中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

རྩོམ་པ་པོ་:和泰君 ཁྱབ་བསྒྲགས་དུས་ཚོད་:2026-09-09 12:10:35 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片

ཟླ་བ་9པའི་ཚེས་7ཉིན། བདེ་ཆེན་ཁུལ་གྱིས་ཡུན་ནན་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཕྱིར་ཚོང་མ་རྐང་ཚད་ཡོད་ཀུང་སིའི་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་དང་གཤམ་དུ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་ཞེས་པའི་བསྡུས་མིང་འབོད་རྒྱུ།བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་གཉིས་པོས་ནུས་རྒྱུ་མཁོ་འདོན་འགན་ལེན་གཏིང་ཟབ་དང་ཕྱོགས་བསྡུས་ཞབས་ཞུ་རྒྱ་ཆེར་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན།  ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ལི་ཀྲི་ཧྭ་ཚོགས་འདུ་རུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།

ལི་ཡན་ལན་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིས་མཁོ་སྤྲོད་འགན་ལེན་དང་མ་འཇོག་སྐུལ་འདེད། འཛད་སྤྱོད་ལ་སྐུལ་འདེད། ལས་ཞུགས་བསྡུ་ལེན་སོགས་ཀྱི་ཐད་བདེ་ཆེན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་མོས་ལོ་སྟོད་དུ་བདེ་ཆེན་ཁུལ་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་དང་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་བ་བཅས་དམིགས་ཚད་ཁག་གསུམ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་བ་དང་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་གྱི་དམིགས་ཚད་བརྟན་པོའི་ངང་འཕར་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཁ་འབྲལ་ཐབས་མེད། ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་སུ། བདེ་ཆེན་གྱིས་ལྷན་སྐྱེས་ཐོན་ཁུངས་ལ་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་4+2+Nཡི་དེང་རབས་ཐོན་ལས་མ་ལག་བཏོན་ཡོད་ཅེས་གནང་། དུས་རིམ་རྗེས་མར་ཕྱོགས་གཉིས་པོས་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་ནས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་རེ་བ་བཏོན། རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་སུ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སི་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིའི་ཐབས་ལམ་ལ་བརྟེན་ནས་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་རྒྱ་ཆེར་གཏོང་རོགས་བྱེད་པ་དང་། ཡུལ་སྐོར་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་ནས་ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་ཆེ་རུ་གཏོང་བ། ས་ཁམས་མཚོན་རྟགས་ཐོན་རྫས་ལྟེ་གནས་ལས་སྟེགས་ལ་བརྟེན་ནས་སེམས་ཀྱི་ཉི་ཟླའི་ས་ཁམས་མཚོན་རྟགས་ཐོན་རྫས་འགྲེམས་སྟོན་ཡག་པོ་བྱས་ཏེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་གསེར་གྱི་རྟགས་མ་མུ་མཐུད་གསལ་པོར་བཏོན་ཏེ་སྤུས་རྟགས་མངོན་སུམ་ཅན་གྱི་ལག་ལེན་ཐོག་ནས་ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད་དེ་ཕུན་སུམ་ཚོགས་སུ་གཏོང་བའི་རེ་བ་བཏོན། བདེ་ཆེན་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ནས་ཞབས་ཞུ་འགན་ལེན་ནུས་ཤུགས་ཡོད་རྒུས་ཡག་པོ་བྱ་རྒྱུ། རྩིས་ཐོ་ཅན་དང་རྣམ་གྲངས་ཅན། ཞིབ་ཕྲ་ཅན་བཅས་ཀྱི་ཐོག་ནས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱ་རྒྱུ་ཡིན་ཞེས་གསུང་།

ལི་ཀྲི་ཧྭ་ཡིས་དུས་རིམ་རྗེས་མར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིས་གཏན་འཁེལ་བྱས་པའི་དམིགས་ཚད་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལ་གདོང་མཆོང་བྱ་རྒྱུ། བདེ་ཆེན་དང་འབྲེལ་གཏུག་སྦྲེལ་མཐུད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་དྲ་རྒྱ་ཚགས་དམ་དུ་གཏོང་བ་བཅས་བྱས་ནས་ས་ཚིགས་སྲོལ་རྒྱུན་གྱི་སྣུམ་སྣོན་ནས་གཅིག་འཐུས་རྣམ་པའིཕྱོགས་བསྡུས་ཞབས་ཞུའི་དངོས་ཚན་དུ་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་ནས་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་རྒྱུན་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་སྟེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུང་།

ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་ཀྲོང་ཞའོ་ཕིང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུ་རུ་ཞུགས།

 

 
 
 

 

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། 

ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com