中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་འགོག་འཛིང་རགས་བརྟན་པོ་སྐྲུན།

ཁྱབ་བསྒྲགས་དུས་ཚོད་:2026-02-06 15:16:23

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”སྐྱེ་ཁམས་བདེ་ཆེན་བྱ་རིགས་ཀྱི་དགའ་ཚལ་ཞེས་པའི་བྱ་གཟིགས་བྱེད་སྒོ་སྐབས་བརྒྱད་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”སྐྱེ་ཁམས་བདེ་ཆེན་བྱ་རིགས་ཀྱི་དགའ་ཚལ་ཞེས་པའི་བྱ་གཟིགས་བྱེད་སྒོ་སྐབས་བརྒྱད་པ་ནི་ཟླ་བ་1པོའི་ཚེས་21ཉིན་ནས་ཚེས་24ཉིན་བར་སྤེལ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཤེས་གསལ་བྱུང་དོན། བདེ་ཆེན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་མིང་རྟགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་བདེ་ཆེན་བྱ་རིགས་ཀྱི་དགའ་ཚལ་ཞེས་པའི་དགུན་དུས་ཀྱི་བྱ་གཟིགས་བྱེད་སྒོ་སྐབས་བདུན་གཉེར་ཡོད། ལོ་བདུན་རིང་། རིམ་རྩིས་བྱས་ན་བྱེད་སྒོས་རྒྱལ་ཁབ་ཕྱི་ནང་གི་བྱ་རིགས་ཀྱི་མཐུན་ཚོགས་50ལྷག་དང་འགྲན་ཞུགས་རུ་ཁག་74ཞུགས་པར་འགུག་ཡོད། བྱ་རིགས་277ཟིན་ཐོ་འགོད་ཡོད། བྱེད་སྒོ་དེས་འགྲན་བསྡུར་ཁོ་ན་ནས་སྐྱེ་ཁམས་སྟོན་པ་དང་། རིག་གནས་སྤེལ་རེས། ཡུལ་སྐོར་ཁྱབ་སྤེལ་བ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་ཀྱི་སྐྱེ་ཁམས་བདེ་ཆེན་བྱ་རིགས་ཀྱི་དགའ་ཚལ་ཞེས་པའི་བྱ་གཟིགས་བྱེད་སྒོ་སྐབས་བརྒྱད་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས》སྟེེགས་བུར་གྱུར་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གོམ་སྟབས་གཅིག་གྱུར་མངོན་འགྱུར་བྱུང་ཡོད།ཐེངས་འདིའི་བྱ་གཟིགས་བྱེད་སྒོ་ཡིས་“བྱ་རིགས་སྨྱན་སྦྱོར་དུ་བྱས་པ་དང་། སྐྱེ་ཁམས་གཙོ་བོར་འཛིན་པ། རིག་གནས་དང་ཡུལ་སྐོར་ཟམ་པར་བྱས་པའི”བསམ་ཕྱོགས་ལ་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོས་སྲུང་སྐྱོང་དང་། རིག་གནས་དང་ཡུལ་སྐོར་ཕུན་སུམ་ཚོགས་པོར་གཏོང་བ། སྐྱེ་ཁམས་ཁྱབ་སྤེལ་བཅས་ཀྱི་ལྟེ་བའི་དམིགས་འབེན་ལ་དོ་སྣང་དམ་པོ་བྱས་ནས། ས་བབ་མཐོ་བའི་བྱ་རིགས་ལ་གཟིགས་བའི་ཆེད་ལས་སྟེེགས་བུ་བཞེངས་སྐྲུན་བྱེད་པར་འབད་བརྩོན་ཧུར་ཐག་བྱེད་པ་དང་། “བྱ་གཟིགས+”ཞེས་པའི་སྣ་མང་མཉམ་འདྲེས་ཐོན་ལས་སྐྱེ་ཁམས་འཛུགས་སྐྲུན་བྱས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་མིག་དཔེ་སྐྲུན་ཏེ། མང་ཚོགས་ལ་ཆེད་ལས་རང་བཞིན་དང་། ལྟ་རོལ་རང་བཞིན། ཉམས་ལེན་རང་བཞིན། རིག་གནས་རང་བཞིན་བཅས་མཉམ་དུ་ལྡན་པའི་སྐྱེ་ཁམས་ཀྱི་ཚོགས་འདུ་གཟབ་རྒྱས་མངོན་རྒྱུ།

