中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་དུ་སྡོད་པའི་ཞིང་ཆེན་དམངས་ཆེན་འཐུས་མི་རྣམས་ཀྱིས་མྱོང་ཚོར་བཤད་པ་དང་འཕེལ་རྒྱས་གླེང་། 

རྩོམ་པ་པོ་:何帝龙 戴严 ཁྱབ་བསྒྲགས་དུས་ཚོད་:2026-01-29 14:24:35

ཟླ་1་པོའི་ཚེས་28ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ཁུན་མིང་དུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས། མི་དམངས་ཀྱི་མངགས་བཅོལ་འཁུར་ནས་བདེ་ཆེན་ཁུལ་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཞིང་ཆེན་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བའི་ཞིང་ཆེན་དམངས་ཆེན་འཐུས་མི་རྣམས་དང་མཉམ་འཛོམས་བྱས་ཏེ། འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་དང་མདུན་དུ་སྐྱོད་པའི་ཐབས་ཇུས་ཐུན་མོང་ཐོག་གྲོས་མོལ་བྱས།    

བཅར་འདྲི་དང་ལེན་བྱེད་སྐབས་འཐུས་མི་རྣམས་ཀྱི་སེམས་ནང་སྤྲོ་སྣང་ཆེན་པོ་བྱུང་ནས་མྱོང་ཚོར་ཆེན་པོ་ཐེབས། 

图片
ཞིང་ཆེན་དམངས་ཆེན་གྱི་འཐུས་མི། འབའ་ལུང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་མདོ་འཛིན་པ་རིམ་པ་དང་པོ་ཧའོ་ཚང་ཡིང་གིས།

སྲིད་གཞུང་ལས་དོན་སྙན་ཞུའི་ནང་འདས་ཟིན་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། ད་དུང་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་པོ་ཚུགས་པར་འཕེལ་རྒྱས་ཀྱི་དམིགས་འབེན་གསལ་པོ་སྟོན་ཡོད་དེ། ང་ཚོར་མདུན་དུ་བསྐྱོད་པའི་ཁ་ཕྱོགས་གསལ་པོ་སྟོན་ཡོད། སྙན་ཞུའི་ནང་ཞིང་ཆེན་ནང་གི་སྨྱན་སྦྱོར་གཙོ་བོ་བསྒྱུར་བཅོས་རབ་དང་རིམ་པ་བྱས་པར་སྐུལ་འདེད་གཏོང་དགོས་ཞེས་འདོན་ཡོད་པས། རྫོང་རིམ་པའི་སྨྱན་སྦྱོར་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་གསར་གཏོད་བྱས་པའི་ཐད་རོགས་སྐྱོར་མང་པོ་ཐོབ་པའི་རེ་བ་ཡོད་ཅེས་བཤད།

སྨྱན་སྦྱོར་པ་ཞིག་ཡིན་པས་ངས་རང་གི་ལས་གནས་ལ་གཞིགས་ཚུགས་ཏེ། ཧུར་ཐག་ངང་དྲིལ་བསྒྲགས་འགྲེལ་ཀློག་དང་ངོས་འཛིན་གཅིག་མཐུན་ཀྱི་འགན་འཁྲི་འཁུར་ནས། གྲོས་ཚོགས་ཀྱི་དགོངས་དོན་གནད་ལ་འཁེལ་ཞིང་གསོན་ཉམས་དོད་པའི་སྒོ་ནས་གསར་འགྱུར་གནས་ཚུལ་སྤེལ་བར་བསྒྱུར་རྒྱུ་ཡིན།    སྤྱི་ཚོགས་ལས་རིགས་ཁག་ཏུ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྒྱུད་སྤྲོད་བྱས་པ་དང་སྲིད་ཇུས་ཀྱི་ནང་དོན་འགྲེལ་ཀློག་བྱ་རྒྱུ། དེ་དང་ཆབས་ཅིག ངས་ཞིང་ཆེན་དམངས་ཆེན་འཐུས་མིའི་ཐོབ་ཐང་ལ་བརྟེན་ནས། སྙན་ཞུའི་ནང་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་དང་དམངས་འཚོས་དོ་ཁུར་ཆེ་བའི་གནས་ཚུལ་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་སྤེལ་བ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། ནན་ཏན་ངང་འཐུས་མིའི་འགན་འཁྲི་ཡག་པོ་འཁུར་ཏེ། ཏང་ཨུ་དང་སྲིད་གཞུང་། མི་དམངས་མང་ཚོགས་བར་གྱི་ཟམ་པ་ལྟ་བུའི་འགན་འཁུར་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ས་ཁུལ་འཕེལ་རྒྱས་ཡོང་བའི་ལེའུ་གསར་པ་གཏོད་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

图片

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། རྒྱལ་ཐང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་རམས་པ་གཞོན་པ་ཝང་ཞི་ཅོན་གྱིས། 

