ཁུལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་དམངས་ཀྱི་དཀའ་ངལ་སེལ་བའི་ལེའུ་གསར་པ་རྩོམ།


གངས་ལྗོངས་མཐོ་སྒང་གི་བདེ་ཆེན་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པའི་“13344”ལས་ཀའི་བསམ་ཕྱོགས་ལ་གཞི་ཚུགས་པའི་བསྒྱུར་བཅོས་ཞིག་གིས་དེ་གའི་བཅོས་སྐྱོང་རྣམ་པར་འགྱུར་ལྡོག་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཁུལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ། “ཤེས་རྟོགས་དང་ཐོ་འགོད། ཐག་གཅོད། ལྡོག་འདྲེན་”གྱི་འགག་རྩའི་ལས་རིམ་དམ་པོར་དམིགས་ནས། ཕྱོགས་བསྡུས་ལྟེ་གནས་དེ་མང་ཚོགས་ལ་ཞབས་ཞུ་བྱས་པའི་སྟེགས་བུ་ཞིག་ཏུ་གྱུར་བཅུག་སྟེ། ཧུར་ཐག་ངང་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་གཅིག་འཐུས་རྣམ་པའི་བདག་སྤྲོད་དང་སྦྲེལ་ཐག་ཡོངས་ཐག་གཅོད་བྱས་ཐུབ་པར་མངོན་འགྱུར་བྱུང་། འདུ་ཤེས་འགྱུར་ལྡོག་བྱས་པ་ནི་བདེ་ཆེན་ཁུལ་གྱི་གཞི་རིམ་བཅོས་སྐྱོང་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་མཚོན།

ལས་ཀའི་རྨང་གཞི་བརྟན་པོར་བཏང་ནས་ལས་ཀ་བྱེད་མཁན་ཡོད་པ་ནས་ལམ་ལུགས་ལྟར་ལས་ཀ་བྱེད་པར་འགྱུར།
རྨང་གཞི་འདིང་བ་དང་ཡུན་རིང་ཕན་པའི་ལམ་ལུགས་ཇུས་འགོད་ཡག་པོ་བྱེད་དགོས། ཁུལ་ཡོངས་སུ་ཁྱོན་བསྡོམས་དྲ་མིག་2331དབྱེ་སྟེ། དྲ་མིག་ཅན་2331དང་དྲ་མིག་ཅན་ཆུང་གྲས་5969བཀོད་སྒྲིག་བྱས་ཡོད། “བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པར་”བརྒྱུད་དེ་ལས་འགན་སྒྲུབ་སེམས་ལ་སྐུལ་མ་གཏོང་ནས། “གོང་ཞུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། གོང་ཞུ་མ་བྱས་ན་འགན་འཛོལ་ཡིན་པ། སྙན་སེང་ཡག་པོ་ཞུས་ན་བྱ་དགའ་ཆེན་པོ་ཡོད་པ། མི་ཚང་མ་དྲ་མིག་ཅན་ཡིན་པའི་”ལས་ཀའི་ལམ་སྲོལ་ཆགས་ཡོད།《བདེ་ཆེན་ཁུལ་ཕྱོགས་བསྡུས་ལྟེ་གནས་འཁོར་རྒྱུག་དོ་དམ་བརྒྱུད་རིམ》དང་《བདེ་ཆེན་ཁུལ་ཕྱོགས་བསྡུས་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱས་པ་དང་དངོས་གཞི་ཅན་གྱི་འཁོར་སྐྱོད་བྱས་པའི་འགན་འཁྲིའི་གསལ་ཐོ》སོགས་ཀྱི་ཡིག་ཆ་རབ་དང་རིམ་པ་བཟོ་ནས་འགྲེལ་སྤེལ་བྱས་ཏེ། ལས་ལུགས་འགན་ལེན་དང་འཁོར་སྐྱོད་ནུས་ལྡན་བྱས་པར་དམིགས་འབེན་དུ་བཟུང་།
