ཞིང་ཨུའི་གྲོང་གསེབ་ལས་དོན་གྲོས་ཚོགས་ཁུན་མིང་དུ་འཚོགས་པ།
ཞིང་ཨུའི་གྲོང་གསེབ་ལས་དོན་གྲོས་ཚོགས་ཁུན་མིང་དུ་འཚོགས་པ།ཝང་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།ཝང་ཡུས་པོས་གཙོ་སྐྱོང་གནང་བ།ལིའུ་ཧུང་ཅན་ཚོགས་འདུར་ཕེབས་པ།

ཟླ2པའི་ཚེས9ཉིན།ཞིང་ཨུའི་གྲོང་གསེབ་ལས་དོན་གྲོས་ཚོགས་ཁུན་མིང་དུ་འཚོགས་པ།
ཟླ2པའི་ཚེས9ཉིན།ཞིང་ཨུའི་གྲོང་གསེབ་ལས་དོན་གྲོས་ཚོགས་ཁུན་མིང་དུ་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ།གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས།གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་ཏེ།ཡུན་ནན་གྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་དང་།རྒྱ་ཆེའི་ཞིང་པ་རྣམས་ཀྱི་སྣེ་ཁྲིད་དེ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲེང་ཀྲང་ཝང་ཡུས་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་ཕེབས་པ་རེད།
ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།
ཝང་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ང་ཚོས་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་སྡུག་ལྡན་པ།ཞིང་པ་ཕྱུག་པོ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པ།ལོ་རེ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས།
ཝང་ཉིང་གིས་“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱིས་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་དང་། མཐའ་ཚད་སྲུང་བ།གྲུབ་འབྲས་སྲ་བརྟན་དུ་གཏོང་བ།འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ལོ་5ཡི་བར་བརྒལ་རིང་སྤུས་ཚད་མཐོ་བའི་རྒྱུགས་ཤོག་ཕུལ་ཡོད།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་དམིགས་ནས་དབུལ་པོ་རང་ལོག་སྔོན་འགོག་དང་དབུལ་པོར་གྱུར་བའི་ཆུ་རགས་དེ་བས་བརྟན་དུ་གཏོང་དགོས། ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཞིང་འབྲེལ་ཞིང་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས་ཞིང་པའི་ཡོང་འབབ་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།ས་མཐོའི་ཁྱད་ལྡན་ཞིང་ལས་སྟོབས་ཆེར་གཏོང་བ་དང་ལེགས་ཆའི་ཐོན་ལས་ལ་དམ་པོར་དམིགས་ནས་“ལྗང་མདོག་སྤྲིན་རྫས”ཀྱི་སྤུས་རྟགས་ཕྱོགས་ཡོངས་ནས་གཏོད་རྒྱུ།ལས་ཞུགས་བར་མཐོངས་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་རྩ་འཛུགས་ཅན་གྱི་ཕྱིར་གཏོང་དང་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་བྱ་རྒྱུར་མཉམ་དུ་དམ་འཛིན་བྱས་པས་ཞིང་པའི་ལས་ཞུགས་དེ་བས་བརྟན་པོ་དང་ཡོང་འབབ་དེ་བས་མཐོ་བ་ཡོད།གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་སྔོ་འགྱུར་མཛེས་བཟོ་དང་། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་ཡུལ་སྐོར་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་རྒྱ་ཆེའི་གྲོང་གསེབ་དེ་བས་དྭངས་གཙང་དང་མཛེས་སྡུག་ལྡན་པ་དང་སྣོད་བཅུད་སྡོད་མལ་ལ་འཚམ་པ་བྱེད་དགོས།ཏང་གི་ཁྱོན་ཡོངས་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་མུ་མཐུད་ཆེ་རུ་བཏང་བས་གྲོང་གསེབ་ཏུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་ཕྱིན་ཡོད་ཅེས་བསྟན།
