དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་ནས་བདེ་འཇགས་ལ་འགན་སྲུང་བྱེད་པ།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་བྱེད་སྐབས།བདེ་ཆེན་ཁུལ་གྱི་སྡེ་ཚན་ཁག་གིས་ལས་རེས་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ འགན་འཁྲི་འཁུར་ཕོད་པ་དང་དུས་ཆེན་གྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་ཀྲོའུ་ཡོངས་ཀྱི་སྤྱི་ཚོགས་སྒྲིག་ལམ་གོ་རིམ་ལྡན་པ་དང་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

འཕྲལ་སྡོམ་འཐབ་ཕྱོགས་སུ་ཁུལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་དེ“དམག་གྲབས་”ཀྱི་རྣམ་པར་ཕྱོགས་ཡོངས་ནས་ཞུགས་ཏེ་ཆུ་ཚོད་24རིང་ཆེད་མིའི་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་།“འགོ་ཁྲིད་གཅིག་དང་ལས་རེས་མི་སྣ་གཉིས”ཟུང་དུ་འབྲེལ་བའི་ཆེད་ལས་འཛིན་གྲྭའི་རྣམ་པ་ལག་བསྟར་བྱེད་པ་དང་འབྲེལ་གསུམ་ཆ་གཅིག་གི་མི་སྣས་གྲ་སྒྲིག་བྱས་ནས་བསྡད་ཡོད་པ་རེད།དུས་མཚུངས་སུ།འཕྲལ་སྡོམ་སྡེ་ཁག་གིས་གནམ་གཤིས་དང་འགྲིམ་འགྲུལ་སྡེ་ཁག་མཉམ་འགུལ་དམ་ཟབ་བྱས་ཏེ།གནམ་གཤིས་འགྱུར་ལྡོག་དང་།ནགས་ཚལ་མེ་ཟོན།གཞུང་ལམ་འགྲིམ་འགྲུལ་སོགས་པའི་ཁྱབ་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ཉེན་ཁ་སྣ་ཚོགས་སྔ་ཙམ་རྟོགས་པ་དང་།སྔ་ཙམ་ཉེན་བརྡ་གཏོང་བ།སྔ་ཙམ་ཐག་གཅོད་བཅས་གང་ཐུབ་བྱས་ཡོད།

འགྲིམ་འགྲུལ་འཐབ་ཕྱོགས་ཐོག་དཔྱིད་གསར་དུས་ཆེན་རིང་མི་དང་རླངས་འཁོར་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས་བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རིམ་གསུམ་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་འགྲིམ་འགྲུལ་ཁྲིམས་འཛིན་སྟོབས་ཤུགས་50%དང་གཞུང་ལམ་མྱུར་བཟོ་རུ་ཁག་100%ཡིས་ལས་གནས་ཐོག་གྲ་སྒྲིག་བྱས་ནས་འགྲོ་ལམ་གྱི་ཐོལ་བྱུང་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་བཅག་ཡོད།མིག་སྔའི་བར་ཁུལ་ཡོངས་ཀྱི་གཞུང་ལམ་འཁོར་སྐྱོད་རྒྱུན་གཏན་ལྟར་ཡིན་པ་དང་། འགག་པའི་ཆ་འཕྲིན་སྙན་ཞུ་འབྱོར་མེད་ལ་ཡུལ་སྐོར་བ་ལུས་པའི་གནས་ཚུལ་ཡང་ཐོན་མེད་པས་རྒྱ་ཆེའི་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་རྒྱུར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུའི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

