中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་དང་མཇལ་འཕྲད་གནང་།

རྩོམ་པ་པོ་:和帝龙 戴严 ཁྱབ་བསྒྲགས་དུས་ཚོད་:2026-02-12 17:01:15

   ཟླ་2ཚེས་11ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིའི་འཐུས་མི ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ལིན་དང་བཅས་པར་མཇལ་འཕྲད་གནང་ནས། ཕྱོགས་གཉིས་ཀྱིས་ཕྱོགས་བསྡུས་ནུས་རྒྱུའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད ཐུན་མོང་ཐོག་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུ་ལ་སྐུལ་འདེད་གཏོང་བདམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས

   ལུའོ་ཁྲའོ་ཧྥེང་གིས་ཀྲོའུ་ལིན་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིས་དུས་ཡུན་རིང་པོ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མིག་སྔར་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་དང་ལྗང་མདོག་ནུས་རྒྱུ་སོགས་ཐོན་ལས་ཀྱི་འཕེལ་རྒྱས་གཏོང་ཚུལ་བཟང་པོ་བྱུང་ཡོད་པས་ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ཁེ་ལས་ཀྱིས་ད་ཐེངས་ཀྱི་མཇལ་འཕྲད་གོ་སྐབས་སུ་བྱས་ཏེ་བདེ་ཆེན་དུ་མ་འཇོག་བཀོད་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་ནུས་སྣོན་ས་ཚིགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ དྲ་ཚིགས་ཁྱབ་ཚད་ཆེ་རུ་གཏོང་བ གཞི་གཅིག་ཅན་གྱི་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག དབྱི་ཅེ་སྟབས་བདེའི་ཚོང་ཁང་སོགས་དྲ་ཕྱིའི་དྲ་ཚིགས་ལ་བརྟེན་ནས་བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་བདེ་ཆེན་གྱིས་ཡུལ་སྐོར་བའི་གྲངས་འབོར་དེ་འཛད་སྤྱོད་འཕར་ཚད་ལ་འགྱུར་རྒྱུར་རམ་འདེགས་བྱ་རྒྱུའི་རེ་བ་བཏོན་པ་དང་།བདེ་ཆེན་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཞེས་བཤད

   ཀྲོའུ་ལིན་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིས་ཐོག་མཐའ་བར་གསུམ་དུ་ཡུན་ནན་་གཞི་ཚུགས་པ་དང་ས་གནས་ལ་ཞབས་འདེགས་ཞུས་ཏེ་བཅོས་སྣུམ་མཁོ་སྤྲོད་འགན་ལེན་དང་། ཁྲལ་བསྡུའི་ལེགས་སྐྱེས ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་ཐད་ལ་ནུས་པ་ཧུར་ཐག་བཏོན་ཡོད་པ་དང་ ཀུང་སིས་བདེ་ཆེན་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པས་འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ ཁྱད་ལྡན་ཐོན་རྫས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་ཟུང་འབྲེལ་བྱེད་པ་དང་། ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྡོ་སྣུམ་རྫས་འགྱུར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད

   ཝན་ཏན་ཆིན་མཇལ་འཕྲད་དུ་ཞུགས།



责任编辑:仁欠才让

  • ཁུལ་ནང་ཁུལ་གྱི་མགོ་གཙོ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་

ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com