中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་ཀྱི་རོལ་དབྱངས་དཀྲོལ་ནས་རིག་གནས་ཀྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་དགོས།-2025ལོར་བདེ་ཆེན་ཁུལ་གྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཕྱོགས་བསྡུས་ཀྱི་སྒྲིལ་གླེང་།

རྩོམ་པ་པོ་:此里只玛 ཁྱབ་བསྒྲགས་དུས་ཚོད་:2026-01-28 21:24:37 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འཆར་འགོད་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ།     ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་ལོ་གསུམ་ནང་རྐས་རིམ་སྤོ་བ་མངོན་འགྱུར་བྱེད་པའི་ལོ་ཞིག་ཀྱང་ཡིན།   ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགསདགོངས་པ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ།     ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོད་རྒྱུ་དེ་གཙོ་རྐང་དུ་བྱེད་པ་དང་།     “བློ་སྦྱོང”ལས་གྲྭ་ཕྱོགས་སྟོན་དུ་བྱས་ཏེ།    ཁུལ་ཡོངས་ཀྱིས“འགྲན་སློང་བཞི་ལ”ལ་ཁ་གཏད་ནུས་ལྡན་དང་།     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད་བདེ་ཆེན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་བསམ་བློའི་འགན་ལེན་བརྟན་པོ་དང་།     བསམ་པའི་སྟོབས་ཤུགས་སྟོབས་ཆེན།     རིག་གནས་ཆ་རྐྱེན་ལ་ཕན་པ་བཅས་མཁོ་འདོན་བྱས་ཡོད།  

རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་སུ་འཇུག་དགོས། 

རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བཟུང་ནས།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པར་སྐུལ་འདེད་བཏང་བ།

ལོ་གཅིག་རིང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་གཅིག་སྡུད་ཀྱི་སློབ་སྦྱོང་ཐེངས11དང་། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད་》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཞུགས་མོལ་ཚོགས་འདུ་སོགས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་གསར་གཏོད་སྐོར་གྱི་རིགས་པའི་གཞུང་ལུགས་དེ་“གཏིང་ཟབ་པའི་སློབ་སྦྱོང་”ནས“ཏན་ཏིག་སྤྱོད་པའི”ཕྱོགས་སུ་གཏིང་ཟབ་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད།    

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། རང་ཁུལ་གྱིས་མགྱོགས་མྱུར་ངང་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་“མདུན་སྐྱོད་བདུན་”གྱི་སྒྲོག་འགྲེལ་སྤེལ་བ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་དཔར་འགྲེམ་བྱས་ཏེ་སློབ་སྦྱོང་འཆར་གཞི་བཀོད་ནས་ལས་བྱེད་པ་དང་མང་ཚོགས་ཁྲོད་སློབ་སྦྱོང་གི་ཚ་རླབས་འཕྱུར་བྱུང་།  ཕུལ་བྱུང་གི་སྒྲོག་འགྲེལ་བརྩམས་ཆོས་9བསྡུ་རུབ་བྱས་པ་དང་འབྲེལ་ཞིང་ཆེན་རིམ་པར་གོང་ཞུ་བྱས་པའི་ནང་ཁག་2ལ་གཟེངས་བསྟོད་ཐོབ་པ་རེད།རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུར་དམིགས་ནས་དྲིལ་བསྒྲགས་གློག་བརྙན་4པར་ལེན་བྱས་ཏེ་རིགས་པའི་གཞུང་ལུགས་ཁྱབ་སྤེལ་བྱ་རྒྱུར་དེ་བས་ཡིད་དབང་འགུག་ནུས་ལྡན་པར་བྱས་ཡོད། 

བདེ་ཆེན་ས་མཐོའི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་དང་། ཉིན་དཀར་ཐོན་སྐྱེད་ལ་བྲེལ་བའི་དངོས་ཡོད་དམིགས་ནས།རང་ཁུལ་གྱིས་“སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་ཡོང་བར་ང་ཡོད——ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ”བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ།“དྲིལ་བསྒྲགས་དང་སློབ་གསོ་གློག་བརྙན་+གློག་བརྙན་+རིག་རྩལ་དང་འཁྲབ་སྟོན་+དམངས་ཕན་ཞབས་ཞུ”སོགས་རྣམ་པ་སྣ་མང་ཐོག་ནས་འབུ་རི་རུ་སྦྲ་གུར་མཚན་མོའི་སློབ་གྲྭ་སོགས་སྤེལ། རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་1911བྱས་པར་མི་ཐེངས་ཁྲི་15.42ལྷག་ཙམ་ཟིན་ནས་གྲོང་མིའི་ཚོགས་ཆུང་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།

