རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག
ཉེ་ཆར། སེམས་ཀྱི་ཉི་ཟླའི་གླེང་སྟེགས་སྐབས་ལྔ་པ་གཉེར་བའི་གོ་སྐབས་དང་བསྟུན་ནས་བདེ་ཆེན་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བདེ་བླག་ངང་འཚོགས།
འོས་སྦྱོར་ཚོགས་འདུའི་ཐོག བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ཁ་བྱང་ནི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་བསྐྲུན་ཞེས་པའི་ཆེད་དོན་འོས་སྦྱོར་བྱས་ཏེ་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དང་། སྤུས་དག་འགྲུལ་ཁང་། དམངས་སྲོལ་གནས་ཚང་ཐོན་ལས་འཕེལ་རྒྱས་ཐད་ཀྱི་འཆར་འགོད་དང་མི་མངོན་པའི་སྟོབས་ཤུགས་ངོ་སྤྲོད་ཞིབ་ཕྲ་བྱས། ཁུལ་མ་དངུལ་གཏོང་འཇོག་ཅུས་ཀྱི་འགན་འཁུར་བས་དེའི་རྗེས་སུ་བདེ་ཆེན་ཁུལ་གྱི་དམངས་སྲོལ་གནས་ཚང་ཐོན་ལས་ལ་ཚོང་འགུགས་འོས་སྦྱོར་བྱས།
ཚོགས་འདུའི་ཐོག འཇོལ་རྫོང་མི་དམངས་སྲིད་གཞུང་དང་དབྱི་ཐུང་ཆང་ཆི་འཇོལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་གླེགས་བམ་ཆང་ཆི་དམངས་སྲོལ་གནས་ཚང་རྣམ་གྲངས་མ་དངུལ་གཏོང་བའི་གྲོས་མཐུན་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་ཧོ་ནན་ཡིའུ་ཅ་མེ་ཝུའུ་ཚན་རྩལ་ཚད་ཡོད་ཀུང་སི་རྒྱལ་ཐང་གྲོང་རྡལ་་འགྲུལ་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་གཏོང་བའི་གྲོས་མཐུན་དང་། འབའ་ལུང་རྫོང་མི་དམངས་སྲིད་གཞུང་དང་ཧྲང་ཧའེ་ཝུའུ་སུང་ཁོའུ་རིག་གནས་ཡུལ་སྐོར་མ་དངུལ་གཏོང་འཇོག་ཚོགས་པ་ཚད་ཡོད་ཀུང་སི་འབའ་ལུང་ཁྱབ་ཁོངས་ཡོངས་ཀྱི་སྨན་བཅོས་ངལ་གསོ་རྣམ་གྲངས་མཉམ་ལས་གྲོས་མཐུན་སོགས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་བདུན་གན་རྒྱ་འཇོག
- བདེ་ཆེན་གསར་འགྱུར།
རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག
བདེ་ཆེན་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་ལྔ་པ་)སྤེལ་འགོ་ཚུགས།
བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།
བདེ་ཆེན་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས་42དང་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་།
ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108