ཞིང་དཔོན་ཝང་ཡུས་པའོ་ཡིས་གནང་བའི་སྲིད་གཞུང་ལས་དོན་གྱི་སྙན་ཞུར་ཉན་ཡིན། སྙན་ཞུའི་ནང་སྟོན་པའི་ལས་ཞུགས་བརྟན་པོ་དང་འགན་ལེན་ལ་ཤུགས་སྣོན། ཞབས་ཞུ་སྤུས་ལེགས་སོགས་ཀྱི་དོན་དངོས་བྱ་ཐབས་དེ་མང་ཚོགས་དང་འབྲེལ་བ་ཆེན་པོ་ཡོད། འདི་ཡིས་མི་དམངས་ལ་ཞབས་འདེབས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡག་པོ་མངོན་འདུག་ཅེས་བཤད།

དུས་རིམ་རྗེས་མར་ངས་མུ་མཐུད་ནས་གཞི་རིམ་སྨན་བཅོས་ལས་ཀའི་ལས་གནས་ལ་གཞིགས་ཚུགས་ནས། གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་ནན་མོ་བྱེད་དེ། གྲོང་གསེབ་ཀྱི་རྒན་གསོའི་ཁྱབ་ཁོངས་ཀྱི་གནད་དོན་ལ་དམིགས་ནས། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་ལག་བསྟར་བྱེད་མཁན་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་བའི་ལས་བྱེད་པ་ སྨན་བཅོས་དང་རྒན་གསོ་མཉམ་འདྲེས་བྱས་པའི་སྐུལ་འདེད་གཏོང་མཁན་བྱས་ནས། བྱ་ཐབས་དངོས་དང་ཞབས་ཞུ་སྤུས་ལེགས་ལ་བརྟེན་ནས། གྲོང་གསེབ་ཀྱི་ཁྱིམ་སྡོད་རྒན་གསོའི་དཀའ་གནད་ཐག་གཅོད་བྱས་པར་རོགས་རམ་བྱེད་དེ། གྲོང་གསེབ་ཀྱི་རྒན་རྒོན་རྣམས་ལ་སྤུས་ལེགས་ཀྱི་སྨན་བཅོས་དང་རྒན་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་བཅུག་རྒྱུ་ཡིན་ཞེས་བཤད། 

图片ཞིང་ཆེན་དམངས་ཆེན་གྱི་འཐུས་མི། འཇོལ་རྫོང་ཨ་ཆེན་མ་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཨ་ཆེན་མས།

དེ་རིང་ཞིང་དཔོན་ཝང་ཡུས་པའོ་ཡིས་གནང་བའི་ལས་དོན་སྙན་ཞུར་ཉན་ཡིན། སྙན་ཞུའི་ནང་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའིགྲུབ་འབྲས་ཕྱོགས་བསྡོམས་བྱས་ཡོད་ལ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའིདམིགས་འབེན་ལས་འགན་ཡང་གསལ་པོ་སྟོན་འདུག གཞི་རིམ་གྱི་ཞིང་པའི་འཐུས་མི་ཞིག་ཡིན་པས་བག་ཆགས་ཆེ་ཤོས་ནི་སྙན་ཞུའི་ནང་བཏོན་པའི་ཞིང་ལས་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། སྐོར་གསར་པའི་ཞིང་ལས་ལ་སྐུལ་འདེད་དང་ཡོང་སྒོ་འཕར་བའི་བྱ་སྤྱོད་ལག་བསྟར་བྱེད་དེ་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་སྟོབས་ཆེར་གཏོང་བ་རེད་ཅེས་བཤད།

གཞི་རིམ་གྱི་ཞིང་པའི་འཐུས་མི་ཞིག་ཡིན་པས་གཞི་རིམ་དུ་ལོག་དུས་ངས་རང་ཉིད་ཀྱི་ལས་གཏོད་མངའ་ཁོངས་ནང་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ་ཞིང་པའི་ཡོང་སྒོ་འཕར་བ་དང་། ཁེ་ལས་གྱི་ཕན་འབྲས་ཆེ་རུ་གཏོང་། ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་མང་པོ་གསར་སྤེལ་བྱས་ནས་མཐོ་སྒང་གི་ཞིང་ལས་ཐོན་རྫས་བདེ་ཆེན་ནས་རྒྱལ་ཡོངས་སུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན། ངས་མུ་མཐུད་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་དཀའ་ངལ། རེ་འདུན་བཅས་ཧུར་ཐག་གིས་མཚོན་པ་དང་། སྲིད་གཞུང་དང་མང་ཚོགས་བར་གྱི་ཟམ་པ་ལྟ་བུའི་འགན་འཁུར་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཕན་ནུས་ལྡན་པའི་གསར་གཏོད་བྱེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

责任编辑:达瓦只玛 吹批拉姆

  • ཁུལ་ནང་ཁུལ་གྱི་མགོ་གཙོ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་

ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com