བྱེད་སྒོའི་རིང་ད་དུང་ཁྲུང་ཁྲུང་སྐེ་ནག་དབུས་རྒྱུད་ཀྱི་རིགས་ཁྱུ་སྲུང་སྐྱོང་དང་བེད་སྤྱོད་ཉམས་མྱོང་སྤེལ་རེས་དང་བྱ་གཟིགས་པ་+རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པའིིའ་མཚམས་སྦྱོར་ཚོགས་འདུ་སྤེལ་ཏེ། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་ཡོད་སྡེ་ཚན་དང་། ཚན་རིག་ཞིབ་འཇུག་སློབ་གྲྭ སྤྱི་ཕན་རྩ་འཛུགས་ཀྱི་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ནས་རྩ་ཆེའི་བྱ་རིགས་སྲུང་སྐྱོང་དང་། བབ་སྡོད་བྱེད་ས་ཉམས་གསོ། སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་ཏེ་བདེ་ཆེན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རིག་སྟོབས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ངོ་སྤྲོད་བྱས་པར་ལྟ་ན། བདེ་ཆེན་དུ་མིག་སྔར་བྱ་རིགས་470ལྷག་ཁྱབ་ཡོད། ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དུ་བྱས་ནས་ཉེ་བའི་ལོ་ཤས་རིང་དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཚད་རྒྱུན་མཐུད་དུ་འཕར་བ་དང་2025ལོར་562ཟིན་ནས་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ཡོད། བྱ་གཟིགས་བྱེད་སྒོ་སྐབས་བརྒྱད་པ་གཉེར་བས་བདེ་ཆེན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་མིང་རྟགས་སྔར་བས་གྲགས་པ་གཏོང་རྒྱུ་ཡིན་པ་དང་སྲུང་སྐྱོང་དང་འགྲེམ་སྟོན་དང་བེད་སྤྱོད་བཅས་འཁོར་རྒྱུག་བཟང་པོ་ཆགས་པར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་སྒུལ་ཤུགས་བསྣན་རྒྱུ།

མེ་འགོག་དུས་སུ་སླེབས་པ་ནས། དྲོད་ཚད་ཚ་གྲངས་ཆེ་བ་དང་ནགས་ཁུལ་དུ་འབར་རྫས་ཀྱི་ཐེག་ཚད་ཅུང་མང་བ་སོགས་ཀྱི་ཤུགས་རྐྱེན་ངན་པས་ནགས་ཚལ་མེ་འགོག་གི་དུས་བབ་ཛ་དྲག་ལྡན། ཁུལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱས་པ་དང་འཐུས་ཚང་འཕེལ་རྒྱས་ཀྱི་འགན་ནུས་ཚུགས་གནས་ལ་སྐུལ་འདེད་གཏོང་བར་གཞི་ཚུགས་ཏེ། ནགས་ཚལ་མེ་འགོག་ལྟ་སྐུལ་ལས་དོན་དེ་སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགག་རྩའི་དམ་འཛིན་ས་བྱས་ནས། ལྟ་སྐུལ་དོ་དམ་ནན་པོ་དང་སྒྲིག་ཁྲིམས་ལག་བསྟར་བྱས་པར་ཤུགས་སྣོན་རྒྱག་པ། ཕན་འབྲས་ལ་དོ་སྣང་བྱས་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་འགོག་གི་འཛིང་རགས་བརྟན་པོ་སྐྲུན་པར་སྒྲིག་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ།