རིག་གནས་ཡུལ་སྐོར་འཐབ་ཕྱོགས་ཐོག་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ལས་དོན་མི་སྣ་ཕྱེད་ཀ་ཡན་སྒྲིག་འཛུགས་བྱས་ནས་ལས་གནས་བརྟན་སྲུང་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སུ།ཚོང་རའི་ཁྲིམས་བསྟར་ཞིབ་བཤེར་མུ་མཐུད་སྤེལ་བ་དང་།མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གཙོ་གནད་ཐོག་གྲལ་བཤེར་བྱས་ཏེ།རོལ་རྩེད་བྱེད་གནས་ཀྱི་གཉེར་སྐྱོང་ཚད་ལྡན་དུ་བཏང་ཡོད། མིག་སྔའི་བར་དུ།ཁུལ་ཡོངས་ཀྱིས་བསྡོམས་པས་ཁྲིམས་བསྟར་མི་སྣ་མི་ཐེངས་120་མངགས་གཏོང་བྱས་ཏེ།གཉེར་སྐྱོང་ལས་ཁུངས་37་ལ་ཞིབ་བཤེར་དང་།ཞུ་གཏུག་ཁག་17་ཐག་གཅོད་བྱས་ནས། ཡུལ་སྐོར་ཚོང་ར་ཁྱོན་ཡོངས་ནས་འཁོར་སྐྱོད་བརྟན་བརླིང་དང་གོ་རིམ་ལྡན་པ།ཡུལ་སྐོར་མང་ཚོགས་ཀྱི་གླེང་ཕྱོགས་དང་ཉེན་མེད་ཐོན་སྐྱེད་དོན་རྐྱེན་ཚབས་ཆེན་བྱུང་མེད། གྲ་སྒྲིག་འདང་ངེས་དང་འགན་ལེན་གང་ལེགས་བྱས་པར་བརྟེན།བདེ་ཆེན་ཁུལ་གྱི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་ཚ་རླབས་འཕྱུར་ཞིང་།བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་75.87ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་74.8%འཕར་བ་དང་།ཡུལ་སྐོར་གྱི་འགྲོ་གྲོན་སྒོར་དུང་ཕྱུར་4.37ཟིན་པ་དེ་དུས་མཚུངས་ལས་14.39%འཕར་ནས་ནང་མི་ལྷན་འཛོམས་ཀྱི་དུས་ཆེན་འདིར་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་མངོན་འགྱུར་བྱུང་བ་རེད།

ཁུལ་ཨུ་གཞུང་དོན་ཁང་གིས་གུང་གསེང་གི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་ཁག་འགན་འཁྲི་ནན་དུ་བཏང་བ་དང་།ཉིན་ལྟར་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་།སྤྱི་ཚོགས་བརྟན་ལྷིང་།གུང་གསེང་གི་དཔལ་འབྱོར།གཞུང་ལམ་སྐྱེལ་འདྲེན་སོགས་ཕྱོགས་གང་ཅིའི་ཐད་ཀྱི་གནས་ཚུལ་བསྡུ་རུབ་བྱས་ནས་སྙན་སེང་ཞུས་ཏེ་རིམ་ཁག་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་འཕྲལ་སྡོམ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་པ་རེད།

ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་རེས་མི་སྣ་ཝང་ཧྲའོ་ཆིན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་དོན། ང་ཚོས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཡོངས་ཀྱི་12315ལས་སྟེགས་དང་དེ་བཞིན་ཞུ་གཏུག་ཐག་གཅོད་ཀྱི་ལས་དོན་ཚོགས་པ་ཁག་ལ་དོ་ཁུར་བྱས་ཏེ། མཚན་གུང་ནས་ཐོ་རེངས་བར་ཐག་གཅོད་བྱེད་དགོས་པའི་ཞུ་གཏུག་ཆ་འཕྲིན་འབྱོར་སྲིད།ཞུ་གཏུག་འབྱོར་རྗེས་བླང་བྱ་ལྟར་ཞིབ་བསྡུར་ཐག་གཅོད་བྱེད་དགོས་པ་དང་།རྫོང(གྲོང་ཁྱེར)ཁོངས་སུ་གཏོགས་པའི་བརྒྱུད་རིམ་ལྟར་རྫོང(གྲོང་ཁྱེར)ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བརྒྱུད་སྤྲོད་བྱེད་དགོས་པ་མ་ཟད།ཁོང་ཚོར་དུས་བཀག་དང་བརྒྱུད་རིམ་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།མིག་སྔའི་བར་ང་ཚོར་ཞུ་གཏུག་50ལྷག་ཙམ་འབྱོར་བ་ཚང་མ་དུས་ཐོག་ཏུ་ཐག་གཅོད་བྱེད་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་དཔྱིད་གསར་དུས་ཆེན་རིང་ཆུ་ཚོད་24རིང་ཆེད་མིས་ལས་རེས་དང་འགོ་ཁྲིད་ཀྱིས་ལས་རེས་བྱེད་པའི་ལམ་ལུགས་དང་།ཕྱིར་བསྐྱོད་རྒྱུའི་སྙན་སེང་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ལས་རེས་འགན་ནུས་དང་འགན་འཁྲི་ནན་ཏན་བསྒྲུབས་ཡོད་པ་རེད།དུས་མཚུངས་སུ།གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་དང་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁ་གཏད་འཇལ་བའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་།ཟས་རིགས་ཉེན་མེད་དང་།སྨན་རྫས་ཉེན་མེད།དམིགས་བསལ་སྒྲིག་ཆས་ཉེན་མེད།བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་སོགས་དོ་སྣང་ཆེན་པོ་བྱས་ཏེ་གློ་བུར་དུ་བྱུང་བའི་གནས་ཚུལ་ཐོན་རིགས་དུས་ཐོག་ཏུ་གོང་ལ་སྙན་སེང་ཞུ་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད།

དཔྱིད་གསར་དུས་ཆེན་རིང་མཆོད་འབུལ་དང་ཤོག་སྦག་སྤར་བ་སོགས་ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་བས་ནགས་ཚལ་མེ་ཟོན་གྱི་གནོན་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད།བདེ་ཆེན་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཆུ་ཚོད་24རིང་ཆེད་མིས་ལས་རེས་བྱེད་པ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལས་རེས་མི་སྣ་ལས་གནས་སུ་འབྱོར་བ་དང་ལས་གནས་སུ་ཡོད་པ་རེད།རྫོང་(གྲོང་ཁྱེར་)གསུམ་གྱི་ཆུ་ཚོད་24རིང་མེ་གསོད་ལས་རེས་ལྟ་སྲུང་མི་སྣ་52ཡོད་པ་དང་།ལས་གནས་ཐོག་མེ་གསོད་མེ་འགོག་མི་སྣ་1678དང་ནགས་སྲུང་བ་18619ཟིན་ཡོད།ཁུལ་མེ་འགོག་གཞུང་ལས་ཁང་གིས་ཉིན་ལྟར་རྫོང(གྲོང་ཁྱེར)གསུམ་ལ་བཀོད་གཏོང་བྱས་ཏེ་བཀའ་བརྡ་སྣ་ཚོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་།དུས་ཐོག་ཏུ་དང་ལེན།དུས་ཐོག་ཏུ་ཐག་གཅོད་བཅས་ཐུབ་པའི་འགན་ལེན་བྱས་ཡོད།
ང་ཚོས‘དུས་དང་རྣམ་པ་ཀུན་ཏུ་བློ་བདེ་པོ་མི་འདུག’གི་འགན་འཁྲིའི་བསམ་པ་བཅངས་ནས་ལས་གནས་བརྟན་སྲུང་དང་འགན་འཁྲི་གཙང་སྒྲུབ་ཀྱིས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་བཀོད་འདོམས་པུའི་གཞུང་ལས་ཁང་གི་ལས་རེས་ལྟ་སྲུང་བ་ནོར་བུ་ཚེ་རིང་གིས་བཤད་བྱུང་།

