中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དབྱར་ཁ་སྐོམ་འདི་དག་འཐུང་ན་གཟུགས་པོར་ཕན་པ་ཆེ།

ཁྱབ་བསྒྲགས་དུས་ཚོད་:2026-06-25 15:23:02 འབྱུང་ཁུངས་:大美安多

དབྱར་ཁ་གནམ་གཤིས་ཚ་བ་ཆེ་བས། ང་ཚོའི་ལུས་པོའི་བདེ་ཐང་ལ་འགྲན་སློང་སྣ་ཚོགས་འཕྲད་ཀྱི་ཡོད། དཔེར་ན། ཚ་བ་རྒྱས་པ་དང་། ཚ་གདུག་ཕོག་པ།  བཞའ་བརླན་ཆེ་བ། གཉིད་མི་ཁུག་པ་བཅས་ཀྱི་གནས་ཚུལ་ཅི་རིགས་ཐོན་སླ་བ་མ་ཟད། སྙིང་དང་ཀླད་པའི་ཁྲག་རྩའི་ཁུར་པོ་ཡང་ཇེ་ལྗིད་དུ་འགྲོ་ཡི་ཡོད་པས། ནམ་ཟླ་དབྱར་དུས་སུ་གཤམ་གྱི་སྐོམ་རིགས་བཞི་པོ་འདི་དག་འཐུང་ན་ལུས་པོར་ཕན་ཐོགས་ཆེན་པོ་ཡོད་སྐད།

图片

 

ཚ་བ་སེལ་ཞིང་སྙིང་ཀླད་ཁྲག་རྩར་ཕན་པའི་མེ་ཏོག་དྲི་ལྡན་ཇ་ལྗང་།

 དབྱར་དུས་གནམ་གཤིས་ཚ་བ་ཆེ་བས་མིའི་ལུས་པོར་ཚ་བ་རྒྱས་སླ། ཇ་ལྗང་གི་རང་བཞིན་བསིལ་ཞིང་ཚ་སེལ་གྱི་ནུས་པ་ལྡན། གཞན་ཡང་དབྱར་དུས་མིའི་ལུས་པོ་ནས་རྔུལ་ནག་བཞུར་མང་ཞིང་། ཁང་པའི་ཕྱི་ནང་གཉིས་ཀྱི་དྲོད་ཚད་ཧེ་བག་ཆེ་བས་སྙིང་ཀླད་ཁྲག་རྩའི་ཁུར་པོ་ལྕི་རུ་འགྲོ་ཡི་ཡོད།   ཇ་ལྗང་ལ་དབྱང་འགྱུར་འགོག་པ་དང་སྙིང་དང་ཀླད་པའི་ཁྲག་རྩ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་པས། དབྱར་དུས་ཇ་ལྗང་འཐུང་ན། སྙིང་དང་ཀླད་པའི་ཁྲག་རྩའི་དོན་རྐྱེན་འབྱུང་ཚད་དང་འཆི་ཚད་དམའ་རུ་གཏོང་ཐུབ་པ་མ་ཟད། ཇ་ལྗང་གིས་འབྲས་སྐྲན་འགོག་པ་དང་། ཁྲག་ཚིལ་ཉུང་དུ་གཏོང་བ།   ཁྲག་ཤེད་གཅོག་པ། ཤ་སྐམ་དུ་གཏོང་བ་བཅས་ལའང་ཕན་ཐོགས་ཡོད།

མེ་ཏོག་དྲི་ལྡན་ཇ་ལྗང་གི་ཕན་ཡོན། ཇ་ལྗང་གི་རང་བཞིན་བསིལ་བ་དང་། མེ་ཏོག་དྲི་ལྡན་གྱི་རང་བཞིན་ཅུང་དྲོ་བ་དེ་གཉིས་མཉམ་དུ་སྡེབ་སྦྱོར་བྱས་ནས་འཐུང་ན། ཇ་ལྗང་གི་བསིལ་བའི་རང་བཞིན་གྱིས་ཕོ་བར་ཕོག་ཐུག་གཏོང་བ་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད། མེ་དྲོད་འཕེལ་བ་དང་། སེམས་པ་ལྷོད་ལ་འབབ་པ། སེམས་ལ་སྐྱིད་སྣང་ཚོར་བ་བཅས་ཡོང་ཐུབ།  

