中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-02-10 15:48:16

ཟླ་2པའི་ཚེས་9ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མཁོ་ཚོང་ཁང་ཤོག་སྦག་ཆེད་ཚོང་ཁང་དང་རྡོ་མཁར་རྫོང་དུ་ཕེབས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་དང་བཀོད་གཏོང་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “སྔོན་འགོག”གི་ལས་དོན་ཏན་ཏིག་སྒྲུབ་དགོས་ལ། “གནས་ས”ཡི་གྲ་སྒྲིག་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་དང་། དམ་འཛིན་ཞིབ་ཚགས། རྒྱུན་དུ་དམ་འཛིན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་དུས་བདེ་དང་། སྤྲོ་སྣང་། འཆམ་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་།

“མིག་སྔར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དུས་བབ་གང་འདྲ་འདུག་གམ། ལས་རེས་དམིགས་སར་འབྱོར་ཡོད་དམ་མེད། ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིག་ནུས་ནགས་ལས་བཀོད་འདོམས་ལྟེ་གནས་སུ་ལུའོ་ཁྲའོ་ཧྥེང་གིས་བཀོད་འདོམས་བཀོད་གཏོང་མ་ལག་བརྒྱུད་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་སྤྱི་ཡོངས་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་པ་དང་འབྲེལ་གཙོ་གནད་ས་ཁོངས་ཀྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་སྐབས་བསྟུན་སྐོང་འཐེན་བྱས་ནས་མི་སྣའི་ལས་གནས་བརྟན་སྲུང་དང་། རི་གྲོང་གི་ཐོ་འགོད་དོ་དམ། མེ་ཁུངས་དོ་དམ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་མིག་སྔར་གནམ་གཤིས་སྐམ་ཤས་ཆེ་བ་དང་མེ་ཟོན་དུས་བབ་ཛ་དྲག་ཡིན་ལ་རྙོག་འཛིང་ཆེ་བས་ངེས་པར་དུ་ལྷོད་གཡེང་གི་བསམ་བློ་ཁྱད་བསད་དང་དོགས་ཟོན་ཆེན་པོ་བྱེད་དགོས། སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་གསོད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། སྐོར་སྲུང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། མེ་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རིག་ནུས་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་ཡག་པོ་སྤྱོད་པ་བཅས་བྱས་ཏེ་ལམ་ཐིག་རྙིང་པ་དང་ནགས་ཁུལ་དུ་གློག་སྤྱོད་པ་སོགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་དག་ཐེར་བྱེད་དགོས། མེ་ཟོན་དཔུང་ཁག་འཛུགས་སྐྱོང་དང་དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་རྒྱག་དགོས། ནགས་སྲུང་བ་དང་ས་ཚིགས་ཀྱི་ལས་རེས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རི་སྐྱོད་མི་སྣ་དང་རྐང་ཐང་ཡུལ་སྐོར་བའི་དོ་དམ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ནགས་ཚལ་ཉེ་འཁོར་གྱི་གྲོང་ཚོའི་མང་ཚོགས་དང་གཙོ་གནད་མི་ཚོགས་ལ་སླར་ཡང་མངགས་བཅོལ་དང་། དྲན་སྐུལ། དོ་དམ་ནན་པོ་བཅས་བྱེད་དགོས་པར་བསྟན་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མཁོ་ཚོང་ཁང་ཤོག་སྦག་ཆེད་ཚོང་ཁང་དུ་ལུའོ་ཁྲའོ་ཧྥེང་གིས་ཤོག་སྦག་ཚོང་འདྲེན་གྱི་བརྒྱུད་ལམ་དང་། གསོག་ཉར་དོ་དམ། བྲིན་ཚོང་ཐོབ་ཐང་། བདེ་འཇགས་དོགས་ཟོན་བྱེད་ཐབས་བཅས་དོན་འཁྱོལ་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། ཁོང་གིས་ཤོག་སྦག་ནི་དམིགས་བསལ་ཚོང་ཟོག་ཡིན་པ་དང་བདེ་འཇགས་ནི་མ་མཐའི་མཚམས་ཐིག་ཅིག་རེད། གཉེར་སྐྱོང་ཚན་པ་ཁག་གིས་ངེས་པར་དུ་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱེད་པ། བཀར་འཇུག་གི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚད་ལྡན་སྒྲིག་སྲོལ་ལྟར་ཉར་ཚགས་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་ནན་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ལྷུ་ཚིགས་ཁག་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ཏེ་ཁྲིམས་འགལ་དང་ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། དུས་མཚུངས་སུ་བདེ་འཇགས་ངང་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་ཉོ་སྒྲུབ་དང་བདེ་འཇགས་ངང་མེ་སྤར་བར་ཁྲིད་སྟོན་བྱ་དགོས་ཞེས་བསྟན།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཕྱོགས་བསྡུས་འཕྲལ་སྡོམ་དོ་དམ་བཀོད་འདོམས་ལྟེ་གནས་སུ་ལུའོ་ཁྲའོ་ཧྥེང་གིས་རིག་ནུས་མེ་ཟོན་ལས་སྟེགས་བརྒྱུད་ནས་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་དང་སྔོན་བརྡའི་ཆ་འཕྲིན་ལ་ལྟ་ཞིབ་བྱས་ཏེ་དུས་ཆེན་གོང་གི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་འཕྲལ་སྡོམ་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས། ཁོང་གིས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་“ཀླད་ཀོར་ནས་འགོ་འཛུགས་པའི”བསམ་ཚུལ་ཐོག་ནས་མེ་ཟོན་ལས་དོན་འཕྱུགས་པ་གཏན་ནས་མེད་པ་བྱེད་དགོས། མི་དམངས་མཁའ་ཟོན་དང་། དངོས་ཟོག་སྔོན་འགོག ལག་རྩལ་སྔོན་འགོག་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་ནུས་ལས་སྟེགས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་བཀོད་གཏོང་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ནས་མེ་ཟོན་བདེ་འཇགས་བགྲོད་ལམ་ཤར་གཏོང་དང་། ཡུལ་མིའི་མགྲོན་ཁང་གི་གློག་དང་མེ་སྤྱོད་པའི་དོ་དམ། ཅ་དངོས་ཙག་ཙིག་ཚད་ལྡན་ངང་གཙང་སེལ་སོགས་ཀྱི་བཅོས་སྒྲིག་མུ་མཐུད་བྱས་ཏེ་མཛེས་བཟོ་དང་སྒྱུར་བཀོད་སོགས་ཨར་ལས་ཀྱི་ཞིབ་མཆན་འགོད་པ་དང་ས་གནས་ས་ཐོག་ཏུ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡུལ་མིའི་སྡོད་ཁང་གི་མེ་སྐྱོན་འགོག་ཟོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་དང་འཕྲལ་སྡོམ་དང་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་མང་ཚོགས་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།

དབྱང་ཞུའེ་ཝུན་བརྟག་ཞིབ་ནང་ཞུགས་ཡོད།



  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།

ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com