中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཤེས་དཔལ་ལྡན་པའི་ཡུལ་སྐོར་ལ་བརྟེན་ནས་བདེ་ཆེན་གྱི་མཛེས་ལྗོངས་མཉམ་དུ་སྲུང་སྐྱོང་བྱེད།

ཁྱབ་བསྒྲགས་དུས་ཚོད་:2026-06-23 15:42:57 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
    གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན། བདེ་ཆེན་མཐོ་སྒང་གི་ག་ས་གང་དུ་མེ་ཏོག་རྣམ་པར་བཞད་པ་དང་། མཐའ་ཡས་པའི་རྩྭ་ཐང་སྟེང་དཀར་ནག་སྒོ་ཕྱུགས་རྒྱུ་སྐར་འཐོར་བ་བཞིན་ཁྱབ་པས། མཐོ་རིས་སྐྱེད་ཚད་འདྲ་བའི་ངོ་མཚར་གྱི་ཡུལ་མཆོག་འདི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་ཀྱི་དབང་བོ་རྣམ་པར་བཀུག ལྷག་པར་དུ་ཉིན་འདི་དག་ལ་སྟག་མ་མེ་ཏོག་དང་མངར་འབྲས་མེ་ཏོག་སོགས་རྣམ་པར་བཞད་པས། ཡུལ་སྐོར་བ་དང་ས་གནས་རང་གི་ཡུལ་མི་རྣམས་ཀྱང་མཛེས་པའི་སྤང་ཐང་དང་། ཚང་ཚིང་གི་ནགས་གསེབ་སོགས་སུ་སོང་ནས་སྤྲོ་གསེང་དང་གླིང་ག་སོགས་བཏང་ནས་རང་བྱུང་མཛེས་ལྗོངས་ཁྲོད་ལུས་སེམས་ལྷོད་ལྷོད་དང་དབྱར་དུས་ཀྱི་མཛེས་ལྗོངས་ལ་ལོངས་སུ་སྤྱོད་བཞིན་ཡོད།
    ཕྱི་རོལ་དུ་སྤྲོ་འཆམ་དང་གླིང་ག་སོགས་བཏང་ནས་རང་བྱུང་ཁམས་དང་ཉེ་བར་བཅར་བ་དང་མཛེས་སྡུག་ལ་རོལ་མྱོལ་བྱེད་ན་བཟང་མོད། འོན་ཀྱང་ཚུལ་མིན་གྱི་བྱ་སྤྱོད་མང་པོ་ཞིག་ཀྱང་དུས་མཚུངས་སུ་བྱུང་དང་འབྱུང་བཞིན་འདུག མི་ལ་ལས་སྤྲོ་གསེང་གཏོང་ཚར་རྗེས། ཟས་རིགས་ཀྱི་ཐུམ་སྒྲིལ་དང་བཏུང་བྱའི་དམ་བུ། འགྱིག་ཁུག ཟས་འཕྲོ་སོགས་གང་བྱུང་དུ་འཕེན་ནས། མཛེས་སྡུག་གི་ཁོར་ཡུག་ལ་བཏོར་སྐྱོན་བཟོས་འདུག འདི་ལྟར་བྱས་ཚེ་སྐྱེ་ཁམས་དོ་མཉམ་ལ་གཏོར་བཤིག་བཏང་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས་ཁོར་ཡུག་ལ་གནོད་འཚེ་གཏོང་སྲིད་པ་མ་ཟད། ཡུལ་སྐོར་བ་དང་གྲོང་མི་ལ་བཙོག་ཟིང་ཞན་གསུམ་གྱི་ཁོར་ཡུག་ཤིག་མིག་སྣང་དུ་མངོན་པར་བྱེད།
    གཞན་དུས་ད་ལྟ་ཕྱི་རོལ་དུ་སྒར་རྒྱབ་ནས་བསྲེགས་ཟས་ཟ་བ། ཐབ་བཙུགས་ནས་ཟ་མ་བཟོ་བ་སོགས་ཡང་སྤྲོ་གསེང་གཏོང་སྟངས་ཞིག་ཏུ་གྱུར་ཡོད་པས། མེ་ཟོན་བདེ་འཇགས་ཐད་དུའང་ཧ་ཅང་གཟབ་གཟབ་གནང་དགོས། མེ་མཆེད་ཚེ་ནགས་ཚལ་གྱི་སྤང་ཤུན་སོགས་ལ་གཏོར་སྐྱོན་ཆེན་པོ་གཏོང་བ་དང་། སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་བྱེད་སྲིད་པ་མ་ཟད། མཐའ་འཁོར་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་བཏང་ནས་བཟློག་ཐབས་བྲལ་བའི་གྱོང་གུན་ཡང་བཟོ་སྲིད།
    བདེ་ཆེན་ནི་ས་ཕྱོགས་གང་སར་སྐད་གྲགས་ཆོད་པའི་ས་མཐོའི་ཡུལ་སྐོར་གནས་མཆོག་ཅིག་ཡིན་ལ། གནས་འདིའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ནི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་ཞིག་ཀྱང་ཡིན་པ་རེད། འདི་ནི་རང་བྱུང་ཁམས་ཀྱིས་མི་ཡུལ་ལ་བསྩལ་བའི་ལེགས་སྐྱེས་ཡིན་པ་མ་ཟད། ས་འདིའི་ཡུལ་མི་རྣམས་ཀྱི་མི་རབས་ནས་མི་རབས་བར་དཀའ་སྡུག་ལ་མཛེམ་པར་རང་གི་ལག་ཟུང་དང་རྔུལ་ཆུ་ལ་བརྟེན་ནས་སྲུང་སྐྱོང་བྱེད་པའི་སྲོལ་བཟང་དང་ཁ་བྲལ་ཐབས་མེད། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རང་བྱུང་ཁམས་ལ་སྲུང་སྐྱོང་གང་ལེགས་བྱེད་ན། རང་བྱུང་ཁམས་ཀྱིས་ཀྱང་མི་ཡུལ་ལ་མཛེས་སྡུག་གི་མཛེས་ལྗོངས་བསྩལ་ངེས་ཡིན།
    དེ་བས་ང་ཚོས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལོངས་སུ་སྤྱོད་སྐབས་ཤེས་དཔལ་གྱི་མ་མཐའི་མཚམས་ཐིག་དེ་བས་བརྟན་སྲུང་ལེགས་པོ་བྱེད་རྒྱུ་ཧ་ཅང་དགོས་གལ་ཆེ། ང་ཚོས་ཕྱི་རོལ་དུ་སྤྲོ་གསེང་དང་གླིང་ག་གཏོང་སྐབས་རང་རྟོགས་ངང་ཁོར་ཡུག་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཆགས་པར་བྱེད་དགོས་པ་མ་ཟད་བྱ་སྤྱོད་ལེགས་པོར་བརྟེན་ནས་གང་སར་བཞད་པའི་མེ་ཏོག་མི་གཏོགས་པ་དང་། གང་བྱུང་དུ་གད་སྙིགས་མི་ཕོད་པ། ནགས་གསེབ་དང་རི་འགོ་སོགས་སུ་མེ་མི་གཏོང་བ་སོགས་བྱས་ནས་མཛེས་པའི་ཁྱིམ་གཞིར་སྲུང་སྐྱོང་གང་ལེགས་དང་། ཤེས་དཔལ་ཡུལ་སྐོར་གྱི་སྲོལ་བཟང་ཆགས་པ་བྱས་ཏེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་བྱ་གཞག་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་གང་ཡོད་འབུལ་དགོས།
  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com