中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཆུ་ལོག་བྱུང་བའི་སྐབས་ཀྱི་རང་སྐྱོབ་བྱེད་ཐབས།

ཁྱབ་བསྒྲགས་དུས་ཚོད་:2026-06-22 17:08:19 འབྱུང་ཁུངས་:青海藏文科技报
图片   ཆར་དུས་ཐོན་པ་ཡིས་དབྱར་ཁའི་ཚ་གདུང་འཇོམས་ནའང་། ཆར་བ་ཆེན་པོ་དང་དྲག་ཆར་བབས་ཚེ། ཆུ་ལོག་གི་གནོད་འཚེ་ཡང་སྐྱེད་སླ་བ་ཡིན། འོ་ན། ཆུ་ལོག་མ་བྱུང་སྔོན་ལ་གྲ་སྒྲིག་གང་དག་བྱ་དགོས་པ་དང་། ཆུ་ལོག་གི་ཉེན་ཁ་ལ་འཕྲད་ན་ཇི་ལྟར་རང་སྐྱོབ་བྱ་དགོས་སམ་ཞེ་ན། གཤམ་དུ་དེར་འབྲེལ་གྱི་རང་སྐྱོབ་ཐབས་ཤེས་འགའ་བཀོད་ཡོད།

གཅིག ཆུ་ལོག་མ་བྱུང་སྔོན་ལ་གྲ་སྒྲིག་གང་དག་བྱ་དགོས་སམ།

1.རང་ཉིད་སྡོད་སའི་ཆར་བ་དང་བཞུར་ཆུའི་སྔོན་བརྡ་ལ་མཉམ་འཇོག་བྱེད་པ།

2.རང་ཉིད་སྡོད་པའི་ས་ཁུལ་གྱི་ཞོད་འགོག་སྔོན་ཇུས་དང་མངོན་མེད་གནོད་འཚེ་སྣ་ཚོགས་དང་། གནས་སྤོ་ལམ་ཐིག འབྲེལ་གཏུག་བྱེད་སྟངས་ངེས་པར་བྱེད་པ།

3.ས་བབ་དམའ་ས་ན་ཡོད་པའི་ཁྱིམ་ཚང་གིས་སྟབས་བདེའི་སྲོག་སྐྱོབ་ཡོ་བྱད་གྲ་སྒྲིག་བྱེད་པ།

4.ཁ་པར་སོགས་ཀྱི་འཕྲིན་གཏོང་ལ་ཁག་ཐེག་བྱས་ཏེ་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་གཏོང་ལེན་ཐུབ་པར་བྱེད་པ།

5.ཉེན་གཡོལ་ལ་གྲ་སྒྲིག་བྱེད་པ་དང་། གནས་སྤོ་ཉེན་གཡོལ་བྱེད་དུས། བཀོད་འདོམས་ལ་ཉན་པ་དང་། ཕན་ཚུན་ལ་རོགས་རམ་བྱེད་པ། ཉེན་ཁ་མེད་པའི་བརྡ་ཁྱབ་མ་བཏང་བའི་སྔོན་ལ་སྔར་གནས་སུ་མི་ལོག་པ།

གཉིས། ཆུ་ལོག་འབྱུང་སྐབས་ཀྱི་ཉེན་ཁའི་ས་ཆ་གང་དག་ཡིན།

1.གྲོང་ཁྱེར་དུ། རྡིབ་ཉེན་ཡོད་པའི་སྡོད་ཁང་དང་གྱང་མཐོན་པོའི་ཉེ་འཁོར། ཆུ་ལོག་གིས་བསྣུབས་པའི་ས་འོག་ཆུ་ལམ། གཞུང་ལམ་འགྲམ་གྱི་ཆུ་དོང་། ས་འོག་བགྲོད་ལམ། གློག་སྡོང་དང་མཐོ་གནོན་གློག་སྡོང་། རྫས་འགྱུར་བཟོ་གྲྭ། ཉེན་དངོས་གསོག་ཉར་ཁང་སོགས་ཀྱི་ཉེ་འཁོར་ནི་ཆུ་ལོག་འབྱུང་སྐབས་ཀྱི་ཉེན་ཁའི་ས་ཆ་ཡིན།

