中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།

རྩོམ་པ་པོ་:何帝龙 陈杰 ཁྱབ་བསྒྲགས་དུས་ཚོད་:2026-09-11 11:38:54 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

ཟླ་བ་9པའི་ཚེས་10ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་ཁང་ཕུའུ་ཤང་དང་ཕན་ཐེན་ཀོ་ཤང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོའི་ལས་དོན་ལ་ཡུལ་དངོས་སུ་བརྟག་ཞིབ་གནང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པར་བརྩི་བ་རྒྱུན་འཁྱོངས་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། མང་ཚོགས་གནས་སྤོ་བཀོད་སྒྲིག་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རྗེས་མཐུད་ཀྱི་རོགས་སྐྱོར་དང་དམངས་འཚོའི་འགན་ལེན་དུས་གཅིག་ཏུ་ཡག་པོ་བྱས་ནས་གནས་སྤོ་མང་ཚོགས་གནས་སྤོ་ཐུབ་པ་དང་། བརྟན་པོར་གནས་ཐུབ་པ། ཕྱུག་པོར་སྒྱུར་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་བརྟག་ཞིབ་ནང་ཞུགས།

图片
图片

ཟླ་བ་9པའི་ཚེས་10ཉིན། ལུའོ་ཁྲའོ་ཧྥེང་དང་བཅས་པས་ཁང་ཕུའུ་ཤང་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་བརྟག་ཞིབ་གནང་།

图片

ཁང་ཕུའུ་ཤང་གི་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭའི་བཀོད་སྒྲིག་བྱ་ཡུལ་དུ། ལུའོ་ཁྲའོ་ཧྥེང་གིས་བཀོད་སྒྲིག་སྡོད་ཁང་གི་ས་ཆའི་འཆར་འགོད་དང་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། གྲོང་རྡལ་གྱི་གནས་སྤོ་ཡུལ་མི་བཀོད་སྒྲིག་གི་སྤྱིའི་གཞི་ཁྱོན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཁྱབ་ཚད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། འབའ་ལུང་རྫོང་གི་གྲོང་རྡལ་བཀོད་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བ་དང་རྗེས་མཐུད་ཞབས་ཞུའི་འགན་ལེན་མ་ལག་འཛུགས་སྐྲུན་སོགས་གནས་ཚུལ་གྱི་སྙན་ཞུ་ལ་ནན་ཏན་ངང་གསན། ཕན་ཐེན་ཀོ་ཤང་ཤིན་ཧྭ་གྲོང་ཚོའི་ཀེ་ཕོ་ལོ་ཚོ་ཆུང་དུ། ལུའོ་ཁྲའོ་ཧྥེང་གིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་གྱི་ཉེན་ཁའི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། འཇིགས་སྣང་ཕོག་པའི་མང་ཚོགས་ཀྱི་དུད་ཚང་དང་མི་གྲངས། ཉེན་གཡོལ་གནས་སྤོའི་ཇུས་གཞི་བཟོ་བ། ལས་དོན་ལ་སྐུལ་འདེད་གཏོང་བའི་དུས་རིམ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ཡུལ་དངོས་སུ་ས་གཤིས་གནོད་འཚེའི་ཉེན་ཁའི་ཚོད་སྐོར་དང་། གནས་སྤོ་བཀོད་སྒྲིག་ལས་དོན་གྱི་དཀའ་གནད་དང་དེ་བཞིན་ཁ་གཏད་གཅོག་ཐབས་ཀྱི་སྙན་ཞུ་ལ་གསན།

图片
图片

ལུའོ་ཁྲའོ་ཧྥེང་དང་བཅས་པ་ཕན་ཐེན་ཀོ་ཞང་ཞིན་ཧྭ་གྲོང་ཚོའི་གནས་སྤོ་བཀོད་སྒྲིག་ལས་དོན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་།

