ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9ཚེས་11ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་ཏང་ཙུའི་ཚོགས་འདུ་ཐེངས་88པ་གཙོ་སྐྱོང་གནང་ནས་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་འཁྱོངས་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་ནི་ཆེས་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། ལས་འགན་རྫུན་མ་དང་དམིགས་ཚད་མེད་པ་མིན་པར་འགན་འཁྲི་ནན་པོ་དང་བླང་བྱ་ནན་པོ་ཞིག་རེད། ལས་བྱེད་པ་ཡོངས་ཀྱིས་ཏང་འཛུགས་སྐྱོང་དང་ལས་སྒོའི་“པགས་པ་གཉིས”ཀྱི་ནོར་འཁྲུལ་བསམ་བློ་རྩ་བ་ནས་མེད་པ་བཟོས་ཏེ་“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱས་ན་འགན་ཤོར་ཡིན། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མ་བྱས་ན་ལས་གོ་མི་འཕེར་བ”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས།ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་འདུ་ཤེས་རྒྱུན་གཏན་གྱི་ལས་དོན་ནང་འདྲེས་པ། དོན་དངོས་ཀྱིས་འགན་འཁྲི་སེམས་ལ་འཆང་བ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་སྒྲུབ་ཐུབ་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུ་(ཏང་ཙུའུ)ཡིས་བྱེད་པོའི་འགན་འཁྲི་བརྟན་པོ་ཁུར་ནས་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཡག་པོ་ཁུར་ཏེ་རང་ཉིད་ཀྱིས་དམ་འཛིན་དང་། སྣེ་ཁྲིད་དེ་དོ་དམ། སྤྱི་འགན་འཁུར་བ་བཅས་བྱེད་དགོས། ཚན་ཁག་གི་ཁོངས་མིས་“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ་ལས་སྒོའི་ལས་དོན་དོ་དམ་གང་དུ་བྱེད་པ་དང་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྱོང་གང་དུ་དམ་འཛིན་ནན་པོ་བྱེད་དགོས། འགན་འཁྲིའི་འབྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲིའི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ། དཔྱད་ཞིབ་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དངོས་དེ་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རིམ་པ་བཞིན་གནོན་ཤུགས་སྤྲོད་པ།མཉམ་འཛིན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཐོག་མཐའ་བར་གསུམ་དུ་“འགན་འཁྲི”ལ་དམ་པོར་དམིགས་པ། “འགན་འཁྲི་བདའ་འདེད”ཡག་པོ་སྤྱད་པ། འགན་དབང་འདྲ་མཚུངས་དང་འགན་ཤོར་ལ་ངེས་པར་དུ་བདའ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་དང་། མ་དངུལ་བེད་སྤྱོད། དམངས་ཕན་སྲིད་ཇུས། སྲིད་འཛིན་ཁྲིམས་འཛིན། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་“འགག་རྩའི་ཉུང་ཤོས”ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་གཅུན་ནན་མོ་དང་། རང་འགན་རང་འཁུར། ཁོངས་གཏོགས་དོ་དམ་ནན་མོ། སྔ་མོ་ནས་འཛིན་པ་དང་ཆུང་ས་ནས་འཛིན་པ། སྐྱོན་ཆུང་དུས་སེལ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་ཆབ་སྲིད་ཀྱི་སྣང་ཚུལ་མུ་མཐུད་དུ་གཙང་སེལ་བྱེད་དགོས། དེ་དང་ཆབས་ཅིག ཏང་ནན་སྐྱོང་དང་། སྤྱོད་ཚུལ་སྒྱུར་བ། དངོས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས། ཏང་འཛུགས་སྐྱོང་གི་ཕན་འབྲས་དེ་རང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
- བདེ་ཆེན་གསར་འགྱུར།
ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།
ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།
སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས།
རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108