2.ཞིང་སྡེ་རུ། ཆུ་འགྲམ་དང་ཆུ་མཛོད། རྐ་ཁ། ཆུ་རྐ། རྡིབ་ཉེན་ཡོད་པའི་ཁང་བའི་ནང་དང་ཁང་ཐོག གྱང་རྩ། གློག་སྡོང་དང་མཐོ་གནོན་གློག་སྡོང་གི་ཉེ་འཁོར་སོགས་ནི་ཆུ་ལོག་འབྱུང་སྐབས་ཀྱི་ཉེན་ཁའི་ས་ཆ་ཡིན།

གསུམ། ཆུ་ལོག་གིས་བསྐོར་ན་རང་སྐྱོབ་ཇི་ལྟར་བྱེད་དམ།

1.ཆུ་ལོག་ཁང་བའི་ནང་དུ་བཞུར་བར་སྔོན་འགོག་བྱ་ཆེད། སྒོ་ཡི་བར་སྟོང་ཚང་མ་གཅོད་དགོས་ཏེ། སྒྱེ་མོ་སོགས་ཀྱི་ནང་ལ་ས་དང་བྱེ་མ་སོགས་བླུགས་ནས་ཆུ་ལོག་ཡོང་སའི་ཁ་གཅོད་དགོས་ཏེ། སྐྱེ་མོ་སོགས་ཀྱི་ནང་ལ་ས་དང་བྱེ་མ། རྡོ་ཟེགས་སོགས་བླུགས་ནས་ཆུ་ལོག་ཡོང་སའི་ཁ་གཅོད་དགོས།

2.ཆུ་ལོག་མུ་མཐུད་དུ་ཇེ་ཆེར་སོང་ན། ཁྱིམ་དུ་ཟས་རིགས་དང་འཐུང་ཆུ། ལྭ་བ། ཆུ་སྐོལ་བྱེད་སོགས་གྲ་སྒྲིག་བྱ་དགོས་ཤིང་། ཁྱེར་མི་ཐུབ་པའི་དངོས་པོ་རྩ་ཆེན་རྣམས་ཀྱི་ནང་དུ་ཆུ་མི་འགྲོ་བར་བྱས་རྗེས། གནས་མཐོ་ས་དང་ས་འོག་སོགས་སུ་སྦེད་དགོས། སྨན་དང་མེ་ཁ་འཛིན་བྱེད་ཀྱི་ཡོ་བྱད་དང་། བརྡ་གཏོང་སྒྲིག་ཆས་སྣ་ཚོགས་གྲ་སྒྲིག་བྱ་དགོས།

3.གནོད་འཚེ་ཐེབས་པ་ཚབས་ཆེ་སྟེ་གནས་སྤོ་བྱ་དགོས་བྱུང་ན། གནས་སྤོ་མ་བྱས་པའི་སྔོན་ལ། ཟས་ཟ་བ་དང་ཆུ་ཁོལ་འཐུང་བ་སོགས་བྱས་ཏེ་ལུས་སྟོབས་ལྡན་པར་ཁག་ཐེག་བྱ་དགོས།

4.སྟབས་མ་ལེགས་པར་ཆུ་ལོག་གིས་ཁུར་ཚེ། ཅི་ནུས་ཀྱིས་དངོས་པོ་བརྟན་པོའམ་ཡང་ན་ཆུ་ཁར་གཡེང་སླ་བའི་དངོས་པོ་གང་རུང་ལ་འཇུས་ཏེ་སྲོག་ཐར་ཐབས་བྱ་དགོས།

5.གལ་ཏེ་ཆུ་ལོག་གིས་བསྐོར་བའི་སྡོད་ཁང་ཐོག་ཏུ་ཡོད་ན། སྡོད་ཁང་རྡིབ་མིན་ལ་མཉམ་འཇོག་བྱ་དགོས། བརྡ་གཏོང་ཡོ་བྱད་ལ་བདག་སྐྱོང་ལེགས་པོ་བྱས་ཏེ་དུས་ཐོག་ཏུ་རོགས་སྐྱོབ་སྡེ་ཁག་ལ་འབྲེལ་བ་བྱས་ནས་རོགས་མི་ཐོན་པར་བྱེད་པ་དང་། འུར་རྒྱག་པའམ་ཡང་ན་དངོས་པོ་མདོག་གསལ་བོ་ཅན་སོགས་སྤྱད་ནས་སྲོག་སྐྱོབ་ཀྱི་བརྡ་གཏོང་ཐབས་བྱ་དགོས།

འགན་འཁུར་རྩོམ་སྒྲིག་པ།:万玛措

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com