ཤེས་དཔལ་སྲོལ་གསར་སྐྱེད་སྲིང་བྱས་ནས་དགེ་སྒྲུབ་སྟོབས་ཤུགས་ས་མཐོར་ཁྱབ་པར་བྱེད་དགོས།

ལོ་གཅིག་རིང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གྱི་གསར་བཟོ་ལ་གྲུབ་འབྲས་གཡུར་དུ་ཕྱིན་པ་སྟེ། གྲོང་ཚོ་དང་གྲོང་རྡལ་3རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཚོ་དང་གྲོང་རྡལ་དུ་བདམས་པ་དང་།     སྡེ་ཚན་2རྒྱལ་ཡོངས་ཀྱི་དཔལ་ཡོན་ཚན་པར་བདམས་པ།     ཁྱིམ་ཚང་1རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་དུ་བདམས་པ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་ཤེས་དཔལ་མིང་འདོན་གྲོང་ཁྱེར་དུ་འོས་སྦྱོར་བྱས་པ་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་སྲོལ་གཏོད་ཀྱི་མིང་འདོན་བྱ་ཡུལ་35གོང་ཞུ་བྱས་པས་ཤེས་དཔལ་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་ཡོད། 

དཔེ་མཚོན་སྣེ་ཁྲིད་ཀྱིས་ཚད་ཤིང་འཛུགས་དགོས། 2025ལོར་"བདེ་ཆེན་གྱི་མི་བཟང་"40དཔྱད་འདེམས་བྱས།ཡུས་ཅན་ཧྭ་ནི་2025ལོའི་“ཀྲུང་གོའི་མི་བཟང་”ཁག་དང་པོའི་ནང་བདམས་པ་དང་།     བློ་བཟང་ཆོས་གྲགས་སོགས་མི་3དང་དེ་བཞིན་ཚོགས་པ་1“ཡུན་ནན་གྱི་མི་བཟང་”དང“དུས་རབས་གསར་པའི་ཡུན་ནན་གྱི་གཞོན་ནུ་བཟང་བོར”བདམས་ཡོད།   

དཔེ་ཀློག་ལ་བརྟེན་ནས་སེམས་གསོ་བ་དང་དཔེ་ཆའི་དྲི་ཞིམ་ལ་བརྟེན་ནས་བླ་སྲོག་སྐྲུན་པ། རང་ཁུལ་གྱིས་མཐོ་སྒང་གི་དོན་དངོས་གཞིར་བཟུང་།“མི་གཅིག་ལ་དཔེ་དེབ་རེའུ་མིག་གཅིག”གི་གནད་ལ་འཁེལ་བའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ནས་དྲ་ཐོག་དང་དྲ་འོག་མཉམ་འགུལ་གྱི“འདོད་མོས་དཔེ་དེབ་རེའུ་མིག”སྤྲིན་རྩིས་ལས་སྟེགས་འཛུགས་ཡོད། ལོ་ཧྲིལ་པོར་མང་ཚོགས་1451ལ་དཔེ་ཀློག་གི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་སྲིད་ཇུས་རིགས་པའི་གཞུང་ལུགས་དང་།     ཞིང་འབྲོག་ཚན་རྩལ། བྱིས་པའི་དཔེ་དེབ།     རིག་གནས་གསུང་རབ་སོགས་རིགས་ཀྱི་དཔེ་དེབ་3000ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།    

ཤེས་དཔལ་ལག་ལེན་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ།ཁུལ་ཡོངས་ཀྱིས་གྲོང་གསེབ་ཀྱི་"ཁྱིམ་བདག་གི་མཚན་མོའི་སློབ་གྲྭ"དང་ཤེས་དཔལ་ཚོང་འདུས་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཐེངས་2800་ལྷག་ཙམ་སྤེལ་བ་རེད།གོམས་སྲོལ་སྒྱུར་བའི་ཆེད་དོན་བྱ་སྤྱོད་ཀྱི་ལས་འགན་གསལ་ཐོ་བཟོས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤང་སྲོལ་ཤེས་དཔལ་དྲིལ་བསྒྲགས་ཁྲིད་སྟོན་བྱས་པ་རེད།དུས་ཚིགས་རང་བཞིན་གྱི་གནོད་འཚེའི་མདུན་དུ་གནམ་གཤིས་དང་ས་གཤིས་གནོད་འཚེའི་སྔོན་ཚུད་ཉེན་བརྡ་དང་འཕྲལ་སྡོམ་ཚན་རིག་ཁྱབ་གདལ་ཆ་འཕྲིན་4200ལྷག་ཙམ་ཁྱབ་བསྒྲགས་བྱས་ནས། མང་ཚོགས་469སྤོ་སྒྱུར་བྱེད་པར་རོགས་རམ་བྱས་པ་དང་འབྲེལ་ཡོད་བྱེད་སྟངས་ལ་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་བརྡ་ཁྱབ་ཁྱབ་བསྒྲགས་གྱི་བསྔགས་བརྗོད་ཐོབ།    

