༄༅།།མཚོ་བོད་ས་མཐོའི་འཁྱགས་རོམ་གྱི་གསང་ཨང་ཤེས་རྟོགས་བྱུང་བ།

བོད་ལྗོངས་ཆབ་མདོའི་ལ་སྒོ་འཁྱགས་རོམ་གྱི་མཛེས་ལྗོངས་ཡིན་པ། (ལི་དབྱི་མིང་གིས་པར་བརྒྱབ)
ཨ་རིའི་ཨེ་ཧེ་ཨེ་ཀྲོའུ་བཙུགས་སློབ་ཆེན་གྱི་སློབ་རའི་ནང་དུ་ས་འོག“འཁྱགས་རོམ་དངུལ་ཁང”ཞིག་ཡོད། དེ་གར་འོད་ཆེམ་ཆེམ་དུ་འཕྲོ་བའི་དངུལ་མདོང་ཁྲི་སྟོང་མང་པོ་ལྕགས་སྒྲོམ་ཐོག་གྲལ་འགྲིག་པོས་བཞག་སྟེ། སའི་གོ་ལའི་ཆེས་ཕུན་སུམ་ཚོགས་པའི་འཁྱགས་སྙིང་གི“ཡིག་ཚགས”ཉར་ཡོད་པ་དེ་དག་གིས་འདས་ཟིན་པའི་ལོ་ངོ་ཁྲི་70ཡི་རིང་གི་སའི་གོ་ལའི་གནམ་གཤིས་ཀྱི་འགྱུར་ལྡོག་ཟིན་ཐོར་བཀོད་ཡོད་པ་རེད། “འཁྱགས་རོམ་དངུལ་ཁང”གི་འགན་འཁུར་བ་ནི་ཨ་རི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི་དང་ཨེ་ཧེ་ཨེ་ཀྲོའུ་བཙུགས་སློབ་ཆེན་སའི་གོ་ལའི་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་ལང་ཉི·ཐང་ཕུའུ་སེན་ཡིན་པ་རེད།

2006ལོར། ཀྲུང་ཨའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་ནཱ་མུའུ་ནཱ་ཉི་ཡི་འཁྱགས་སྙིང་གི་མ་དཔེ་ཁྱེར་ནས་ཚན་ཞིབ་སྒར་ས་ཆེ་མོར་ལོག་བཞིན་པ།
ལོ་ངོ་40ལྷག་ཙམ་གོང་། འཁྱགས་རོམ་རིག་པ་མཁས་ཅན་མང་ཆེ་བས་ལྷོ་སྣེ་དང་བྱང་སྣེར་ཞིབ་འཇུག་བྱེད་སྐབས། མིག་རྒྱང་རིང་བའི་ཐང་ཕུའུ་སེན་གྱིས་འཕྲེད་ཐིག་བར་མ་དང་འོག་མའི་འཁྱགས་རོམ་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་ནས། སྔ་རྗེས་སུ་མྱུལ་དཔྱད་རུ་ཁག་50ཡི་སྣེ་ཁྲིད་དེ་རྒྱལ་ཁབ་20ཙམ་གྱི་ཐག་རིང་ས་མཐོར་བསྐྱོད་ནས་འཁྱགས་སྙིང་གི་མ་དཔེ་འཚོལ་བསྡུ་དང་དེར་དབྱེ་ཞིབ་བྱས་ཏེ། གོ་ལ་ཧྲིལ་པོའི་སྔོན་མའི་གནམ་གཤིས་དཔེ་དབྱིབས་ཀྱི་ས་བཀྲ་ཞིག་བྲིས་པ་རེད།

2024ལོར། ཀྲུང་ཨའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས(གཡོན་གྱི་བཞི་པ་ཐང་ཕུའུ་སེན་ཡིན)བུ་རོགས་གངས་རིའི་འཁྱགས་ཐང་ནས་བླངས་པའི་འཁྱགས་སྙིང་གི་མ་དཔེར་ལྟ་ཞིབ་བྱེད་བཞིན་པ།

2015ལོར། ཐང་ཕུའུ་སེན(གཡས)དང་ཡའོ་ཐན་ཏུང(གཡོན)གིས་ཀུའུ་ལི་ཡཱ་འཁྱགས་རོམ་གྱི་རྒྱལ་ཁབ་ལྔའི་མཉམ་འབྲེལ་ཚན་ཞིབ་བྱེད་སྒོའི་ཁྲོད་འཁྱགས་སྙིང་གི་རིང་ཚད་འཇལ་བཞིན་པ། (གོང་གི་པར་རིས་ཚང་མ་མཚོ་བོད་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས)
ཐང་ཕུའུ་སེན་ནི་མཚོ་བོད་ས་མཐོར་ཡོང་ནས་ཚན་རིག་རྟོག་ཞིབ་བྱེད་མཁན་ཨ་རིའི་འཁྱགས་རོམ་རིག་པ་མཁས་ཅན་ཐོག་མ་དང་ཧི་མ་ལ་ཡའི་འཁྱགས་རོམ་ལ་གསོར་འབིགས་རྩད་ཞིབ་བྱེད་མཁན་གནའ་བོའི་གནམ་གཤིས་རིག་པ་མཁས་ཅན་ཐོག་མ་ཡང་ཡིན་པ་རེད། 1984ལོ་ཚུན་དུ། ཁོང་མཚོ་བོད་ས་མཐོར་ཚན་རིག་རྟོག་ཞིབ་བྱེད་པར་ཐེངས་29བསྐྱོད་པས་ཀྲུང་གོའི་ལས་རིགས་གཅིག་པ་རྣམས་ཀྱིས་ཁོང་ལ་ཀྲུང་གོའི་འཁྱགས་རོམ་ཚན་རིག་རྟོག་ཞིབ་ཀྱི“སྣེ་ཁྲིད་པ”དང“མཉམ་ལས་པ”ཞེས་འབོད་ཀྱི་ཡོད་པ་རེད།

1987ལོར། ཀྲུང་ཨའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མིས་མདོ་ལའི་འཁྱགས་རོམ་ཁག་གཅིག་ལ་གསོར་འབིགས་རྩད་ཞིབ་བྱེད་བཞིན་པ། (ཨ་རིའི་པོ་ཏེ་གླིང་སྣེ་ས་ཁུལ་དང་གནམ་གཤིས་ཞིབ་འཇུག་ལྟེ་གནས་ཀྱིས་པར་རིས་མཁོ་འདོན་བྱས)
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཞིང་ཆེན་གནམ་གཤིས་ཅུས་སུ་འབྲེལ་གཏུག་ལས་དོན་ལ་སྙན་སེང་ཞུས།
བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་འཕེལ་རྒྱས་དོན་འཁྱོལ་བྱས་པར་གླེང་།
བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་བྱས་པ།
བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་མྱོང་ཚོར་བཤད།
བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་མུ་མཐུད་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་གྲོབ་ཞིབ་བྱས་པ་དང་། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་བྱས།
བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས།
བདེ་ཆེན་དུ་སྡོད་པའི་ཞིང་ཆེན་དམངས་ཆེན་འཐུས་མི་རྣམས་ཀྱིས་མྱོང་ཚོར་བཤད་པ་དང་འཕེལ་རྒྱས་གླེང་།
ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
