ཚོ་བྱང་ཐབས་འདི་དག་ཁྱོད་ཀྱིས་ཤེས་སམ།
ཚོ་བྱང་ཐབས་ནི་ཟ་མ་ཟ་བའི་གོ་རིམ་ལེགས་སྒྲིག་བྱེད་པ་ནས་མགོ་བཟུང་སྟེ་བཤད་པར་བྱ།
ཟ་མ་ཟ་བའི་གོ་རིམ་ལེགས་སྒྲིག་བྱེད་པའི་དགེ་མཚན་ནི། ཁྲག་མངར་ཚོད་འཛིན་བྱེད་པ་ཕུད། ད་དུང་ཚོ་བྱང་བ་ལ་ཡང་ཕན། སྔོན་ལ་སྔོ་ཚལ་ཟ་བ་དང་། དེ་ནས་སྤྲི་དཀར་རྫས་ཟ་བ། མཇུག་མཐར་ཟས་གཙོ་བོ་བཟའ་དགོས། ཟ་མ་ཟ་བའི་གོ་རིམ་འདིས་ཚ་ཚད་ཆེས་ཆུང་བ་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ལྟོ་བ་རྒྱགས་པའི་ཚོར་བ་ཆེས་ཆེ་བ་མངོན་ཐུབ།
སྔོ་ཚལ། ཟས་ཐུན་རེར་སྔོ་ཚལ་བཙོས་མ་ཁུ་ཚུར་གྱི་ཆེ་ཆུང1ནས2བཟའ་དགོས་པར་མ་ཟད། མདོག་ནག་པོའི་སྔོ་ཚལ་མང་ཙམ་གདམ་དགོས། དཔེར་ན། མདོག་ལྗང་ནག་གི་སྣུམ་ཚོད་དང་ཚོད་དཀར་ཆུང་བ། མེ་ཚོད་ལྗང་ཁུ། མདོག་སེར་པོའི་ལ་སེར་དང་ལྷོ་ཀུབ། སུར་པན་སེར་པོ། མདོག་དམར་པོའི་ཀྲོ་མ་ཀྲུ་དང་སུར་པན་དམར་པོ། མདོག་སྨུག་པོའི་མགོ་ལོག་སྨུག་པོ་དང་སྔོ་ཚོད་སྨུག་པོ། རྗེན་ཚོད་སྨུག་པོ། ཙོང་རིལ་སྨུག་པོ་སོགས་ལྟ་བུ།
སྤྲི་དཀར་རྫས་ཀྱི་ཟས་རིགས། ཁུ་ཚུར་གཅིག་གི་ཆེ་ཆུང་ཙམ་ཟོས་ན་ཆོག སྲན་མའི་ཐོན་རྫས་དང་། ཉ་དང་ཆུ་འབུ་གློ་ཉ། བྱ་ཤ་བཅས་གདམ་དགོས། ཕག་ཤ་དང་ནོར་ཤ ལུག་ཤ་སོགས་ཀྱི་ཤ་རིགས་ཉུང་ཙམ་བཟའ་དགོས། ཤ་དམར་པོའི་རིགས་བཟའ་རྒྱུ་མང་དྲགས་ན་གཅིན་སྙི་ཟ་ཁུ་རིགས2པ་དང་ཚོ་ཆེ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། གཞན་ཡང་ཚིལ་ཞག་ཅུང་མཐོ་བའི་ཤ་ཚོན་པོ་གང་ཐུབ་ཀྱིས་མི་ཟ་བ་དང་། གཡོས་སྦྱོར་བྱེད་སྟངས་ཐད་དམར་སྲེག་དང་སྣུམ་སྲེག ཚྭ་བསྙལ་བཅས་ཀྱི་རིགས་ཉུང་ཙམ་གདམ་དགོས་པར་མ་ཟད། རླངས་བཙོས་དང་ཆུ་བཙོས་སོགས་མང་དུ་གདམ་དགོས།
