་སྤྱི་ལེ་གཅིག་”ཤར་བགྲོད་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཕན་ཐེན་ཀོ་ཤང་ཤིན་ལེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སུང་ཅང་ཆིང་གིས་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག་”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་རྒྱུན་གཏན་དོ་དམ་ཁྲོད་དོན་འཁྱོལ་བྱས་ནས་བསམ་བློའི་སྟོབས་ཤུགས་དེ་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཏུ་གོང་བུ་འགྲིལ་བ་དང་། ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་དང་ད་ཡོད་ཀྱི་འཕེལ་རྒྱས་རྨང་གཞིར་གཞི་ཚུགས་ཏེ་ཕྱོགས་མང་བ་དང་རིམ་པ་དེ་བས་ཟབ་པའི་ཞིང་འབྲེལ་ཞིང་ཁྲིད་ཀྱི་བྱ་ཐབས་དང་ཐབས་ལམ་འཚོལ་ཞིབ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཏང་ཡོན་གྱིས་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ཁྲོད་ཐོབ་ཐང་གསལ་སྟོན་དང་གདོང་ལེན་པ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།

ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)

ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།

ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།

བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com