དཔྱིད་གསར་དུས་ཆེན་རིང་འབའ་ལུང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྒྱང་བསྒྲགས་ཚོད་འཛིན་འཕྲུལ་འཁོར་ཁང་དུ་ལས་དོན་མི་སྣས་རྒྱང་བསྒྲགས་དང་བརྙན་འཕྲིན་བརྒྱུད་གཏོང་བརྡ་རྟགས་ལ་ལྟ་ཞིབ་ནན་ཏན་བྱས་ཏེ་འགན་ཡག་པོ་འཁུར་ནས་ལེ་ཚན་རེ་རེ་བརྒྱུད་གཏོང་ཡག་པོ་བྱ་རྒྱུར་འགན་ལེན་བྱས་ཡོད། ལག་རྩལ་འགན་སྲུང་མི་སྣ་ཕུད།ལས་གནས་གཞན་དག་གི་སྨྱན་སྦྱོར་ལས་དོན་པས་ཀྱང་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་དུས་ཆེན་རིང་གི་ཆ་འཕྲིན་གསར་ཤོས་བསྐྱལ་བ་དང་།བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨྱན་སྦྱོར་མི་སྣའི་འགན་འཁྲི་གསལ་བཤད་བྱས་ཡོད།

ཀྲུང་གོ་ཞིང་ལས་དངུལ་ཁང་འབའ་ལུང་ཉིང་ལག་དངུལ་ཁང་གི་ཏོན་ཅུན་ཡུས་ཀྱིས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཏེ་ཁོང་གིས་གསར་འགོད་པར་བཤད་རྒྱུར།ད་ལོའི་དཔྱིད་གསར་དུས་ཆེན་གྱི་ལས་རེས་བྱེད་སྐབས། ངས‘འགན་འཁྲི’ཞེས་པའི་ཡིག་འབྲུ་གཉིས་ལ་གོ་བ་ཟབ་མོ་ལེན་ཐུབ་བྱུང་།ཁྱིམ་མི་མཉམ་འཛོམས་བྱེད་སྐབས།ང་ཚོས་སྔར་བཞིན་མ་ལག་གི་མདུན་དང་འཕྲུལ་འཁོར་ཁང་དུ་བརྟན་སྲུང་བྱས་ཏེ།དངུལ་རྩའི་ཞབས་ཞུ་ཟམ་མི་ཆད་པར་འགན་ལེན་བྱེད་བཞིན་ཡོད།འདི་ནི་ལས་འགན་གནས་ས་ཞིག་ཡིན་པ་མ་ཟད།ལྗིད་ཏིག་ཏིག་གི་ལས་འགན་ཞིག་ཀྱང་རེད།དཔྱིད་གསར་དུས་ཆེན་ནི་ལྷན་འཛོམས་ཀྱི་དུས་ཆེན་ཡིན་པས།དངུལ་རྩའི་ཞབས་ཞུ་རྒྱུན་མི་ཆད་པར་འགན་སྲུང་བྱ་རྒྱུ་ནི་ང་ཚོའི་ཞིང་ལས་དངུལ་ཁང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན།ལས་གནས་བརྟན་སྲུང་བྱེད་པ་ནི་ལས་གནས་རེ་རེ་བཞིན་ཡག་པོ་སྒྲུབ་པ་དང་།ལས་སྒོ་རེ་རེ་བཞིན་བདེ་བླག་ངང་སྒྲུབ་པར་ཁག་ཐེག་བྱས་ཏེ།རྒྱ་ཆེའི་ཚོང་འགྲུལ་གྱི་དངུལ་རྩའི་དགོས་མཁོ་སྣ་ཚོགས་སྐོང་གང་ཐུབ་བྱ་རྒྱུ་དེ་ཡིན་ཞེས་བཤད་བྱུང་།
责任编辑:仁欠才让
- བདེ་ཆེན་གསར་འགྱུར།
སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས།
ཁྲུན་ཧྭས་ཁབ་སྐུད་གཅིག་གིས་གྲོང་གསེབ་དར་རྒྱས་གྱི་ལམ་བུ་འཚེམ་དྲུབ་བྱས།
ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ཏེ་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལེའུ་གསར་པ་བྲིས།
ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108