ཟས་གཙོ་བོ། སྤྱིར་བཏང་གི་མི་ཚོགས་ཀྱིས་ཟས་ཐུན་རེ་རེར་འབྲས་ཕོར་བ1ནས2ཟོས་ན་འདང་བ་ཡིན། འོན་ཀྱང་། གང་ཐུབ་ཀྱིས་འབྲས་ཞིབ་དང་ཕྱེ་དཀར་བོ་ཁོ་ན་བཟའ་མི་རུང་། དཔེར་ན། ཡུག་པོ་དང་བྲ་བོ། ལིས། གྲོ། སྲན་ཟས་རིགས། སྲན་དམར་ཟས་རིགས། ཞོག་མངར་རླངས་བཙོས། ཞོག་ཁོག་རླངས་བཙོས། མ་རྨོས་ལོ་ཏོག་རླངས་བཙོས་སོགས་ཀྱང་གདམ་ག་ཡག་པོ་ཞིག་ཡིན།

ཚོ་བྱང་བར་བཟའ་བཏུང་ལས་གཞན་ད་དུང་ཐབས་ཤེས་ཆུང་ཆུང་འདི་དག་ཡོད་དེ།
1. གཉིད་པ། རྒྱུན་པར་མཚན་ཕུད་པ་དང་གཉིད་མི་འདང་བ། ངལ་གསོ་ལ་ཆོས་ཉིད་མེད་པ་སོགས་ཀྱིས་ནང་གི་ཟགས་ཐོན་བརྟན་འཇགས་མིན་པ་དང་ཚིལ་ཞག་གི་བརྗེ་ཚབ་རྒྱུན་ལྡན་མིན་པར་གཏོང་སྲིད་པ་དང་། དེར་བརྟེན་ནས་ངལ་དུབ་ཆེ་དྲགས་པས་ཚོ་ཆེ་བ་འབྱུང་། ཚོ་ཆེ་བའི་མི་རྣམས་ཀྱིས་ཉིན་མཚན་གྱི་སྐྱེ་དངོས་འཁོར་འགྲོས་ལྟར་ཉིན་རེར་ཆུ་ཚོད་བདུན་ཡས་མས་སུ་གཉིད་པ་ཁག་ཐེག་བྱ་དགོས།
2. འགུལ་སྐྱོད། ལུས་པོར་འགུལ་སྐྱོད་ཀྱིས་མི་འདང་བའམ་ཡང་ན་འགུལ་སྐྱོད་མི་བྱེད་པ། ཡུན་རིང་ཙོག་པུར་འདུག་པའི་འཚོ་བའི་གོམས་གཤིས་ནི་ཚོ་ཆེ་བ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཚོ་ཆེ་བ་རྣམས་ཀྱིས་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་འགུལ་སྐྱོད་ཀྱི་རྩ་དོན་ནི་དྲག་ཚད་འབྲིང་ཙམ་མམ་ཅུང་དམའ་བའི་དབྱང་ལྡན་འགུལ་སྐྱོད་གཙོ་བོ་ཡིན་པ་དང་། འགོག་ལྡན་འགུལ་སྐྱོད་ཕལ་བ་ཡིན།
3. ཙོག་ཡུན་ཐུང་བ། ཉིན་རེར་ཙོག་པུར་འདུག་པ་དང་གཞན་དབང་བརྙན་ཤེལ་ལ་ཅེར་བའི་དུས་ཡུན་ཆུ་ཚོད2ནས4བར་ཚོད་འཛིན་བྱ་དགོས། དུས་ཡུན་རིང་བོར་ཙོག་པུར་འདུག་པའམ་ཡང་ན་ཅོག་ཙེར་སྦྱར་ཏེ་ལས་ཀ་བྱེད་མཁན་གྱིས་ཆུ་ཚོད་རེའི་ནང་ལ་སྐར་མ3ནས5ཙམ་ལ་ཡར་ལངས་ནས་འགུལ་སྐྱོད་བྱ་དགོས།
责任编辑:七林卓玛
- བདེ་ཆེན་གསར་འགྱུར།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108