2025ལོར། “ལྔ་ཡོད”དང་“ཚད་གཞི་ཅན་ལྔའི་”བླང་བྱ་ལྟར། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་230ཡིས་མཚོན་རྟགས་གཅིག་གྱུར་དང་ཚད་ལྡན་གྱི་འཁོར་སྐྱོད་བྱས་ཞིང་། རྫོང་(གྲོང་ཁྱེར)རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་3གྱིས་“6+11+N”ཡི་བྱ་ཐབས་བརྒྱུད་དེ་སྡེ་ཚན་རྒྱུན་སྡོད་དང་རེས་སྐོར། མཉམ་སྡོད་བཅས་མངོན་འགྱུར་བྱུང་ཡོད། ཁུལ་རིམ་པས་བསྐྱར་སྐྲུན་དང་རྒྱས་སྐྲུན་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་མཉམ་དུ་གཞུང་དོན་སྒྲུབ་པས་གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཉམ་འགུལ་གྱི་བཅོས་སྐྱོང་རྣམ་པ་ཞིག་ཆགས་ཡོད། དུས་ཐུང་གི་གྲུབ་འབྲས་དོན་གཉེར་མི་བྱེད་པ་དང་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་དོ་སྣང་བྱེད་པའི་བྱེད་སྟངས་དེ་ནི་སྲིད་དོན་ལས་རྗེས་ལྟ་བ་ཡང་དག་པའི་མཚོན་ཚུལ་ཞིག་རེད།

གཞན་དབང་གིས་ཐག་གཅོད་བྱས་པ་ནས་རང་འགུལ་གྱིས་དོ་དམ་བྱེད་པའི་བར་འགྱུར་ལྡོག་བྱུང་།
2025ལོར། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རིགས་ཁག་གི་ཆ་འཕྲིན་24319བདག་སྤྲོད་བྱས་པ་དང་གྱོད་གཞི་23626ཐག་གཅོད་བྱས་ནས། ཐག་གཅོད་བྱེད་ཚད་97%ཟིན། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་རྣམ་པ་རིམ་བཞིན་ཆགས་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྒོ་བྱང་བཀལ་བའི་“སྟོང་ཆ”མིན་པར་མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་“རོགས་སྐྱོར་འཚོལ་བའི་”ས་ཚིགས་དང་པོ་ཞིག་རེད།
2026ལོར། བདེ་ཆེན་ཁུལ་གྱིས་འགལ་ཟླ་དང་ཉེན་ཁ་“བཅར་འདྲི་ཆེན་པོ་དང་གྲལ་བཤེར་ཆེན་པོ། ཐག་གཅོད་ཆེན་པོ་”བཅས་ཀྱི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱས་ཏེ། “དམག་འཐབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་འཛུགས་སྐྲུན་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་གཏོང་བ། དམག་འཐབ་དང་འཛུགས་སྐྲུན་ཟུང་འབྲེལ་བྱེད་པ”བཅས་ཀྱི་བསམ་ཕྱོགས་ལྟར་ནས་དངོས་གཞི་ཅན་གྱི་འཁོར་སྐྱོད་གཏིང་ཟབ་བྱས། 2026ལོའི་དུས་ཚིགས་དང་པོར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་འགལ་ཟླ་དང་རྩོད་གཞི་1070གྲལ་བཤེར་བདག་སྤྲོད་བྱས་པ་དང་། གྱོད་གཞི་1022ཐག་གཅོད་བྱས་ནས། གྱོད་གཞི་ཐག་གཅོད་བྱེད་ཚད་95.5%ཟིན། གནད་སྨིན་ཅན་དང་འགུལ་རྣམ་ཅན་གྱི་ཉེན་ཁར་དོ་དམ་ཚོད་འཛིན་བྱས་ཏེ་འགལ་བ་མང་པོ་ཞིག་ཆུང་དུས་ནས་སེལ་རྒྱུ་རེད།
ཁུལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་རིང་དབྱངས་ཅན་གྱིས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྲིད་ཁྲིམས་ཀྱི་འགན་ནུས་ལ་གཞི་ཚུགས་ཏེ་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་ནས། འགལ་ཟླ་དང་རྩོད་གཞི་སྔོན་འགོག་ཐག་གཅོད་བྱས་པ་དང་ སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱས་པའི་ལས་སྟེགས་གལ་ཆེན་ཞིག་རེད་ཟེར། མིག་སྔར་ཁུལ་ཡོངས་སུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་230བཙུགས་ཡོད་ཅིང་། ཁྲིམས་ཁང་དང་སྤྱི་བདེ། ཁྲིམས་འཛིན། ཡིག་སྐུར་ངོ་བཅར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་ལྟེ་བའི་སྟོབས་ཤུགས་སྡེབ་སྒྲིག་བྱས་ནས་རྒྱུན་དུ་བཅའ་སྡོད་བྱས་པ་དང་། དམངས་སྲིད་དང་རང་བྱུང་ཐོན་ཁུངས། སྡོད་ཁང་འཛུགས་སྐྲུན། རིག་གནས་ཡུལ་སྐོར། ཚོང་རའི་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཁག་རེས་སྐོར་བྱས་ནས་བཅའ་སྡོད་བྱས་ཏེ། “གཅིག་འཐུས་རྣམ་པའི”འདུམ་འགྲིག་གི་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་“སྔ་ཙམ་གྲལ་བཤེར་དང་སྔ་ཙམ་ཞུགས་པ། སྔ་ཙམ་སེལ་བ་”བཅས་མཐའ་འཁྱོངས་བྱས་ཏེ་ངལ་རྩོལ་གླ་ཕོགས་ཀྱི་རྩོད་གཞི་ནས་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་བར་དང་། ཡུལ་སྐོར་འཛད་སྤྱོད་ནས་རྒྱུན་གཏན་གྱི་བྱ་བ་ཙག་ཙིག་བར་ཐོག་མཐའ་བར་གསུམ་དུ་གཞུང་དྲང་དང་དྲང་གཞག་ཚད་གཞིར་བྱས་ནས། འགལ་ཟླ་དང་རྩོད་གཞི་ཐོན་འགོ་ཚུགས་པ་དང་གཞི་རིམ་དུ་ཐག་གཅོད་བྱེད་བཅུག

གོམ་སྟབས་རྗེས་མར།བདེ་ཆེན་ཁུལ་གྱིས་“ཁུལ་དང་རྫོང་། ཤང་བཅས་ཀྱི་རིམ་པ་གསུམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་”གྱི་དམིགས་ཚད་ལས་འགན་དམ་པོར་དམིགས་ཏེ། ཕྱོགས་ཡོངས་སུ་“ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གོ་རིམ་སྐུལ་འདེད་གཏོང་བར་འགན་འཁྲི་འཁུར་བ་དང་བཅའ་སྡོད་སྡེ་ཚན་གྱིས་དོན་དངོས་ཐོག་ཐག་གཅོད་བྱེད་པར་འགན་འཁྲི་འཁུར་བའི་”ལས་ཀའི་རྣམ་པ་བཞེངས་སྐྲུན་བྱས་ཡོད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གི་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་བྱས་པ་བརྒྱུད།རྫོང་དང་གྲོང་ཁྱེར་ཁག་གིས་བཅའ་སྡོད་མི་སྣའི་དོ་དམ་དང་ལས་སྒོའི་གསོ་སྦྱོང་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་སྟེ། ཆབ་སྲིད་ཀྱི་བྱང་ཚད་དང་ཁྲིམས་སྐྱོང་ཆུ་ཚད།མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་ཉེན་ཁ་སེལ་བའི་རྨང་གཞིའི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“མང་ཤོས་ལ་ས་ཆ་གཅིག་ཏུ་བསྐྱོད་རྒྱུ”དེ་གངས་ལྗོངས་མཐོ་སྒང་གི་གཞི་རིམ་བཅོས་སྐྱོང་བྱས་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་འགྱུར་བཅུག
- བདེ་ཆེན་གསར་འགྱུར།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108