中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་བྱ་བཞིན་མྱུར།

ཁྱབ་བསྒྲགས་དུས་ཚོད་:2026-04-15 10:39:32 འབྱུང་ཁུངས་:中国西藏新闻网

ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཡུལ་སྐོར་བ་མང་པོས་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བསྡད་ནས་བོད་ཀྱི་ཉིང་ཁྲིར་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་བར་བསྐྱོད།

ལོ་རེའི་ཟླ་3པའི་ཟླ་མཇུག་ནས་ཟླ་4པའི་ཟླ་འགོར། ལམ་ཐིག་དེར་ཡུལ་སྐོར་བ་མང་ཤོས་ཀྱི་དུས་སྐབས་ཡིན་ཞིང་། ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་སྙན་པ་མི་མང་པོའི་རྣ་བར་ཐོས་ནས“མེ་འཁོར་ལ་བསྡད་དེ་ཁམ་བུའི་མེ་ཏོག་ལ་ལྟ་བར” ཡོང་གི་ཡོད།

མེ་འཁོར་གྱི་ཁ་ལོ་བ་བསོད་ནམས་དབང་གྲགས་ཀྱི་ངོས་ནས་བརྗོད་ན། ཁོང་གིས་མཐོང་བ་ནི་རང་བྱུང་གི་མཛེས་ལྗོངས་རྐྱང་པ་ཙམ་ཞིག་མིན་པར། ལྕགས་ལམ་ལས་གྲྭའི་འཛུགས་སྐྲུན་གྱི་ངོ་མཚར་རེད། ལྷ་ས་ནས་ཉིང་ཁྲིའི་བར་རི་མཐོ་གཡང་གཟར་དང་གཙང་པོ་དང་ཆུ་བོ་མང་པོ་ཡོད་པ་དང་། 2003ལོར་བསོད་ནམས་དབང་གྲགས་ཕ་ཡུལ་ཆབ་མདོ་ནས་ཁ་བྲལ་ཏེ་ཀན་སུའུ་ལན་ཀྲོའུ་རུ་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། དེ་ནི་ཁོང་མེ་འཁོར་ལ་སྡོད་ཐེངས་དང་པོ་རེད། ཁོང་མེ་འཁོར་ནང་སྡོད་སྐབས“ངའི་ཕ་ཡུལ་ལ་མེ་འཁོར་ག་དུས་ཤར་གཏོང་ཐུབ་བམ”སྙམ།

2021ལོའི་ཟླ་6ཚེས་25ཉིན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་སྟེ་བོད་དུ་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཐོན་ཞིང་། ནང་འབར་དང་གློག་ཤུགས་ནུས་རྒྱུ་གཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་དུས་གཅིག་ཏུ་ལས་གཉེར་བྱེད་འགོ་ཚུགས་པ་དང་། ལྷ་ས་ནས་ཉིང་ཁྲི་བར་མགྱོགས་ཤོས་སུ་ཆུ་ཚོད་3དང་སྐར་མ་49ལས་འགོར་གྱི་མེད། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བསྐྱར་དར་རྟགས་ཅན་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་ཁྱབ་ཡོད། ལྕགས་ལམ་དེས་བོད་ཤར་ལྷོའི་རྒྱུད་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་ས་ཁུལ་གསུམ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་ཐུབ་ནས། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། ན་ནིང་ལོ་མཇུག་བར། ལྷ་ཉིང་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་575ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་173.8ལས་བརྒལ་ཡོད་པ་རེད།

ལམ་ཐག་ཧྲིལ་པོར་སྤྱི་ལེ་435.48ཟིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པའི་ལྕགས་ལམ་དེ་མཚོ་བོད་ས་མཐོའི་གངས་ཏི་སེ་དང་ཧི་མ་ལ་ཡའི་བར་གྱི་བོད་ཤར་ལྷོའི་ལུང་གཞུང་དུ་བསྲིངས་ཡོད་པ་དང་། 90%ཡན་གྱི་ལམ་ཐིག་ས་བབ་སྨི་3000ཡན་དུ་ཡོད་པ། ཡར་ཀླུང་གཙང་པོ་ཐེངས་16བརྒལ་བ། ལམ་རྒྱུད་དུ་རི་མཐོ་གཡང་གཟར་གྱི་མཐོ་ཚད་ཧེ་བག་2500ཡོད་པ་བཅས་རེད། 

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས། 

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com