མེ་ཏོག་དྲི་ལྡན་ཇ་ལྗང་བཟོ་ཐབས། ཇ་ལྗང་ཁེ་1ནས་3དང་། དྲི་ལྡན་མེ་ཏོག་ཁེ་0.5མཉམ་དུ་སྦངས་ནས་འཐུང་ན་འགྲིག

དྲན་སྐུལ་ཞུ་རྒྱུ་ཞིག་ལ། ཇ་ལྗང་ཚད་ལས་འདས་པ་དང་ཇ་ལྗང་གར་དྲགས་ན་མི་ལུས་ཀྱི་འཚོ་བཅུད་ཀལ་ཤོར་བའམ་ཡང་ན་ཕོ་བ་མི་བདེ་བ་ཡོང་སྲིད།

བཞའ་བརླན་དང་ཚ་གདུག་སེལ་བའི་ཝུའུ་མེ་སྲན་གསུམ་ཧྲེན་ཐང་།

ལྟོས་བཅས་ཀྱི་དབང་དུ་བཤད་ན། ལོ་གཅིག་གི་དུས་ཚིགས་བཞི་ཡི་ནང་ནས་དབྱར་དུས་ནི་གནམ་གཤིས་ཚ་བ་ཆེ་ཞིང་། ཆར་ཆུ་འབབ་མང་བ། མཁའ་དབུགས་ནང་དུ་བརླན་གཤེར་མང་བ་བཅས་ཀྱི་དུས་ཚིགས་ཤིག་ཡིན་པ་མ་ཟད། ནམ་རྒྱུའི་འཚོ་བའི་ཁྲོད་བཏུང་བྱ་གྲང་མོ་འཐུང་མང་བ་དང་། དྲོད་སྙོམ་འཕྲུལ་ཆས་བེད་སྤྱོད་གཏོང་མང་བའི་དུས་ཚིགས་ཤིག་ཀྱང་ཡིན་པས། མིའི་ལུས་ཁམས་གྱི་བཞའ་བརླན་སེལ་དགོས་ངེས་ཡིན། 

ཝུའུ་མེ་སྲན་གསུམ་ཧྲེན་ཐང་གི་ཕན་ཡོན། ཚ་གདུག་སེལ་བ་དང་རྔུལ་ནག་དོན་པ།  ལུས་ཟུངས་གསོ་ཞིང་མཚེར་པ་གསོ་བ།  བཞའ་བརླན་སེལ་བ་བཅས་ཀྱི་ནུས་པ་ལྡན། 

ཝུའུ་མེ་སྲན་གསུམ་ཧྲེན་ཐང་བཟོ་ཐབས། ཝུའུ་མེ་རྡོག1ནས2དང་།  སྲན་ནག་དང་། སྲན་ལྗང་། སྲན་སེར་བཅས་ཁག་སོ་སོ་ཁེ་20  ཐའེ་ཙེ་ཧྲེན(太子参)ཁེ35བཅས་གྲ་སྒྲིག་བྱེད་དགོས་ཤིང་། སྲན་མ་རིགས་གསུམ་ཆུ་ཚོད་གཅིག་རིང་ཆུ་ལ་སྦངས་རྗེས། དེའི་ནང་ལ་ཝུའུ་མེ་དང་ཐའེ་ཙེ་ཧྲེན་བླུགས་ཏེ་མཉམ་དུ་ཆུ་ཚོད1ནས2བར་བཙོས་རྗེས་ཀྱི་ཁུ་བ་འཐུང་ན་འགྲིག

འཛེམ་བྱའི་མི་ཚོགས། སྦྲུམ་མ་དང་ཕོ་བ་སྦོས་སླ་བའི་མི་ཚོགས་ཀྱིས་འཐུང་མི་རུང་། 

 

图片

 

ཡིད་སེམས་བདེ་ཞིང་གཉིད་ལ་ཕན་པའི་པོ་ཧོ་ཧྭ་ཧོན་མེ་ཏོག་ཇ།

དབྱར་ཁ་ནི་འབྱུང་བ་མེའི་ཁོངས་སུ་གཏོགས་པས། དབྱར་དུས་ཁོང་ཁྲོའི་མེ་ལྕེ་འབར་སླ་བ་མ་ཟད། ཚ་གདུང་གིས་མི་སེམས་འཁྲུགས་ནས་ངལ་དུབ་ལངས་བ་དང་ལུས་པོ་ཐང་ཆད་པ། གཉིད་མི་ཁུག་པ། སེམས་འཚབ་པ་སོགས་ཀྱི་གནད་དོན་འབྱུང་སླ། གཞན་ཡང་ཀྲུང་ལུགས་གསོ་རིག་གིས་རླུང་གིས་ཡིད་ཀྱི་བདེ་བ་འཕྲོག་ནས་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་སྲིད་པའི་ངོས་འཛིན་བྱེད། རླུང་གིས་གཉིད་ལ་ཤུགས་རྐྱེན་བཟོ་བ་ཕུད། ད་དུང་མིག་སྐམ་ཞིང་རླུང་དང་འཕྲད་ན་མིག་ཆུ་བཞུར་བ་སོགས་མི་བདེ་བའི་ནད་རྟགས་ཐོན་སྲིད་པས་དབྱར་དུས་རང་བྱུང་ཁམས་ཀྱི་རླུང་དང་དྲོད་སྙོམས་འཕྲུལ་ཆས་སོགས་ལས་ཐོན་པའི་རླུང་བསིལ་ལ་མཉམ་འཇོག་བྱེད་དགོས།

པོ་ཧོ་ཧྭ་ཧོན་མེ་ཏོག་ཇ་ཡི་ཕན་ཡོན། རླུང་རྒྱུ་བ་དང་། སེམས་གསོ་བ། སེམས་བདེ་བ།  གཉིད་ཁུག་པ།  མཆིན་རླུང་རྒྱུ་བ་དང་ཡིད་མུག་སེལ་བ་བཅས་ལ་ཕན་པ་མ་ཟད། ངོ་བོ་འཇམ་པའི་རང་བཞིན་ཡིན་པས་ལུས་པོར་མི་གནོད་པའི་ཕན་ཡོན་ལྡན།

པོ་ཧོ་ཧྭ་ཧོན་མེ་ཏོག་ཇ་བཟོ་ཐབས། ཕོར་པའི་ནང་དུ་པོ་ཧོ(སྐམ་རྫས)ཁེ2དང་། ཧོ་ཧོན་མེ་ཏོག(སྐམ་རྫས)ཁེ5སོན་ཙོའོ་རེན་(酸枣仁)རྗེན་པ་ཁེ5བཅས་ཆུ་ཁོལ་ནང་དུ་སྦངས་ཏེ་ཁ་གཅོད་བརྒྱབ་ནས་སྐར་མ10སོང་རྗེས།  ཉལ་དུས་ཆུ་ཚོད་གཅིག་གི་སྔོན་ལ་འཐུང་དགོས། 

འཛེམ་བྱའི་མི་ཚོགས། སྦྲུམ་མ་དང་ཕོ་མཚེར་གྲང་བའི་མི་ཚོགས་ཀྱིས་འཐུང་མི་རུང་།

 

图片

 

མཆིན་པ་གསོ་ཞིང་མིག་གསལ་བའི་འདྲེ་ཚེར་སྲིན་ཤིང་ལོ་མའི་ཇ།

འདྲེ་ཚེར་མ་དང་སྲིན་ཤིང་ལོ་མའི་ཇ་ཡི་ཕན་ཡོན། རླུང་འཇོམས་ལོག་སེལ་དང་། མཆིན་པ་གསོ་ཞིང་མིག་གསལ་བར་བྱེད།  

འདྲེ་ཚེར་མ་དང་སྲིན་ཤིང་ལོ་མའི་ཇ་བཟོ་ཐབས། ཕོར་པའི་ནང་དུ་འདྲེ་ཚེར་མ་ཁེ5དང་། སྲིན་ཤིང་ལོ་མ(སྐམ་པོ)ཁེ3བླུགས་ནས་ཆུ་ཁོལ་ནང་སྦངས་ཏེ་ཚ་ཐོག་ཏུ་འཐུང་ན་འགྲིག

འཛེམ་བྱའི་མི་ཚོགས། སྦྲུམ་མ་དང་ཕོ་མཚེར་གྲང་བའི་མི་ཚོགས་དང་། ཁྲག་མངར་ཉུང་བའི་མི་ཚོགས་བཅས་ཀྱིས་འཐུང་མི་རུང་།

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com