中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་ལྔ་པ་)སྤེལ་འགོ་ཚུགས།

རྩོམ་པ་པོ་:黄晓丽 何雨桐 ཁྱབ་བསྒྲགས་དུས་ཚོད་:2026-09-09 12:14:01 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
ཟླ་བ་9པའི་ཚེས་8ཉིན། སེམས་ཀྱི་ཉི་ཟླའི་གླེང་སྟེགས་སྐབས་ལྔ་པ་སེམས་ཀྱི་ཉི་ཟླར་སྤེལ་འགོ་ཚུགས། 

    ཟླ་བ་9པའི་ཚེས་8ཉིན།  སེམས་ཀྱི་ཉི་ཟླའི་གླེང་སྟེགས་སྐབས་ལྔ་པ་སེམས་ཀྱི་ཉི་ཟླར་སྤེལ་འགོ་ཚུགས།   གླེང་སྟེགས་ཀྱིས་སེམས་ཀྱི་ཉི་ཟླ་·བདེ་སྐྱིད་ཁྱིམ་གཞིས། སྤུས་ལེགས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་ཐོན་ལས་ལ་སྐུལ་འདེད་དང་ཚད་ལྡན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལག་ལེན་དང་རྒྱང་ལྟ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་ཡོངས་ས་གནས་ཁག་གི་མཁས་དབང་། འགོ་ཁྲིད་སྐུ་མགྲོན་བཅས་གདན་དྲངས་ནས་གྲོས་བསྡུར་སྤེལ་རེས་བྱས་ཏེ།  མཉམ་དུ་ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་སེལ་བ་དང་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། ཐོན་ལས་སྤུས་རྟགས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པ། བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྲུན་ནས།  བདེ་ཆེན་གྱི་སྤུས་ལེགས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་ཐོན་ལས་རྒྱུན་མཐུད་ཀྱིས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་པོ་གཅིག་ཏུ་བསྡུས་ཏེ།  རྒྱུན་ཆད་མེད་པར་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མིང་རྟགས་གསལ་པོ་བཟོ་བ་དང་། རྒྱུན་མཐུད་ངང་སྤུས་རྟགས་ལ་དངོས་གཟུགས་ཅན་གྱི་ཁེ་སྤོགས་གཏོང་།  

 
图片
 

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གླེང་སྟེགས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཤིས་ཚིག་ཕུལ། 

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་གླེང་སྟེགས་སུ་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།

图片
ལུའོ་ཁྲའོ་ཧྥེང་གིས་གཙོ་དོན་གཏམ་བཤད་གནང་།
  ལུའོ་ཁྲའོ་ཧྥེང་གིས།  མིག་སྔར།  རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དེ་ལས་རིགས་སྣ་མང་ལ་སྐུལ་ཁྲིད་བྱེད་པ་དང་།  ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཐོན་ལས་གཙོ་བོ་དང་དམངས་འཚོའི་ཐོན་ལས། བདེ་སྐྱིད་ལྡན་པའི་ཐོན་ལས་སུ་འགྱུར་བཞིན་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་རྣམ་གསར་པ་ཞིག་ཡིན་པའི་ཆ་ནས།  བདེ་ཆེན་གྱི་སྤུས་ལེགས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་ཐོན་ལས་གཞི་ཁྱོན་ཆེ་རུ་གཏོང་ནས་སྤུས་ཚད་མཐོར་གཏོང་དང་ཚད་ལྡན་དུ་གཏོང་བའི་དུས་རིམ་གསར་པར་སླེབས་ཡོད། བདེ་ཆེན་ཁུལ་གྱིས་བདེ་འཇགས་འཕེལ་རྒྱས་དང་ལུགས་མཐུན་གཉེར་སྐྱོང་གི་གཙོ་ཐིག་དམིགས་ནས། བདེ་འཇགས་ལ་འགན་སྲུང་ཡོད། ཁོར་ཡུག་སྲུང་སྐྱོང་ཚད་ལོན། ལས་རིགས་གོ་རིམ་ལྡན་པ། ཁྲོམ་རར་དགོས་མཁོ་ཡོད་པ། སྲིད་གཞུང་ལ་བྱས་རྗེས་ཡོད་པ་བཅས་ཕྱོགས་ལྔའི་ཐད་ནས་ཕྱོགས་ཡོངས་སུ་ཤུགས་སྣོན་རྒྱག་སྟེ།  བདེ་ཆེན་གྱི་སྤུས་ལེགས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཚད་ལྡན་དུ་བཏང་ནས།  བདེ་ཆེན་གྱི་དོན་དངོས་དང་མཐུན་པ་དང་། ཁྱད་ཆོས་མངོན་པ། དཔལ་འབྱོར་དང་སྐྱེ་ཁམས་ཀྱི་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་བཅས་ཀྱི་སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་བསྟན། སྐུ་མགྲོན་དང་གྲོགས་པོ་དེ་བས་མང་པོས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་འཛིན་ཏེ།  བདེ་ཆེན་དུ་བསྐྱོད་ནས་བདེ་ཆེན་ཤེས་རྟོགས་དང་བདེ་ཆེན་དུ་མ་དངུལ་འཇོག་པ། བདེ་ཆེན་དུ་ཟབ་ཞུགས་བྱས་ཏེ། ལག་གདང་སྦྲེལ་ནས་ཁྱད་ཆོས་ལྡན་པའི་སྤུས་ལེགས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་དེ་བས་མང་པོ་བཞེངས་སྐྲུན་བྱས་ཏེ།  དུས་རབས་གསར་པའི་བདེ་ཆེན་མཐོ་སྒང་དབྱར་མཚོ་རྒྱས་པ་ལྟར་བདེ་སྐྱིད་ལྡན་པའི་མཛེས་ལྗོངས་མཉམ་དུ་གཏོད་དེ།  ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་སྐོར་བྱེད་ས་བཞེངས་སྐྲུན་བྱེད་པའི་རེ་བ་བཏོན།
图片

