བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།

ཟླ་བ་9པའི་ཚེས་9ཉིན་གྱི་སྔ་དྲོ། བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་མངགས་བཅོལ་ལྟར། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ལེའོ་ཝུན་ཚའེ་ཡིས་ཤིས་ཚིག་ནང་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁུལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད་བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པར་ཁྱབ་བསྒྲགས་གནང་།

འགོ་ཚུགས་མཛད་སྒོའི་ཐོག ལེའོ་ཝུན་ཚའེ་ཡིས་འབའ་ལུང་རྫོང་ལ་“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བཅུ་གཉིས་པའི་བྱང་བུ་”སྤྲད་པ་དང་། ཡུན་ནན་ཞིང་ཆེན་གྱི་མི་རིགས་རིག་གནས་སྤུས་ལེགས་ལས་གྲྭའི་རྣམ་གྲངས་ཀྱི་དངོས་མཚོན་གློག་བརྙན་《དྲིས་ལན》་དང་《མེ་འབར་སའི་ས་ཆ》་སོགས་མི་རིགས་རིག་གནས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། རིག་རྩལ་འཁྲབ་སྟོན་གྱི་རིམ་པ་རུ། གླུ་གཞས་《ཏང་གི་བཀའ་ལ་ཉན་ནས་ཏང་གི་རྗེས་སུ་འབྲངས》་ཞེས་པ་དེས་གངས་ལྗོངས་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་ཚུལ་ལེན་པ། 《ཀོང་རྩེད་རའི་མགྲོན་བསུ་སྐོར་བྲོ》་དེ་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ཡོད་པ་དང་སྤྲོ་སེམས་འཁོལ་བའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ། 《སྤྱང་ཀིས་རྟ་འདེད》་ཀྱི་གཞས་འཁྲབ་པ་དང་དེ་བཞིན་གདོད་མའི་སྐྱེ་ཁམས་གླུ་བྲོ་《བསྲེགས་རྨོད་གྲིས་འདེབས》་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ཞི་མཐུན་རྣམ་པ་གསོན་ཉམས་དོད་པོས་མངོན་པ།

མིག་སྔར། རང་ཁུལ་གྱི་རེས་སྐོར་གཉིས་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། དེའི་དམིགས་ཡུལ་ནི་ཚད་གཞི་སྔར་བས་མཐོ་བ་དང་བླང་བྱ་སྔར་བས་ནན་པོ། བྱ་ཐབས་སྔར་བས་ཏན་ཏིག་བཅས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཁྱབ་ཁོངས་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དེ་ཡིན། རང་ཁུལ་གྱིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཁྱོན་ཡོངས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ཏེ་བཅའ་ཁྲིམས་ལས་ཁུངས་དང་སློབ་གྲྭ གྲོང་གསེབ། སྡེ་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རེས་སྐོར་གཉིས་པའི་གསར་གཏོད་ཀྱི་ཚད་གཞི་གསར་པ་དང་བླང་བྱ་གསར་པར་དམ་པོར་དམིགས་ནས་གསར་གཏོད་ལས་དོན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ནང་གཏིང་ཟབ་མཉམ་འདྲེས་བྱས་ཏེ་གནས་རྐྱང་གི་“གཞོང་ལྗོངས”་ནས་ཁྱབ་ཁོངས་ཡོངས་ཀྱི་“ཡུལ་ལྗོངས”་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་། བདེ་ཆེན་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་སྟེགས་བུ་བསྐྲུན་ཏེ་མི་སེམས་གཅིག་སྒྲིལ་དང་སྙིང་སྟོབས་གཅིག་ལ་གཅིག་བརྟེན་ཡོང་བར་སྐུལ་འདེད་གཏོང་པ། མི་རིགས་ལས་དོན་གྱི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། མི་ཚང་མས་མཐུན་སྒྲིལ་ལ་གཅེས་འཛིན་དང་མི་ཚང་མས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་མཐུད་ངང་བསྐྲུན་རྒྱུ།
བྱེད་སྒོ་སྤེལ་ཡུལ་དུ། ད་དུང་ཡིག་གཟུགས་འགྲེམས་སྟོན་དང་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་མཉམ་གླེང་དང་། 2026ལོའི་དངུལ་རྩ་སློབ་གསོའི་དྲིལ་བསྒྲགས་གཟའ་འཁོར་དང་དངུལ་རྩའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རོགས་རམ་བྱེད་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》་དང་དེ་བཞིན་མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་བྱེད་སྒོ་བཅས་དུས་གཅིག་ཏུ་སྤེལ།
ཁུལ་དཔོན་གཞོན་པ་མཱ་གོ་ཀྲུང་གིས་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཅན་ཧྭ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཙི་ཅང་། བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་“བཅུ་སྐྱོད”་ཀྱི་སྣེ་ཁྲིད་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་མི་རིགས་ཁག་གི་མང་ཚོགས་འཐུས་མི་བཅས་འགོ་ཚུགས་མཛད་སྒོར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།
སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས།
རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག
བདེ་ཆེན་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་ལྔ་པ་)སྤེལ་འགོ་ཚུགས།
བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།
བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108