中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས།

རྩོམ་པ་པོ་:黄晓丽 ཁྱབ་བསྒྲགས་དུས་ཚོད་:2026-02-12 17:03:27

   ཏང་ཀྲུང་དབྱང་དང་ཞིང་ཨུའི་གཅིག་གྱུར་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་2ཚེས་11ཉིན ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་2025ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས། རང་ངོས་གསར་བརྗེ་བྱེད་ཤུགས་ཆེ་རུ་བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱས སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས་“ལོ་ལྔ་ཚན་བཅུ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་སྲ་ཞིང་བརྟན་པའི་སྤྱོད་ཚུལ་གྱི་འགན་ལེན་བྱེད།

   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་ཀྱང་གནང་བ། ཞིང་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ལི་ཆི་ཧུང་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཁོངས་མི་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ།

   ཚོགས་འདུ་མ་འཚོགས་གོང་། ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱིས་རང་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་སྒོ་ནས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་བྱེད་ཤུགས་ཆེ་རུ་གཏོང་བ་སྐོར་གྱི་རྣམ་བཤད་གལ་ཆེན་སོགས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས། སྙིང་གཏམ་ཤོད་རེས་གཏིང་ཟབ་བྱས། ནན་ཏན་གྱིས་ལྟ་སྡུར་ཞིབ་བཤེར་ཡིག་རིགས་འབྲི་ནས། དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲ་སྒྲིག་ཁག་གཟབ་ནན་དང་།དངོས་ཐོག་ནས་ཡག་པོ་བསྒྲུགས་ཡོད།

ཚོགས་འདུ་ཡིག་ཐོག་ནས་ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་དང་དག་ཐེར་ལེགས་བཅོས་གཏིང་ཟབ་བྱས་ཚུལ་དང་། 2024ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དག་ཐེར་དང་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་། ལུའོ་ཁྲའོ་ཧྥེང་གིས་རྒྱུན་ཨུ་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་སྣེ་ཁྲིད་དེ་རང་སྐྱོན་རང་བརྗོད་བྱས རྒྱུན་ཨུ་བློ་མཐུན་གཞན་དག་གིས་རེ་རེ་བཞིན་གཏམ་བཤད་བྱས

   ལུའོ་ཁྲའོ་ཧྥེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས ད་ཐེངས་ཀྱི་ཚོགས་འདུར་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ མཐུན་སྒྲིལ་ཟབ་གཏོང་། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། གོམ་སྟབས་རྗེས་མར དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཞེས་བསྟན

   ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་རྒྱུན་ཨུའི་ཚན་ཁག་གིས་སྣེ་ཁྲིད་དེ་དད་སེམས་རྣམ་དག་ངང་ལག་ལེན་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་ལྷོད་མེད་བྱེད བསམ་བློ་དང་སེམས་ནུས་དེ་ཏང་ཀྲུང་དབྱང་གིས་སྤྲད་པའི་བརྟན་ལྷིང་དང་། འཕེལ་རྒྱས སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱེད་པའི་ཐོག་གཅིག་སྡུད་བྱེད་པ་པ་དང་། “སྲོག་ཤིང་ལ་བརྩི་བཀུར་དང་བློ་ཁ་པེ་ཅིང་ལ་གཏོད་”སེམས་ལ་ཟུག་པ། ཆབ་སྲིད་ཀྱི་ལྷག་བསམ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྣེ་ཁྲིད་དེ་བདེན་འཚོལ་དངོས་སྒྲུབ་བྱས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་སྐྱོད་པ་དང་། གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་དེ་སློབ་སྦྱོང་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་བ་དང་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་དགོས།སྣེ་ཁྲིད་དེ་འགན་འཁུར་ལས་སྒྲུབ་བྱས་ཏེ་“འགྲན་སློང་ཁག་བཞི”ལ་ཁ་གཏད་གཅོག་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གོ་སྐབས་དམ་འཛིན་དང་རང་འགུལ་ངང་འགན་འཁྲི་འཁུར་དགོས། སྣེ་ཁྲིད་དེ་རང་གཅུན་ནན་པོ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་འཁུར་བ ལས་བྱེད་པར་སློབ་གསོ་དང་། དོ་དམལྟ་སྐུལ་བཅས་ནན་པོ་བྱེད་པ ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ “སྤྱོད་གཙང་གི་དྲི་བ་གསུམ”ལ་ལན་ཡག་པོ་རྒྱག་པ་བཅས་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་།

   ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཡན་ལན་དང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་མིའོ་ཡིའུ་ཧྥ་ཚོགས་འདུར་ཟུར་ཞུགས་བྱས།



责任编辑:仁欠才让

  • ཁུལ་ནང་ཁུལ་གྱི་མགོ་གཙོ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་

ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com