图片

ལུའོ་ཁྲའོ་ཧྥེང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་དང་ཨར་ལས་བདེ་འཇགས་ཀྱི་འགག་སྒོ་དམ་འཛིན་ནན་པོ་བྱེད་པ་དང་། འཆར་འགོད་དང་ཇུས་འགོད་ལ་གཞིགས་ནས་འཛུགས་སྐྲུན་ལ་སྐུལ་འདེད་ནན་པོ་གཏོང་བ། མི་རིགས་ཀྱི་ཉམས་འགྱུར་དང་ཁྱད་ཆོས་སོར་འཇོག་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་སྤུས་ཚད་ཡག་པོ་དང་མང་ཚོགས་བློ་ཡིད་ཚིམ་པའི་བདེ་སྡོད་ལས་གྲྭ་གཏོད་དགོས། གྲོང་རྡལ་གྱི་ཆུ་དང་གློག  ལམ། འཕྲིན་གཏོང་། བཙོག་འབུད། སྔོ་འགྱུར་འོད་འགྱུར་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དུས་མཉམ་དུ་ཆ་འགྲིག་ཁ་གསབ་བྱས་ནས་གྲོང་རྡལ་གྱི་བྱེད་ནུས་དང་སྤུས་ཚད་ཏན་ཏིག་ངང་མཐོ་རུ་གཏོང་དགོས། བདེ་སྡོད་དང་ལས་བརྩོན་མཉམ་དུ་གལ་ཆེ་བརྩིས་བ་རྒྱུན་འཁྱོངས་དང་། རོགས་སྐྱོར་ལས་དོན་སྔོན་ལ་འཆར་འགོད་བྱེད་པ། གནས་སྤོ་ཡུལ་མི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། གནས་སྤོ་ཡུལ་མིའི་ཞབས་ཞུ་འགན་ལེན་རྒྱུན་མཐུད་ངང་ཡག་པོ་བྱེད་པ། མང་ཚོགས་ཀྱིས་ཁང་པ་སྐྲུན་པ་དང་ལས་ཞུགས། འཚོ་བ་བཅས་ཁྲོད་ཀྱི་དཀའ་ངལ་དངོས་དུས་ཐོག་ཏུ་ཐག་གཅོད་བྱེད་པ། སྤྱི་ཚོགས་མཉམ་འདྲེས་ཁྲིད་སྟོན་ཏན་ཏིག་ངང་ཡག་པོ་བྱེད་པ་བཅས་བྱས་ནས་གནས་སྤོ་ཡུལ་མི་མང་ཚོགས་བདེ་བླག་ངང་གནས་སྤོ་དང་བརྟན་པོའི་ངང་བར་བརྒལ་བྱེད་པ། བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

 
 
 
 

ལུའོ་ཁྲའོ་ཧྥེང་གིས་མིག་སྔར་རང་ཁུལ་ནི་ས་གཤིས་གནོད་འཚེ་ཐོན་སླ་བའི་དུས་སྐབས་སུ་སླེབས་ཡོད་པས་རིམ་པ་ཁག་གི་ལས་ཁུངས་སོ་སོས་དུས་དང་རྣམ་པ་ཀུན་ཏུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་གྱི་ལས་དོན་དམ་དུ་གཏོང་ནས་ཚོར་ཉམས་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ་ཉེན་ཁ་ཆེ་བའི་མངོན་མེད་རྐྱེན་ངན་ལ་དམ་པོར་བལྟས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བའི་ཐེངས་གྲངས་མང་དུ་གཏོང་བ་དང་འཕྲལ་སྡོམ་ཉེན་གཡོལ་གྱི་སྔོན་ཇུས་ཞིབ་ཚགས་དང་འཐུས་ཚང་དུ་གཏོང་ནས་ཉེན་ཁའི་གནས་ཚུལ་འཕྲད་སྐབས་འཕྲལ་མར་སྔོན་ཚུད་ཉེན་བརྡ་གཏོང་བ་དང་མང་ཚོགས་གནས་སྤོ་ཐུབ་པར་འགན་ལེན་བྱེད་དགོས། བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་འདོད་བློ་ལ་བརྩི་འཇོག་གང་ལེགས་བྱེད་པ། མང་ཚོགས་ཀྱི་བསམ་བློའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་བྱེད་པ། ཁྲིམས་སྲོལ་ལྟར་གནས་སྤོའི་སྲིད་ཇུས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་དགོས། ཡུལ་བབ་དང་བསྟུན་ནས་བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་རོགས་སྐྱོར་འཆར་འགོད་ཡག་པོ་བྱེད་པ་དང་། མང་ཚོགས་གནས་སྤོ་བྱས་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བ་སྦྲེལ་མཐུད་ཀྱི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོ་བྱས་ཏེ། ཉེན་གཡོལ་གནས་སྤོ་ལས་གྲྭ་དེ་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ལས་གྲྭ་ཞིག་ཏུ་དངོས་སུ་སྐྲུན་དགོས་ཞེས་ནན་གྱིས་བསྟན།

 
 
 
 

ཞུས་ཀོང་ཏེ་དང་མ་གོ་ཀྲུང་། ཀྲོང་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་དེ་བཞིན་འབའ་ལུང་རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།

སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།

སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས། 

རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག

བདེ་ཆེན་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་སྤེལ་འགོ་ཚུགས།

སེམས་ཀྱི་ཉི་ཟླའི་གླེང་སྟེགས་(སྐབས་ལྔ་པ་)སྤེལ་འགོ་ཚུགས།

བདེ་ཆེན་ཁུལ་གྱིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཡུན་ནན་རྡོ་སྣུམ་ཡན་ལག་ཀུང་སི་བར་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com