ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས།

ཟླ་1པོའི་ཚེས་28ཉིན། ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་ཁུལ་ཨུའི་སྙན་ཞུ་ཐིང་དུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་དེ་དུས་རིམ་རྗེས་མའི་ཁུལ་ཡོངས་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་གཙོ་བོ་བཀོད་སྒྲིག་བྱས། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་མཆན་བཀོད་མཛུབ་སྟོན་གནང་།
ཁུལ་ཨུ་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁུལ་ཨུ་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཀྲི་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ལས་དོན་བཀོད་སྒྲིག་གནང་།
ལུའོ་ཁྲའོ་ཧྥེང་གིས་མཆན་བཀོད་མཛུབ་སྟོན་ནང་། 2025ལོར། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་སྟོན་དམ་འཛིན་བརྟན་པོ་བྱེད་དེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གཙོ་དོན་བྱས་ནས། “བློ་སྦྱོང་”ལས་གྲྭ་དམ་འཛིན་ས་བྱེད་ཅིང་བསམ་བློ་གཅིག་གྱུར་དང་གཅིག་མཐུན་གཅིག་སྒྲིལ་བྱེད་དེ། ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་བློ་རིག་གནས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།2026ལོར། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐའ་ཕྱིན་བྱེད་དགོས། རྒྱལ་ཡོངས་དང་ཞིང་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་ལས་དོན་བླང་བྱ་ལྟར། རྒྱུན་མཐུད་ངང་“བློ་སྦྱོང་”ལས་གྲྭ་གཏིང་ཟབ་ཏུ་བཏང་སྟེ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་སྐུལ་འདེད་བཏང་ནས།“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་”འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་བརྟན་པོ་སྤོ་པ་ལ་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་བྱེད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཞིབ་འཇུག་དང་དྲིལ་བསྒྲགས་འགྲེལ་བཤད་གཏིང་ཟབ་ཏུ་གཏོང་བ་དང་། བསམ་པའི་ཆབ་སྲིད་སྣེ་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སར་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། དྲ་རྒྱ་སྐྱེ་ཁམས་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་། དཔལ་ཡོན་གསོ་སྐྱོང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་སྐྲུན་མཐུན་སྦྱོར་སྟོབས་ཤུགས་འདོན་པར་སྐུལ་འདེད་ཏན་ཏིག་གཏོང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་དྲིལ་བསྒྲགས་ལས་དོན་རུ་ཁག་བསྐྲུན་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་གཏོད་ཆེད་བྱས་རྗེས་ཆེན་པོ་ཕུལ་དགོས་ཞེས་བསྟན།
ཚོགས་འདུའི་ཐོག ཁུལ་ཡོངས་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་རང་འགུལ་ངང་བསམ་བློ་གཏོང་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཚན་རིག་ནང་དོན་དང་ལག་ལེན་བླང་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་དེ། ནན་ཏན་ངང་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཡག་པོ་སྒྲུབ་པར་ཤུགས་སྣོན་རྒྱག་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་“གཏན་འཁེལ་གཉིས་”བརྩི་སྲུང་བྱས་པ་དང་“འགན་སྲུང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས། ཡིད་ཆེས་མཐོ་རུ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དེ། མིག་སྔའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་གནས་བབ་དང་ལས་འགན་ཁོང་དུ་ཆུད་ནས། རྒྱུན་མཐུད་ངང་“རིགས་པའི་གཞུང་ལུགས་དྲག་ཆས་”དང་“རིག་གནས་ཀྱིས་མི་གསོ་སྐྱོང་བྱས་པ།”“གཟུགས་བརྙན་སྟོན་པ།”“ཁྲིམས་ལུགས་ཁྱབ་གདལ་བཏང་ནས་རྨང་གཞི་སྟོབས་ཆེར་གཏོང་བ།”“དཔལ་ཡོན་གསོ་སྐྱོང་།”“དྲ་རྒྱ་བཅོས་སྐྱོང་”བཅས་ཀྱི་ལས་གྲྭའི་སྤུས་འབྲས་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ།“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ནུས་པ་ཆེ་རུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་དེ། དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་མངའ་ཁོངས་ལས་ཀའི་ལམ་ལུགས་ནང་རྐྱེན་ཁག་བཅུ་གསུམ་འཛུགས་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས། ཏང་གིས་དྲིལ་བསྒྲགས་དོ་དམ་བྱས་པ་དང་ཏང་གིས་འདུ་ཤེས་འཛིན་སྟངས་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་དོ་དམ་བྱེད་པ། ཏང་གིས་དྲ་སྦྲེལ་དོ་དམ་བྱེད་པ་བཅས་ཀྱི་རྩ་དོན་དེ་ལས་ཀའི་ཕྱོགས་ཁག་གི་བརྒྱུད་རིམ་ཡོངས་སུ་ཁྱབ་ནས། ཏང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་འགོ་ཁྲིད་བྱས་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་སྟོན།
ཁུལ་དཔོན་གཞོན་པ་ལིན་ཧོའུ་ཚོགས་འདུ་རུ་ཞུགས།
责任编辑:达瓦只玛 吹批拉姆
- ཁུལ་ནང་ཁུལ་གྱི་མགོ་གཙོ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།
ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་
ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108