ཝང་ཉིང་གིས་ནན་གྱིས་བསྟན་དོན།ང་ཚོས་ལག་ལེན་ཁྲོད་དུ་“ཞིང་གསུམ་”གྱི་ལས་དོན་ནི་རང་ཞིང་ཆེན་གྱི་“གཞི་རྩ་”ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གྲུབ་འབྲས་དང་འབྲེལ་བ་ཡོད་པས།ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་དང་།མ་དངུལ་གྱི་ཐོག་ནས་རྒྱུན་མཐུད་འགན་སྲུང་དང་སྲིད་ཇུས་ཀྱི་ཐོག་ནས་རྒྱབ་སྐྱོར་གནད་སྨིན་བྱ་དགོས།ཞིང་པའི་འབབ་འཕར་ནི་“ཞིང་གསུམ”ལས་དོན་གྱི་“འགག་རྩ”ཡིན་པས་ངེས་པར་དུ་“མང་ཚོགས་ཀྱི་འབབ་འཕར་རྒྱུན་མཐུད་ཀྱི་དྲི་བར”ལན་ཡག་པོ་བཏབ་ནས་ཞིང་པའི་འབབ་འཕར་ལ་དེ་བས་འགན་ལེན་དང་དེ་བས་རྒྱུན་མཐུད་ཡོང་བ་བྱེད་དགོས།ས་མཐོའི་ཁྱད་ལྡན་ཞིང་ལས་ནི་རང་རེའི་ཞིང་ཆེན་གྱི“ཁྱད་ཆོས་ལྡན་པའི་གཅེས་ནོར”ཡིན་པས་ངེས་པར་དུ་གཞི་གཅིག་ཏུ་བསྡུས་ནས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་།ལས་སྣོན་ཞིབ་ཚགས།སྤུས་རྟགས་སྐྱེད་སྲིང་བཅས་ལ་སྐུལ་འདེད་བཏང་སྟེ་ཡུན་ནན་གྱི“ཉིང་ལྷེབ་”ཐོན་ལས་གཏོད་དགོས།གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད་པས་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།འཐབ་ས་དང་པོའི་དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་བ།མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཏེ་ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པོ་དང་།གྲོང་གསེབ་ས་ཁུལ་དེ་བས་དར་རྒྱས་ཡོང་བ།ཞིང་པའི་འཚོ་བ་དེ་བས་སྐྱིད་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ཝང་ཉིང་གིས་ནན་གྱིས་བསྟན་དོན།“ལོ་ལྔ་ཚན་བཅུ་ལྔ་པའི”རིང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་གྱི་དུས་མཚམས་གསར་པར་བསྒྱུར་ནས་ཞིང་ཆེན་ཡོངས་ཀྱི་“ཞིང་གསུམ”ལས་དོན་ཐད་བྱ་བ་6གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ་དམིགས་སའི་རང་བཞིན་དེ་བས་ལྡན་པའི་སྒོ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།དམིགས་ཡུལ་མ་ནོར་བར་འཚོལ་དགོས་པ་དང་།ཞིང་ཆེན་གྱིས་ཁྱོན་ཡོངས་དམ་འཛིན་དང་།ཁུལ་གྱིས་སྐུལ་འདེད།རྫོང་གིས་དོན་འཁྱོལ།ཤང་གིས་རྩ་བ་སྲུང་བ།གྲོང་ཚོ་དང་དུད་ཚང་ལ་ཁྱབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ།ཡོང་སྒོ་བལྟོས་བཅས་ཀྱིས་ཅུང་དམའ་བའི་ཞིང་དུད་ལ་དམ་པོར་དམིགས་ཏེ།གནད་སྨིན་རོགས་སྐྱོར་དང་བྱེད་ཐབས་ཁ་གཏད་དུ་འཇོག་པ་དང་།ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་ཁོ་ཚོའི་ཡོང་སྒོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རོགས་རམ་བྱ་དགོས།ཐབས་ལམ་ཡང་དག་པ་བདམས་ནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཞིང་པའི་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་།འགོ་བརྩམས་མ་ཐག་ནས་མང་ཚོགས་ཀྱི་ཁེ་ཕན་ཐོན་ལས་སྦྲེལ་ཐག་ཏུ་མཉམ་འདྲེས་བྱས་ཏེ།ཞིང་པར་མཉམ་འབྲེལ་དང་ཞིང་པར་འབྲེལ་གཏུག་བྱེད་པ་དོན་དངོས་དང་མཐུན་པ་དང་།བརྟན་པོ།རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་འགན་ལེན་བྱ་དགོས།དངུལ་བེད་སྤྱོད་ཡག་པོ་གཏོང་བ་དང་།བསྔགས་སྐུལ་དང་གཅུན་འདོམས་ལམ་སྲོལ་འཛུགས་པ།རོགས་སྐྱོར་མ་དངུལ་ཞིང་པའི་སྟེང་དུ་སྤྱད་ཡོད་མེད་དང་།རྣམ་གྲངས་བཟང་པོའི་སྟེང་དུ་སྤྱད་ཡོད་མེད།ཕན་འབྲས་ཐོན་པར་སྤྱད་ཡོད་མེད་བཅས་ལ་བལྟས་ནས་མང་ཙམ་སྒྲུབ་པ་དང་མང་ཙམ་རྒྱབ་སྐྱོར་བྱེད་པའི་ཁྲིད་ཕྱོགས་འཛུགས་དགོས།ཐོན་ལས་སྟོབས་ཆེར་གཏོང་བ་དང་།རིགས་སྣའི་སྤུས་ཚད་ལེགས་པ་དང་།ཡོང་སྒོ་འཕར་བའི་ཕན་འབྲས་བཟང་བ།ཚོང་རའི་མདུན་ལྗོངས་ལེགས་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ཞིང་ལས་ཚན་རྩལ་ཞབས་ཞུ་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།འདེབས་འཛུགས་ལས་རིགས་དང་།འདེབས་གསོ།ལས་སྣོན།ཕྱིར་འཚོང་བཅས་དམ་འཛིན་ལེགས་པོ་བཅས་བྱས་ཏེ་ལྕགས་ཐག་ཧྲིལ་པོའི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས།སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་།གནས་སྡོད་འཚམ་ཞིང་ལས་གཉེར་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ།ལྗང་མདོག་ཁ་སྣོན་དང་།སྦགས་བཙོག་སེལ་བ།འཆམ་མཐུན་ཡོང་བ་བཅས་ལ་དམིགས་པ་དང་།ལྗང་མདོག་ཅན་དུ་བསྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ།གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་ཚར་གཅོད་དམག་འཐབ་ཡག་པོ་རྒྱག་པ།ཡ་རབས་ཀྱི་ཡུལ་སྲོལ་འཛུགས་སྤེལ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱ་དགོས།རྩ་འཛུགས་སྟོབས་ཆེར་གཏོང་བ་དང་།ཏང་གིས་“ཞིང་གསུམ་”ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ།སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བ།སྲིད་ཇུས་དང་།ཐོན་ཁུངས།ཞིང་པ་བཅས་སྦྲེལ་མཐུད་ནུས་ལྡན་བྱེད་པ།ཞིང་ལས་འཕེལ་རྒྱས་དང་།གྲོང་གསེབ་འཛུགས་སྐྲུན།ཞིང་པའི་ཡོང་འབབ་འཕར་སྣོན་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་དགོས།
ཝང་ཡུས་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།
ཝང་ཡུས་པོ་ཡིས་གཙོ་སྐྱོང་གནང་སྐབས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཧྲུའུ་ཅི་ཝང་ཉིང་གིས་ལས་འགན་ཁག་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ།བརྩེ་སེམས་འཆང་བ་དང་འགན་འཁྲི་འཁུར་བ།སྲིད་ཇུས་དོན་འཁྱོལ་དང་། ལས་དོན་དོན་འཁྱོལ།འགན་འཁྲི་དོན་འཁྱོལ་བཅས་ལ་དམ་འཛིན་ནན་པོ་བྱེད་པ།ཡུལ་བབ་དང་བསྟུན་པ་དང་། གཙོ་གནད་དམ་འཛིན།བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་པ་དང་།ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲའོ་ཡུའེ་ཞ་དང་། ཀྲའོ་ཅུན་མིང་། ཝང་ཀྲེང་དབྱིན། དབྱང་ཡ་ལིན།ཝང་ཞན་ཀང་། ཧྲི་ཡུས་ཀང་། ཅང་ཧྲན་བཅས་ཚོགས་འདུར་ཞུགས་པ་རེད།ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་།ཁུལ་(གྲོང་ཁྱེར)བཅས་ཀྱི་འགན་འཁུར་བློ་མཐུན་ཞུགས་ཡོད་པ་རེད། ཚོགས་འདུ་ནི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་རིམ་པར་འཚོགས་པ་རེད།

来源:云南发布
翻译:万玛措
编辑:才让东周
二审:万玛措
终审:卓玛央初 杨翠海
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།
《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག
ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།
ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108