ལི་ཡན་ལན་གྱིས་ཤིས་ཚིག་ཕུལ།

   ལི་ཡན་ལན་གྱིས།  ཉེ་བའི་ལོ་ཤས་རིང་།  རང་ཁུལ་གྱིས་སྤུས་ལེགས་མགྲོན་ཁང་དང་དམངས་སྲོལ་གནས་ཚང་ལ་བརྟེན་ནས།  གངས་རི་དང་རྩྭ་ཐང་།  དམངས་སྲོལ་རིག་གནས་དེ་མང་ཚོགས་ཐག་ཉེ་སར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་དུ་བསྒྱུར།    རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་གྱི་འཐུས་མི། ལས་རིགས་ཀྱི་མཁས་དབང་བཅས་ཀྱིས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འབུལ་བྱས་ནས།  མཐོ་སྒང་གི་རིག་གནས་ཡུལ་སྐོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ།  ཁྱད་ལྡན་ལེགས་ཆ་ལ་བརྟེན་ནས་ངོ་བོ་གཅིག་མཚུངས་ཅན་གྱི་འགྲན་རྩོད་ལས་གཡོལ་བ་དང་། ལས་རྣམ་ལ་བརྟེན་ནས་སྤུས་ཚད་ལེགས་སུ་གཏོང་སྟེ།  བདེ་ཆེན་གྱི་སྐྱེ་ཁམས་རིག་གནས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དམངས་ཕྱུག་གི་དངོས་ཕན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན།
图片
མིའོ་ཡིའུ་ཧྥ་ཡིས་གཙོ་སྐྱོང་གནང་།

འཁྲབ་ཁྲིད་པ་གྲགས་ཅན་དང་། འཁྲབ་གཞུང་རྩོམ་མཁན། གློག་བརྙན་བཟོ་མཁན་ཀྲང་དབྱང་དང་། ཞག་སྡོད་རིག་གནས་ཡུལ་སྐོར་མཉམ་གཉེར་བ།  ཇུས་འགོད་འགན་འཁུར་བ་ལན་ཝུན་པིན།   ས་དམ་ཡུས་ལུང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི།  ཏུང་ཧྲི་ཀྲང་ཧོ་ཞན་ཀྲུང་། ཀོང་ཏུང་ཞིང་ཆེན་བཟའ་བཏུང་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ།  ཞང་ཀང་ནང་ཁུལ་གྱི་བཟའ་བཏུང་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། མེང་ཙི་ཡོན་ཚོགས་པའི་སྲོལ་གཏོད་པ་ལི་ཧུང་ཝེ། ཅང་ལུའུ་ཡི་ཏུང་ཧྲི་ཀྲང་། མཉམ་འབྲེལ་སྲོལ་གཏོད་པ་ཀྲང་ཧུང་།  ཨ་རོགས་ཁམས་པའི་དམངས་སྲོལ་གནས་ཚང་གི་སྤུས་རྟགས་སྲོལ་གཏོད་མཁན་གྲགས་པ་སྐལ་ལྡན། སེམས་ཀྱི་ཉི་ཟླ་མགྲོན་ཁང་ཚོགས་པའི་ཀྲུང་ཧྭ་ཁུལ་ཆེན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཞུས་ཧའོ་ཁྲུན་བཅས་ཀྱིས་སྔ་རྗེས་སུ་བརྗོད་དོན་གཙོ་བོར་དམིགས་ནས་བགྲོ་གླེང་གཏམ་བཤད་བྱས།

གླེང་སྟེགས་ཐོག་བདེ་ཆེན་ཁུལ་གྱི་རིམ་ལྡན་དམངས་སྲོལ་གནས་ཚང་ཁྱབ་བསྒྲགས་བྱས་པ་མ་ཟད་ལོ་འཁོར་གྱི་སྤུས་ལེགས་མགྲོན་ཁང་འོས་སྦྱོར་བྱས།

 
图片
 

   གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གཉིས་ཀྱི་སེམས་ཀྱི་ཉི་ཟླའི་གླེང་སྟེགས་ཐོག་ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་དང་། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ།  ཧྲང་ཧའེ་དང་བདེ་ཆེན་བློ་སེམས་གཅིག་མཐུན་·སེམས་ཀྱི་ཉི་ཟླའི་མཚན་མོ་ཞེས་པའི་མི་རིགས་རིག་གནས་སྤེལ་རེས་བྱེད་སྒོ། མཉམ་དུ་ཆུ་བོ་གཅིག་གི་ཆུ་འཐུང་སྟེ་·སེམས་པ་གཅིག་མཐུན་གྱིས་ལག་གདང་སྦྲེལ་ནས་བསྐྱོད་པ། ཁ་གཏད་རོགས་སྐྱོར་དང་ཁེ་ལས་མཁས་ཅན་གྱི་འཚམས་འདྲིར་གཏིང་ཟབ་ཀྱི་བྱེད་སྒོ་སྤེལ་རྒྱུ།

 བདེ་ཆེན་ཁུལ་གྱི་འགོ་ཁྲིད་དང་། ཧྲང་ཧའེ་ཡིས་ཁ་གཏད་རོགས་སྐྱོར་བྱས་པའི་གྲོང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད། རིགས་གཅིག་མཁས་ཅན་དང་མཁས་དབང་། ལས་རིགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས།

图片
记者:黄晓丽 何雨桐

翻译:江初卓玛

编辑:拉茸初姆

二审:才让东周

终审:卓玛央初

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་ལྔ་པ་)སྤེལ་འགོ་ཚུགས།

བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། 

ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com