中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་འབད་འབུངས་ཡར་བརྩོན་གྱིས་བདེ་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ།

རྩོམ་པ་པོ་:黄晓丽 ཁྱབ་བསྒྲགས་དུས་ཚོད་:2026-02-13 17:37:18



   ཁུལ་ཨུ་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོགའབད་འབུངས་ཡར་བརྩོན་གྱིས་བདེ་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ།

   ཟླ2པའི་ཚེས་12ཉིན།ཁུལ་ཨུའི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིཞིང་གསུམལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།གྲུབ་འབྲས་སྤྱི་བསྡོམས་དང་གནད་དོན་དབྱེ་ཞིབ།༢༠༢༦ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ནས།སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་བདེ་ཆེན་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་བྱས་ཡོད།

   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་།ཁུལ་མི་དམངས་འཐུས་    ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡན་ལན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཕེབས་པ།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ལོ་ལྔ་ཚན་བཅུ་བཞི་པའི་རིང་རང་ཁུལ་གྱིས་རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་ཀར་དམ་འཛིན་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས།ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཇེ་ཆེར་འགྲོ་བ་དང་།ཞིང་པའི་ཡོང་འབབ་ཇེ་མང་།གྲོང་གསེབ་ཀྱི་གསོན་ཤུགས་ཇེ་ཆེར་འགྲོ་བ་བཅས་བྱས་ནས།གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་།ཞིང་པའི་འཚོ་བའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ།ལོ་5ཡི་བར་བརྒལ་དུས་སྐབས་ཀྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

   ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།གནས་པའི་ཞན་ཆར་དམིགས་གཏད་དང་།དམིགས་སའི་རང་བཞིན་ཤུགས་ཆེར་གཏོང་བ།འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བཅས་བྱས་ཏེ།ལོ་ལྔ་ཚན་བཅོ་ལྔ་པའི་བདེ་ཆེན་གྱི་ཞིང་གསུམ་ལས་དོན་གྱི་འགོ་ཡག་པོ་འཛུགས་དགོས།རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཉེན་མེད་ཡོང་བ་བྱ་རྒྱུ་དེ་ཞིང་གསུམ་ལས་དོན་གྱི་དོན་ཆེན་ཨང་དང་པོར་བརྩིས་ནས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་ཉེན་མེད་ཡོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་།ཚན་རྩལ་ལ་བརྟེན་ནས་ནུས་པ་ཆེ་རུ་གཏོང་བ་དང་།ཐོན་ཚད་དང་།སྐྱེ་ཁམས་ཐོན་སྐྱེད།ཐོན་འཕར་འབབ་འཕར་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱ་དགོས།གཞི་གྲངས་གསལ་པོར་རྟོགས་པ་དང་།ཁ་གཏད་ཡང་དག་འཚོལ་བ།ཐབས་ཇུས་ཡང་དག་འདོན་པ་བཅས་བྱས་ཏེ།ཞིང་ཨུའི་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་བའི་གནད་དོན་གསར་པ་ལྔ་ལ་ལན་ནན་ཏན་འདེབས་དགོས།ནགས་ཚལ་དང་ཆུ།མཚེའུ་གསུམ་གྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་དང་།ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས།ནགས་ཚལ་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་གསོག་འཇོག་ནགས་ཚལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།ཞིབ་འཇུག་དང་ཇུས་འགོད་ནན་ཏན་བྱེད་དེ།།ཆུ་བརྒལ་ལས་རྣམ་གསར་པ་གང་མགྱོགས་བཀོད་སྒྲིག་བྱེད་པ་དང་།སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མཚེའུ་ཡི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་བ་དང་།ཉེ་འཁོར་གྱི་གྲོང་གསེབ་ཀྱི་སྐྱེ་ཁམས་ལྟ་སྐོར་དང་།རྐང་ཐང་མར་ཞིབ་འཇུག་སློབ་སྦྱོང་།དམངས་སྲོལ་སྡོད་ཁང་།བཟའ་བཏུང་སོགས་ལས་རྣམ་སྐུལ་ཁྲིད་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བྱེད་པའི་ལམ་དུ་བསྐྱོད་དགོས།ཁྲི་སྟོང་མང་པོ་ལས་གྲྭ་ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ་དང་།གྲོང་གསེབ་ཀྱི་སྦགས་བཙོག་གཉིས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ།རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ།གྲོང་གསེབ་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་པ།གྲོང་གསེབ་ཀྱི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་གནས་སྡོད་དང་།ལས་ཞུགས།མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་བསྐྲུན་དགོས།

   ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ཏང་གིས་ཞིང་གསུམ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ།སྲིད་ཇུས་འགན་སྲུང་དང་ཏང་ལེགས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་   ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་འགྲིལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

དབྱང་ཞུའེ་ཝུན་དང་།ཧོང་ལུང་ཞིན།ཞུས་ཀོང་ཏེ།ཁྲེན་ཚུང་།ལིའུ་ཐེན་མིང་།ཀྲོང་ཞའོ་ཕིན་བཅས་ཚོགས་འདུར་ཞུགས་པ་རེད།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཞུགས་ཡོད་པ་དང་།གྲོས་ཚོགས་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ང་(གྲོང་རྡལ་)རིམ་པའི་བར་དུ་འཚོགས་ཡོད།





责任编辑:仁欠才让

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com