ཁུལ་སྲིད་གྲོས་ཀྱིས་2026ལོའི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་གྱི་ཇ་སྟོན་གྲོས་ཚོགས་འཚོགས།

ཟླ་2པའི་ཚེས་9ཉིན། ཁུལ་སྲིད་གྲོས་ཀྱིས་2026ལོའི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་གྱི་ཇ་སྟོན་གྲོས་ཚོགས་འཚོགས། ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོས་མཉམ་དུ་འཛོམས་ནས་འཕེལ་རྒྱས་གླེང་།
ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཇ་སྟོན་གྲོས་ཚོགས་སུ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན་གྲོས་ཚོགས་སུ་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚབ་ཞུས་ནས། འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ། བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ། བདེ་ཆེན་དུ་བཅའ་སྡོད་བྱས་པའི་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག མེ་གསོད་རོགས་སྐྱོབ་མི་སྣ། དེ་བཞིན་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་སྒྱུར་འཕེལ་བརྟན་གསུམ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།
ལུའོ་ཁྲའོ་ཧྥེང་གིས། ལོ་གཅིག་རིང་ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་།བརྒྱད་པ།དགུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་གཙོ་བོ་འཛིན་ནས་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ངང་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས། བརྟན་བརླིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་འགྲིལ་ཐུབ་པར་མངོན་འགྱུར་བྱུང་། ལོ་གཅིག་རིང་། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཆབ་སྲིད་དང་འགན་འཁྲི། དམངས་དོན། འཆམ་མཐུན། ཕན་ནུས་བཅས་“སྲིད་གྲོས་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་ཤུགས་ཆེ་རུ་བཏང་བ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་འཇོག་པ། ཇུས་འདོན་སྲིད་སྐྱོང་ལ་ཕན་འབྲས་དངོས་ཐོན་པ། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ། ཁུལ་ཡོངས་ཀྱིས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་རྗེས་འབུལ་ཡོད་ཅེས་སྟོན།
ལུའོ་ཁྲའོ་ཧྥེང་གིས། ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་ལོ་ཡིན་ལ། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་ཀྱི་“ལོ་བརྒྱད་ཀྱི་འཕེལ་རྒྱས་ཆེན་པོའི”རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་དང་པོ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་། ཐབས་འདོན་ཇུས་འདོན་ཧུར་ཐག དམངས་གཙོའི་ལྟ་སྐུལ་སྤེལ་བ་བཅས་བྱེད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་པ་གཏོད་པར་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་རྒྱ་ཆེར་སྤེལ་དགོས་ཞེས་ནན་གསུང་གནང་།
མིའོ་ཡིའུ་ཧྥ་ཡིས། ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཆེ་བའི་ཨུ་ཡོན་ཚོས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་འོག“སྲིད་གྲོས་ལྔ”འཛུགས་སྐྲུན་བྱས་པར་དམ་འཛིན་བྱེད་དེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དཔྱད་གླེང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་དང་འགན་འཁྲི་ལག་བསྟར་བཅས་བྱས་ཏེ། རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོས་པར་སེམས་ཤུགས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས།“ལོ་ལྔ་ཚན་བཅོ་ལྔ་པའི”སྐབས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་བ་བརྩམས་དགོས་ཞེས་སྟོན།
ཇ་སྟོན་གྲོས་ཚོགས་ཐོག ཁུལ་སྲིད་གྲོས་ཨུ་ཡོན་ཅང་མའེ་ཡིས་ཏང་ཕྱིའི་མི་སྣའི་ཚབ་ཞུས་ནས་གཏམ་བཤད་བྱས། རང་ཁུལ་གྱི་རིག་རྩལ་ལས་དོན་པས་ད་དུང་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།
ལེའོ་ཝུན་ཚའེ་དང་ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། ཧུའུ་ཧྥེ་ཞུང་སོགས་འགོ་ཁྲིད་ཇ་སྟོན་གྲོས་ཚོགས་ནང་ཞུགས།
ཁུལ་རིམ་པའི་སྡེ་ཚན་བཞི། སེམས་ཀྱི་ཉི་ཟླ་གྲོང་ཁུལ་དུ་སྡོད་པའི་ཐིང་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་མཚན་སྙན་ཐོབ་མཁན། བདེ་ཆེན་དུ་སྡོད་པའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། སེམས་ཀྱི་ཉི་ཟླ་གྲོང་ཁུལ་དུ་ཡོད་པའི་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན། ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། བདེ་ཆེན་དུ་བཅའ་སྡོད་བྱས་པའི་དཔུང་ཁག་གི་དཔོན་དམག་གཙོ་བོ་དང་ཕུལ་བྱུང་དམག་མིའི་འཐུས་མི་སོགས་ཇ་སྟོན་གྲོས་ཚོགས་ནང་ཞུགས།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།
《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག
ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།
ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108