སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས།
ཟླ་9ཚེས་8ཉིན། སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་པ། ཧྲང་ཧའེ་དང་བདེ་ཆེན་ས་གནས་ཁག་གཉིས་ཀྱི་ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་ཀྱི་རིག་གནས་ཡུལ་སྐོར་ལས་སྟེགས་ཀྱི་འཐུས་མི། ལས་རིགས་རིགས་གཅིག་མཁས་ཅན་སོགས་ཀྱིས་ཧྲང་ཧའེ་ཡིས་བདེ་ཆེན་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་མ་ཟད་གྲོང་གསེབ་ཁྱོན་ཡོངས་ལ་དར་རྒྱས་གཏོང་བའི་ལེའུ་གསར་པ་ཐོག་ཇུས་འགོད་བྱས་ཡོད།
བགྲོ་གླེང་ཚོགས་འདུའི་ཐོག་2004ལོ་ནས་ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ས་གནས་གཉིས་ཀས་“ས་ཁུལ་གཅིག་གིས་རྫོང་(གྲོང་ཁྱེར)གཅིག་”ལ་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། 2014ལོར་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་མ་ལག་ནང་བཅུག་ནས། ལོ་20ལྷག་ཙམ་རིང་མཉམ་ལས་བྱ་རྒྱུ་དེ“ རི་དང་རྒྱ་མཚོ་མཉམ་འགུལ་དང་ལེགས་ཆ་གསབ་རེས། ཕན་ཚུལ་གཉིས་ཕན”བཅས་ཀྱི་རྣམ་པ་གསར་པར་འགྱུར་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཧྲང་ཧའེ་ཡིས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་4800དང་ཐོན་ལས་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་5600བཏང་ནས། གཙོ་གནད་རྣམ་གྲངས་9དོན་འཁྱོལ་བྱས་ཏེ། རང་ཁུལ་གྱིས་“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས་278དང་སྣེ་འདྲེན་ཁེ་ལས་132སྐྱེད་སྲིང་བྱ་རྒྱུར་རོགས་རམ་བྱས་པ་དང་ཆང་སྙལ་རྒུན་འབྲུམ་མུའུ་ཁྲི་1ཙམ་དང་ཀྲུང་ལུགས་སྨན་རྫས་མུའུ་ཁྲི་17.02འདེབས་འཛུགས་བྱས་པས། ཁྱད་ལྡན་ཞིང་ལས་དེ“ཁྲག་བླུག་པ”ནས“ཁྲག་བཟོ་བའི”ལྟར་ཕྱོགས་སུ་འགྱུར་ལྡོག་ཇེ་མགྱོགས་སུ་ཕྱིན་ཡོད། ཧྲང་ཧའེ་ཡི་རོགས་སྐྱོར་འཛུགས་སྐྲུན་སྟོབས་ཤུགས་ཀྱིས་མཁྲེགས་ཆས་ལ་མ་དངུལ་གཏོང་བ་དང་མཉེན་གཤིས་ནུས་པ་སྤྲོད་རྒྱུ་གལ་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། གཞི་རིམ་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་དུས་མཚུངས་སུ་ས་གནས་དེ་གའི་གཉེར་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེར་གཏོང་བ་དང་ཁྲོམ་ར་སྦྲེལ་མཐུད་སྟེགས་བུ་བསྐྲུན་ནས། ཐོན་ཁུངས་ཡག་པོ་དེ་ཐོན་ལས་ཡག་པོ་ཞིག་ཏུ་མགྱོགས་པོ་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རོགས་རམ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། གོམ་སྟབས་རྗེས་མར། ས་གནས་གཉིས་ཀས་“ས་ཁུལ་གཅིག་གིས་རྫོང་(གྲོང་ཁྱེར)གཅིག་”ལ་ལམ་སྲོལ་མུ་མཐུད་དུ་གཏིང་ཟབ་བཏང་ནས། རིག་གནས་ཡུལ་སྐོར་གྱི་ཚད་གཞི་མཉམ་སྐྲུན་དང་སྨན་བཅོས་ངལ་གསོ་ལམ་ཐིག་གསར་སྤེལ། གྲོང་གསེབ་ཀྱི་IPགཏོད་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་དུ་“སེམས་ཀྱི་ཉི་ཟླའི་”སྤུས་རྟགས་དེ་བས་རྒྱ་ཆེ་བའི་ཁྲོམ་ར་ཁྱབ་གདལ་བཏང་སྟེ། མཐའ་མཚམས་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ཡོང་བར་འདྲ་བཟོ་བྱེད་ཆོག་པའི་ཧྲང་ཧའེ་དང་བདེ་ཆེན་གྱི་ཇུས་གཞི་མཁོ་འདོན་བྱས་ཡོད།
ཁུལ་གྱི་འགོ་ཁྲིད་མིའོ་ཡིའུ་ཧྥ་དང་ལུའུ་ཀྲི་ཅུན། ཞའོ་ཞུས། ལིན་ཧའོ། དབྱང་ཙི་ཅང་། ཁྲེན་ཅུན་མིང་། ཕན་ཞུའེ་དབྱིང་སོགས་བགྲོ་གླེང་ཚོགས་འདུ་ནང་ཞུགས།
- བདེ་ཆེན་གསར་འགྱུར།
སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས།
རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག
བདེ་ཆེན་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་ལྔ་པ་)སྤེལ་འགོ་ཚུགས།
བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།
བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108