གཙོ་རྒྱུན་གླེང་ཕྱོགས་ཆེ་རུ་བཏང་ནས།བདེ་ཆེན་གྱི་སྐད་སྒྲ་དེ་བས་ཆེ་བ་དང་དེ་བས་རྒྱང་རིང་དུ་གྲགས་ཐུབ་པ་བྱེད་དགོས།

ལྟེ་བའི་ལས་དོན་ལ་དམིགས་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས།ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་ཡུལ་གྱིས་ནང་དོན་གལ་ཆེན་དང་།མཉམ་འདྲེས་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།གཙོ་རྒྱུན་གླེང་ཕྱོགས་ཀྱི་གཡུལ་ས་སྲ་བརྟན་དང་སྟོབས་ཆེན་བཏང་བ། 

ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་སྨྱན་སྦྱོར་མཉམ་འདྲེས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།《བདེ་ཆེན་ཉིན་རེའི་ཚགས་པར》(བོད་ཡིག་པར་གཞི་ཚུད་ཡོད)དང་། བདེ་ཆེན་ཕྱོགས་བསྡུས་འཕྲིན་ལམ།    བདེ་ཆེན་ཁྱབ་བསྒྲགས་སོགས་ཐོན་ཁུངས་སྡེབ་སྒྲིལ་བྱས་ནས། ཇུས་འགོད་དང་འཚོལ་སྒྲིགའགྲེམས་སྤེལ།སྒྱུར་སྐྲུན་སོགས་ཀྱི་སྦྲེལ་ཐག་ཧྲིལ་པོའི་མ་ལག་འཛུགས་ནས། ཟླ་11ཚེས་28ཉིན་བདེ་ཆེན་མཉམ་འདྲེས་སྨྱན་སྦྱོར་ལས་སྟེགས་དང་།སེམས་ཀྱི་ཉི་ཟླའི་དྲ་བ་དང་སྤྱོད་སྣེ་བཅས་རྣམ་པ་གསར་བ་ཤར་གཏོང་བྱས་པ་དང་།ཀུན་འདུས་སྨྱན་སྦྱོར་གྱི་ཁྱབ་སྤེལ་རྣམ་པ་ཞིག་ཆགས་ནས་ཐོ་ཁོངས་ཨང་རྟགས་རབ་དང་རིམ་པའི་ལོ་འཁོར་གྱི་འཕར་སྣོན་བྱུང་ཚུལ་ལ་དོ་ཁུར་བྱེད་མཁན་མི་3256ཟིན་ནས་“དངོས་ཁམས་མཉམ་སྡེབ”ནས“རྫས་འགྱུར་མཉམ་འདྲེས”བར་གྱི་འགག་རྩའི་མཆོང་སྐྱོད་བྱུང་ཡོད།

རིག་གནས་བྱ་གཞག་དར་རྒྱས་བཏང་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་འཕེལ་རྒྱས་ཡོང་བ་བྱེད་དགོས།

རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན།རང་ཁུལ་གྱིས་སྲུང་སྐྱོང་དང་རྒྱུན་འཛིན་མཉམ་དུ་གཙིགས་སུ་འཛིན་པ་དང་གསར་གཏོད་དང་འཕེལ་རྒྱས་མཉམ་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”གསེར་གྱི་བྱང་བུ་རྒྱུན་ཆད་མེད་པར་ཇེ་གསལ་དུ་གཏོང་དགོས།

