ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9ཚེས་11ཉིན་གྱི་སྔ་དྲོ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་། ཕྱོགས་གཉིས་ཀས་དངུལ་ཁང་དང་སྲིད་གཞུང་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དངུལ་རྩའི་“གསོན་ཤུགས”ལ་བརྟེན་ནས་བདེ་ཆེན་གྱི་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་སྤེལ་རེས་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཅིན་ཕེང་ཧྥེ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་སྤུས་ལེགས་དང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ།ཁུལ་ཡོངས་ཀྱི་“4+2+N”དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་དམིགས་ནས། རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ལྗང་མདོག་ནུས་རྒྱུ། ལྗང་མདོག་གཏེར་ལས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིའི་འཕེལ་རྒྱས་ལ་ཤུགས་ཆེན་བཏང་ཡོད། བདེ་ཆེན་ཁུལ་དང་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་དབར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད། ཡན་ལག་དངུལ་ཁང་གིས་བཏོན་པའི་ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ་དེ་བདེ་ཆེན་རིག་གནས་ཡུལ་སྐོར་གྱི་སྤུས་འདེགས་དང་ས་མཐོའི་ཞིང་ལས་ལས་སྣོན་ཞིབ་ཚགས་སོགས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་དེ། ཕྱོགས་གཉིས་ཀས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་གོ་སྐབས་འཚོལ་བ། དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཅིན་ཕུང་ཧྥེ་ཡིས་ཧྭ་ཞ་དངུལ་ཁང་གི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས། ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གིས་བདེ་ཆེན་ཁུལ་དང་དེ་བས་གཏིང་ཟབ་པའི་མཉམ་ལས་བྱ་རྒྱུའི་རེ་སྒུག་ཡོད། གོམ་སྟབས་རྗེས་མར། ཡན་ལག་དངུལ་ཁང་གིས་བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་འགུལ་ངང་དངུལ་རྩའི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩའི་“ལས་དོན་ཆེན་པོ་གཉིས”ལ་དམ་པོར་དམིགས་པ། དངུལ་རྩའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བདེ་ཆེན་གྱི་འཕེལ་རྒྱས་ལ་དངུལ་རྩའི་“གསོན་ཤུགས”དེ་བས་མང་བ་སྣོན་རྒྱུ་ཞེས་བཤད།
དབྱང་ཞུའེ་ཝུན་མཇལ་འཕྲད་ནང་ཞུགས་པ།
- བདེ་ཆེན་གསར་འགྱུར།
ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།
ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།
སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས།
རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108