ལྟ་སྐུལ་ལས་དོན་ལ་གནད་སྨིན་ཤུགས་འདོན་པ་དང་སྐུལ་འདེད་གཏོང་ཆེད། ཁུལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་ནགས་ཁུལ་ཁྱབ་ཚུལ་གྱི་ཁྱད་ཆོས་དང་མེ་སྐྱོན་སོགས་ཀྱི་ཉེན་ཁའི་རིམ་པ་དབྱེ་སྟངས། སྔ་ལོའི་མེ་སྐྱོན་བྱུང་བའི་ཆོས་ཉིད་བཅས་དང་བསྟུན་ནས། ལྟ་སྐུལ་གཙོ་གནད་གསལ་པོ་དང་འགན་འཁྲིའི་ལས་བགོས་ཞིབ་ཚགས། ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་སྟེེྟེས། སྡེ་ཚན་དང་ཚོ་ཆུང་། ས་གནས་བཅས་མཉམ་འགུལ་གྱིས་ལྟ་སྐུལ་ལམ་སྲོལ་འཛུགས། ལྟ་སྐུལ་ཞིབ་བཤེར་ཁང་དང་མངགས་གཏོང་བཅའ་སྡོད་ལས་ཁུངས། རྫོང་དང་གྲོང་ཁྱེར་གྱི་སྒྲིག་བཤེར་ལྟ་ཞིབ་སྟོབས་ཤུགས་བཅས་གཅིག་བསྡུས་བྱས་ཤིང་། མཉམ་འབྲེལ་མངའ་ཁོངས་ཀྱི་གཙོ་གནད་ནགས་ཁུལ་གྱི་ཞང་དང་གྲོང་རྡལ། རྒྱལ་ཁབ་ལ་དབང་བའི་ནགས་ར། རང་བྱུང་སྲུང་སྐྱོང་ཁུལ་དང་ནགས་ལས། བབ་བསྟུན་དོ་དམ། སྤྱི་བདེ་སོགས་འགན་ནུས་སྡེ་ཁག་གནད་འགག་དང་མཉམ་འབྲེལ་བྱས་ནས།གོང་འོག་མཉམ་འགུལ་དང་གཡས་གཡོན་མཐུན་སྦྱོར། ས་ཁོངས་ཡོངས་ལ་ཁྱབ་པའི་ལྟ་སྐུལ་དོ་དམ་གྱི་རྣམ་པ་ཆགས། དེ་དང་དུས་མཚུངས་སུ། ནགས་ཚལ་མེ་འགོག་གི་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་དེ་ནམ་རྒྱུན་གྱི་ལྟ་སྐུལ་དོ་དམ་ནང་འཇོག་སྟེེ། རིམ་པ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲི་ལ་ལྟ་སྐུལ་བྱས་ནས། ནགས་ཚལ་རྩྭ་ཐང་དང་བབ་བསྟུན་དོ་དམ། སྤྱི་བདེ་སོགས་སྡེ་ཁག་གིས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱས་པར་སྐུལ་འདེད་གཏོང་རྒྱུ།

བདེ་ཆེན་མཐོ་སྒང་གི་རྩི་ཤིང་སྐྱེ་འཚར་དལ་བ་དང་སྐྱེ་ཁམས་ཉམས་ཞན་ཡིན་པས། ནགས་ཚལ་མེ་འགོག་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་གལ་འགངས་ཆེ། ནགས་ཚལ་མེ་འགོག་ལས་དོན་བརྟན་བརླིང་ངང་སྒྲུབ་མ་ཐུབ་ན། སྟོང་མེད་དུ་གཏོང་རྒྱུ་རེད། རིམ་པ་རྗེས་མའི་ལས་དོན་ཁྲོད། ཁུལ་ཡོངས་སྒྲིག་བཤེར་ལྟ་ཞིབ་མ་ལག་གིས་མུ་མཐུད་དུ་ནགས་ཚལ་མེ་འགོག་གི་ཆེད་དོན་ལྟ་སྐུལ་དོ་དམ་གཏིང་ཟབ་བྱས་ཏེ། གནད་འགག་གི་དུས་རིམ་དང་ཉམས་ཞན་གྱི་དུས་རིམ་ལ་དམིགས་ཏེ། རྒྱུན་ཆད་མེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། དུས་མཚུངས་སུ། ལྟ་སྐུལ་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་གཏོང་སྟེེ། ལྟ་སྐུལ་དང་ལས་རིགས་ལྟ་སྐུལ་དོ་དམ་མཉམ་འདྲེས་ངང་གཏིང་ཟབ་བྱས་ཤིང་། སྒྲིག་ལམ་དང་དོན་དངོས་ཀྱི་བྱ་ཐབས་ལ་བརྟེན་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་འགོག་ལས་དོན་སྲུང་སྐྱོང་བྱས་ནས། མངའ་ཁོངས་ཀྱི་རི་ཀླུང་སྔོ་ལྗོངས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བྱེད་པ་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ།

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།

ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com