རིག་གནས་ལ་བརྟེན་ནས་སྟོབས་ལྡན་ཁུལ་འཛུགས་སྐྱོང་ལས་འགན་གྱི་གསལ་ཐོ་པར་འགྲེམས་བྱས་ནས་གཙོ་གནད་ལས་འགན་ཁག་46ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ཁ་གསལ་བཟོས་པ་དང་།རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་གོ་རིམ་ལྡན་པའི་ངང་བྱས་ནས“ཡོངས་བཤེར་གསུམ”གྱི་རིག་དངོས་བསྐྱར་བཤེར་ཁག་299དང་གསར་དུ་རྙེད་པའི་རིག་དངོས་ཕྱིའི་ལས་རིགས་བརྟག་དཔྱད་ཁག་105ལེགས་སྒྲུབ་བྱས་པ། 《བདེ་ཆེན་ཁུལ་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཕྱོགས་བསྡུས་གྲུབ་འབྲས་གདེང་འཇོག་མ་ལག》བཟོས་པ་དང་།ཁུལ་རིམ་པའི་མཉམ་འདྲས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་ཟིན་པ།རྫོང(གྲོང་ཁྱེར)གསུམ་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ལོ་ཧྲིལ་པོའི་དྲིལ་བསྒྲགས་གནད་དོན་གཙོ་བོ་ཇུས་འགོད་བྱ་རྒྱུར་མཛུབ་ཁྲིད་བྱས་པ།རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བཅས་རེད།

རིག་རྩལ་མཁས་པས་“བརྒྱད་སྐྱོད་”དང་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་“གཤམ་སྐྱོད་གསུམ་”སོགས་དམངས་ཕན་བྱེད་སྒོ་ཐེངས་120ལྷག་ཙམ་སྤེལ་བ་དང་རིག་གནས་ཞབས་ཞུ་སྤུས་ལེགས་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ཡོད།འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་གསར་གཏོད་དང་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་རྣམ་གྲངས་ལག་བསྟར་བྱས་པ་དང་།སྨྱན་སྦྱོར་གསར་པའི་ཐོན་རྫས་དུས་ཐེངས་10བརྙན་ཕབ་བྱས་པ།མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་4ཁག་གཉིས་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དུ་བདམས་པ།ཞིང་ཆེན་རིམ་པའི་རིག་རྩལ་གསར་རྩོམ་རོགས་སྐྱོར་རྣམ་གྲངས་5འོས་སྦྱོར་བྱས་པ་དང་།ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་ཆེད་དམིགས་རོགས་སྐྱོར་མ་དངུལ་རྣམ་གྲངས་8འདུན་ཞུ་བྱས་པ།རིག་གནས་ཁེ་ལས་2ལེགས་གྲུབ་ངང་གཞི་རིམ་དུ་བསྒྱུར་བ།རིག་གནས་དང་ལུས་རྩལ།རོལ་རྩེད་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་15%འཕར་བ་རེད།སྐབས་ཉེར་གསུམ་པའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཉམ་ལས་ཚོགས་འདུའི་ཐོག་བརྩམས་ཆོས་10ལ་བྱ་དགའ་ཐོབ་པ་དང་བརྩམས་ཆོས་5ལ་ཡུན་ནན་གསར་འགྱུར་བྱ་དགའ་ཐོབ་པ་མ་ཟད།བརྩམས་ཆོས་སྤུས་ལེགས་ཀྱི་འབྲས་བཟང་གཡུར་དུ་ཟ་བ་ཐོབ་ཡོད།

རྐང་འཛིན་དཔུང་ཁག་སྟོབས་ལྡན་བསྐྲུན་ནས་ལས་ཀའི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ།

ཤེས་ལྡན་མི་སྣ་ནི་ལས་དོན་བྱ་གཞག་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་པས་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བསམ་བློ་ཡི་རིག་གནས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེའི་སྒོ་ནས་དྲིལ་བསྒྲགས་བྱས་ཏེ།     དཔུང་ཁག་སྟོབས་ཆེའི་ཐོག་ནས་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་ལ་འདེགས་སྐྱོར་བྱས་ཡོད།    

ལོ་གཅིག་རིང་ཁུལ་ཡོངས་ཀྱིས་ཡུན་ནན་དར་རྒྱས་ཀྱི་ཤེས་ལྡན་མི་སྣ་རྒྱབ་སྐྱོར་འཆར་གཞིའི་རིག་རྩལ་ཤེས་ལྡན་མི་སྣ་ཆེད་དམིགས་3དང་།    རིམ་པ་མཐོ་བའི་མི་སྣ་དང་འཕྲལ་དུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་1 ནང་འདྲེན་བྱས།  ཞུ་འབུལ་ཡིག་ཐོག་སྙན་ཞུས་ནས་ཡུན་ནན་ཞིང་ཆེན་གྱི་རང་ཡུལ་རིག་གནས་ཤེས་ལྡན་མི་སྣ་512ཁ་གསབ་བྱས་ནས་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་ཡོད།    

ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག།     གླེང་ཚུལ་ལ་ཁ་གཏད་གཅོག་པ་དང་འདུ་ཤེས་འཛིན་སྟངས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་མི་ཐེངས་200ལྷག་ཙམ་ཁྱབ་པ།     “ཆགས་སྲོག་གཙང་སེལ་དང་ཁྲིམས་འགལ་རྡུང་རྡེག་”དང་གསར་འགྱུར་དཔེ་སྐྲུན་པར་དབང་ལས་སྒོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློ་ཆབ་སྲིད་སློབ་གསོ་གསོ་སྦྱོང་འཛིན་གྲྭ་འཛུགས་ནས་དཔུང་ཁག་གི་ཆེད་ལས་བྱང་ཚད་ཏན་ཏིག་མཐོར་འདེགས་གཏོང་བ།བརྒྱུད་བགྲོད་གྱིས་སློབ་གསོ་དང་།     “ལོ་རྒྱུས་ལྔའི”སློབ་གསོ། ལོ་ན་གཞོན་པའི་ལས་བྱེད་པ་བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱོད་གཙང་རང་འདོམས་ཀྱི་བསམ་བློའི་ཉེན་ཟོན་སྲ་བརྟན་དུ་བཏང་བ་དང་།སྤྱོད་གཙང་ལ་བརྩི་བཀུར་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་པ།རྒྱུན་མཐུད་གྱིས་ཆབ་སྲིད་བློ་བརྟན་འགྱུར་མེད་དང་།ནུས་པ་ཆེ་བ།དོན་དངོས་འཚོལ་ཞིབ་དང་གསར་གཏོད་བྱེད་པ།དམག་འཁྲུག་རྒྱལ་ཁ་ཐོབ་ཐུབ་པ་བཅས་ཀྱི་དྲིལ་བསྒྲགས་དང་བསམ་བློ་ལས་དོན་དཔུང་ཁག་བསྐྲུན་པ་རེད།2026ལོ་ནི“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན།ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རིམ་བྱུང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས།ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ།ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་བོར་བཟུང་ནས།སེམས་གསོ་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་།གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་།རིག་གནས་ཀྱིས་མི་སྐྱེད་སྲིང་བྱེད་པ།གཟུགས་བརྙན་འགྲེམས་སྟོན།ཁྲིམས་ལུགས་ཁྱབ་གདལ་དང་རྨང་གཞི་བརྟན་པོ།ཤེས་དཔལ་སྐྱེད་སྲིང་།དྲ་རྒྱ་བཅོས་སྐྱོང་གནད་ལ་འཁེལ་བ་དང་ནུས་པ་འདོན་པ།རྒྱུན་མཐུད་འགག་སྒྲོལ་བཅས་དམ་འཛིན་བྱས་ནས།ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་པར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

责任编辑:达瓦只玛 吹批拉姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས།

དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་ཀྱི་རོལ་དབྱངས་དཀྲོལ་ནས་རིག་གནས་ཀྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་དགོས།-2025ལོར་བདེ་ཆེན་ཁུལ་གྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཕྱོགས་བསྡུས་ཀྱི་སྒྲིལ་གླེང་།

བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་།

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བདེ་ཆེན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་དང་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཡིང་མེང་ཅ་ཉན་ཧྭ་རིག་གནས་ཐོན་ལས་འཕེལ་རྒྱས་(ཝུན་ཀྲུའུ)ཚད་ཡོད་ཀུང་སི་དང་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་གཉིས་ཀྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཚེས་24ཉིན་སྤེལ་རྒྱུ་རེད།

ལུའོ་ཁྲའོ་ཧྥེང་གིས་ཆེད་མཁས་ཤེས་ལྡན་པ་དང་གཟིགས་སྐྱོང་བྱ་ཡུལ་གཙོ་བོར་འཚམས་འདྲི་གནང་བ།

ཁུལ་སྐབས་བཅུ་བཞི་བའི་མི་དམངས་སྲིད་གཞུང་གི་ཚང་འཛོམས་(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com