中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

རྩོམ་པ་པོ་:黄晓丽 杨涛 戴严 ཁྱབ་བསྒྲགས་དུས་ཚོད་:2026-09-08 12:01:36 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片

ཟླ་བ་9པའི་ཚེས་7ཉིན་བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42པ་དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

 
 

ཟླ་བ་9པའི་ཚེས་7ཉིན། བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42པ་དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། སྔོན་ཐོན་ལ་གཟེངས་བསྟོད་དང་གྲུབ་འབྲས་ཕྱོགས་བསྡོམས། དུས་རིམ་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་གཏོད་པ། ཁུལ་ཡོངས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་བདེ་ཆེན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུ་རུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཨུའི་སློབ་གསོ་ལས་དོན་ཨུའི་ཧྲུའུ་ཅི་ཞུས་སི་སི་ཡིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུ་རུ་ཞུགས།

ཚོགས་འདུའི་ཐོག་བདེ་ཆེན་གྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བའི་སྔོན་ཐོན་གྱི་ཚོགས་ཁག་20དང་སྔོན་ཐོན་མི་སྒེར་100ལ་གཟེངས་བསྟོད་བྱས་པ་དང་གཟེངས་བསྟོད་ཐོབ་པའི་འཐུས་མི་4ཡིས་སྤེལ་རེས་གཏམ་བཤད་བྱས།

图片
ཚོགས་འདུར་ཞུགས་པའི་ཁུལ་གྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད།
 

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ཚོགས་ཁག་དང་མི་སྒེར་ལ་རྟེན་འབྲེལ་ཞུས་པ་དང་ཁུལ་ཡོངས་ཀྱི་སློབ་གསོའི་ལས་གནས་སུ་དཀའ་སྤྱད་འབད་བརྩོན་བྱེད་པའི་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས། ཚང་མས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ནས་མུ་མཐུད་དེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་གྲུབ་འབྲས་བཟང་པོ་སླར་ཡང་གཏོད་པའི་སྐུལ་མ་གཏོང་།

图片

གཟེངས་བསྟོད་ཐོབ་པའི་འཐུས་མི་ཡིས་སྤེལ་རེས་གཏམ་བཤད་བྱས།

 

ཚོགས་འདུའི་ཐོག་ལོ་ལྔ་ཚན་བཅུ་བཞི་པ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་དམངས་འཚོ་ཆེ་ཤོས་སུ་བརྩིས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། སློབ་གསོ་སྔོན་ལ་འགན་ལེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བདེ་ཆེན་སློབ་གསོ་དར་རྒྱས་གཏོང་བའི་བྱ་ཐབས་དོན་ཚན་ཉི་ཤུ་བཟོས་ནས་ལག་བསྟར་བྱས་པ། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བའི་མངོན་གསལ་དོད་པའི་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་བསྟན།

ཚོགས་འདུའི་ཐོག་རྒྱ་ཆེའི་སློབ་གསོ་ལས་དོན་པས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་གནས་ཚད་དག་བཅོས་བྱས་ཏེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་གི་འགན་འཁྲི་འཁུར་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བརྟེན་ནས་བློ་སེམས་གཅིག་སྒྲིལ་དང་བླ་སྲོག་གསོ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རང་རྟོགས་ངང་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས་སློབ་ཁྲིད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ལག་བསྟར་བྱས་ཏེ། སློབ་མའི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། རྒྱ་ཆེའི་སློབ་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ནས་ཕུགས་བསམ་དང་དད་སེམས་ལྡན་པའི་སློབ་གསོ་ལས་དོན་པ་བྱེད་དགོས། དུས་རབས་གསར་པའི་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞིར་དཔེ་བཟང་གི་སྒོ་ནས་བརྩི་སྲུང་ཞུས་ཏེ་ཀུན་སྤྱོད་ཆེན་པོ་དང་སྤྱིའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པོ་བཅས་བྱས་ནས་ཀུན་སྤྱོད་དང་བསམ་ཚུལ་ལྡན་པའི་སློབ་གསོའི་ལས་དོན་པ་ཞིག་བྱེད་དགོས། མཁྲེགས་ཐེག་ཐུབ་པའི་ཆེད་ལས་ནུས་པ་སྦྱོང་བརྡར་བྱེད་པ་དང་།  ཉུང་འཕྲི་གཉིས་ཀྱི་ལས་འགན་དོན་འཁྱོལ་བྱེད་པ་དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། རང་འགུལ་ངང་དུས་རབས་གསར་པའི་སློབ་གསོ་བསྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་ནས་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོད་པའི་སློབ་གསོའི་ལས་དོན་པ་བྱེད་དགོས། སློབ་གསོ་བྱེད་ཡུལ་རིགས་སུ་མི་འབྱེད་པའི་སློབ་གསོའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པ་དང་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བར་མཐོང་ཆེན་བྱེད་པ། དམིགས་བསལ་སློབ་མའི་ཚོགས་སྤྱིར་སེམས་རྣལ་དུ་ཕབ་ནས་གཅེས་སྐྱོང་བྱེད་པ་བཅས་བྱས་ཏེ་བྱམས་སེམས་ལྡན་པའི་སློབ་གསོའི་ལས་དོན་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཁུལ་ཡོངས་གོང་འོག་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁོངས་སུ་མི་གཏོགས་པའི་སློབ་སྤྱིའི་ལས་ཀའི་འགན་འཁྲི་སྣེ་ཁྲིད་ནས་དོན་འཁྱོལ་བྱེད་པ། སློབ་གྲྭ་དང་དགེ་རྒན་གྱི་“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་”བཅས་ཀྱི་གནད་དོན་བློ་རྩེ་གཅིག་སྒྲིམ་གྱིས་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། དགེ་རྒན་ལ་རོགས་རམ་བྱས་ནས་སློབ་གསོ་དར་སྤེལ་གཏོང་རྒྱུའི་བསམ་པ་རྟག་ཏུ་བཅངས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དེ་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། གཟེངས་བསྟོད་ཐོབ་པའི་འཐུས་མི། སེམས་ཀྱི་ཉི་ཟླ་གྲོང་ཁུལ་ནང་གི་སློབ་གྲྭའི་འགན་འཁུར་བ་སོགས་ཚོགས་འདུ་རུ་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། 

ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com