中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་གྱི་དབུལ་སྐྱོར་ཞིང་ལས་ཐོན་རྫས་ལོ་གསར་གྱི་མཁོ་ཆས་སུ་གྱུར་བ།

ཁྱབ་བསྒྲགས་དུས་ཚོད་:2026-02-09 17:25:37

 ཟླ་1པོའི་ཚེས་15ཉིན། གསར་འགོད་པ་སེམས་ཀྱི་ཉི་ཟླའི་ཐོག་མའི་ཐོན་ཡུལ་བཟའ་བཅའི་རྒྱུ་ཆའི་ལྟེ་གནས་(སེམས་ཀྱི་ཉི་ཟླའི་འཛད་སྤྱོད་རོགས་སྐྱོར་ཁང)སུ་སྐྱོད་སྐབས།  ཚོང་སྒྲོམ་ཐོག་འཛད་སྤྱོད་རོགས་སྐྱོར་གྱི་ཞིང་ལས་ཐོན་རྫས་སྣ་ཚོགས་ཀྱིས་ཁེངས་ཡོད་པ་དང་། མི་སེར་གྱི་“ཤ་ཚལ་སྒོང་གསུམ”དང་“ཤ་སྡེར”ཕུན་སུམ་ཚོགས་པོར་བཏང་ནས་མི་རྣམས་ཀྱིས་བདེ་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་བྲོ་བ་མྱོང་ཐུབ་པ་བྱུང་ཡོད།

སེམས་ཀྱི་ཉི་ཟླའི་ཐོག་མའི་ཐོན་ཡུལ་བཟའ་བཅའི་རྒྱུ་ཆ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་འཛད་སྤྱོད་པས་བཟའ་བཅའི་ཐད་སྤུས་ཚད་དེ་བས་མཐོ་བའི་བླང་བྱ་བཏོན་པ་དཔེར་ན་ཚོང་ཁང་ནང་འཚོང་བཞིན་པའི་གཏེར་མ་རོང་གི་སིལ་ཏོག་ལི་ཡིས་བཟོས་པའི་ཀ་ར་དང་།   ཉི་ཤར་གྱི་སི་པེན། ཨ་ཆེན་མའི་ནས་ཐུག་སོགས་ཐོན་རྫས་ཚང་མ་ཁུལ་ཡོངས་ཀྱི་ཞིང་ལས་ཁེ་ལས་ཁག་ནས་ཡོང་བ་དང་། སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་སྤུས་རྟགས་བདེན་དཔང་ར་སྤྲོད་ནན་པོ་བྱས་པ་བརྒྱུད་དེ་སེམས་ཀྱི་ཉི་ཟླའི་བོད་ཀྱི་བྱ་ཤ་ལྟ་བུའི་ཚོང་ཟོག་ཁག་གཅིག་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་ཡོད།   ས་ཁུལ་འདི་གར་དམིགས་བསལ་དུ་ཡོད་པའི་ལྗང་མདོག་སྐྱེ་ལྡན་བཟའ་བཅའི་ཁོངས་སུ་གཏོགས་པའི་སེམས་ཀྱི་ཉི་ཟླའི་སྒོ་ང་ལ་སྐྱེ་ལྡན་སེ་འདུས་གཉིས་ལྡན་གྱི་བདེན་དཔང་ར་སྤྲོད་ཐོབ་ནས་མི་སེར་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཟེར།

ཞིང་ལས་ཐོན་རྫས་དེ་དག་གི་སྤུས་ཚད་འགན་ལེན་ཡོད་པ་མ་ཟད་རིན་གོང་ཡང་ཧ་ཅང་ཁེ་པོ་ཡོད།  ངས་དེ་རིང་ཉོས་པའི་མར་ཚང་མར་རང་ཉིད་ཀྱི་མཚོན་རྟགས་ཡོད་པས་བློ་བདེ་པོ་འདུག འདི་ནས་རང་ཉིད་ཀྱི་བློ་ཡིད་ཚིམ་པའི་ལོ་གསར་གྱི་མཁོ་ཆས་ཉོ་ཐུབ་པ་མ་ཟད། དབུལ་སྐྱོར་ཐད་ལའང་ནུས་པ་འདོན་ཐུབ་པས་གཅིག་གོ་གཉིས་ཆོད་བྱུང་ཡོད་ཅེས་མར་ཉོ་བར་ཡོང་བའི་སྐུ་མགྲོན་ཧོ་ཝུའེ་ཏུང་གིས་དགའ་ཚོར་ཆེན་པོས་ངོ་སྤྲོད་བྱས་བྱུང་།

ཁུན་མིང་དུ་ལོ་གསར་གཏོང་བར་ལོག་རྩིས་ཡོད་པའི་བློ་བཟང་གིས་ནས་ཐུག་དང་ནས་ཆང་ཉོ་བཞིན་ཡོད་པ་དང་། ཁོང་གིས་“ད་ཆ་ཕ་ཡུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་ཟོག་སྔར་བས་ལེགས་སུ་ཕྱིན་ནས་ཐུམ་སྒྲིལ་སྤུས་ལེགས་དང་ཇུས་འགོད་ཡག་པོ་ཡོད་པ་མ་ཟད། སྤུས་ཚད་འགན་ལེན་ཡོད་ལ་དེ་བས་བདེ་ཐང་ཡང་ཡོད། ལོ་གསར་ལ་གཉེན་ཉེ་སྐྱེལ་རྒྱུ་ནི་གདམ་ག་ཧ་ཅང་ཡག་པོ་ཞིག་རེད་ཅེས་བརྗོད་བྱུང་།

དྲ་སྦྲེལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་དྲ་ཐོག་ནས་ལོ་གསར་གྱི་མཁོ་ཆས་ཉོ་རྒྱུ་དེ་འཛད་སྤྱོད་པ་མི་ཉུང་བ་ཞིག་གི་གདམ་ག་གསར་པར་གྱུར་ཡོད། ལྟེ་གནས་དེས་ཀྱང་སྐད་འཕྲིན་དུ་“སེམས་ཀྱི་ཉི་ཟླའི་དབུལ་སྐྱོར་དམངས་ཕན་འཚོ་བ་ཁང”ཞེས་པའི་བྱ་རིམ་ཆུང་བ་སྤྱད་དེ་འཛད་སྤྱོད་པ་སྒོ་རྩིས་ཚོང་ཁང་གི་དྲ་ཐོག་ཚོང་ཁང་དུ་ཉོ་སྒྲུབ་བྱེད་པར་བསྐྱོད་ཆོག་པ་དང་ཟོག་འགྲེམས་ཁེ་ལས་ཀྱིས་ཚོང་ཟོག་སྒོ་འགྲམ་དུ་སྐྱེལ་བ་དང་དམངས་ལ་ཕན་པ་འདོགས་ཀྱི་ཡོད། དྲ་རྒྱའི་ཐོག་ད་དུང་ཅིང་ཏུང་སེམས་ཀྱི་ཉི་ཟླ་འགྲེམས་ཁང་བཙུགས་ཡོད་པ་དང་། 823རྒྱལ་ཡོངས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་དྲ་རྒྱའི་ཕྱིར་ཚོང་ལས་སྟེགས་ནང་ཞུགས་ནས་དེ་བས་རྒྱ་ཁྱབ་ཀྱི་ཕྱིར་ཚོང་ཐབས་ལམ་བཏོད་ཡོད།

ད་ལོ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་མཁན་མི་ཉུང་བ་ཞིག་གིས་ང་ཚོའི་ཐོན་རྫས་ཉོ་མྱོང་ཡོད།  ང་ཚོའི་དྲ་རྒྱའི་བྲིན་ཚོང་ལས་སྟེགས་བརྒྱུད་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་ཡོད། ཁེ་ལས་མི་ཉུང་བ་ཞིག་གིས་ཀྱང་ལས་བཟོར་ཕན་བདེ་མང་པོ་བསྐྲུན་ནས་ད་ཆ་ང་ཚོའི་ཚོང་ཟོག་ཀྱང་ས་ཆ་གཞན་གྱི་མིས་དགའ་པོ་བྱེད་པའི་ཁྱད་ལྡན་ལོ་གསར་གྱི་མཁོ་ཆས་སུ་གྱུར་ཡོད། མིག་སྔའི་བར་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་བརྒྱ་ཡན་ཟིན་ཡོད་ཅེས་བསོད་ནམས་སྒྲོལ་མས་ངོ་སྤྲོད་བྱས་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཐོན་ལས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་གཙོ་ཁྲིད་བྱེད་པ། ལས་རིགས་ཁག་ཞུགས་པ་བཅས་ཀྱི་འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། འཛད་སྤྱོད་རོགས་སྐྱོར་ཁང་བཙུགས་པ། ད་ཡོད་ཀྱི་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་ཐབས་ལམ་དང་ཐོན་ཁུངས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད། བདེ་ཆེན་གྱི་སྤུས་ལེགས་ཐོན་རྫས་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་གོང་འཕེལ་གྱི་ཐབས་ལམ་བཟོས་ནས་འཛད་སྤྱོད་དབུལ་སྐྱོར་གྱི་གཞི་རྟེན་བཏོད་དེ་ཐོན་ཚོང་སྦྲེལ་མཐུད་ཀྱི་ལམ་སྲོལ་ཡག་པོ་བཙུགས་ཡོད།   ས་ཁོངས་འཕེལ་རྒྱས་ལ་ཐོན་ལས་ཡག་པོ་ཡོད་པ་དང་། ཞིང་དུད་ལ་འབབ་འཕར་ཡོང་རྒྱུར་ཐབས་ལམ་ཡག་པོ་ཡོད་པ། སྤྱི་ཚོགས་ཞུགས་རྒྱུར་སྟེགས་བུ་ཡག་པོ་ཡོད་པར་སྐུལ་འདེད་བཏང་ཡོད།

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།

ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com