中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-09-14 15:34:55 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9པའི་ཚེས་11ཉིན།ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཀྱི་ཚོགས་ཆེན་འཚོགས། ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད། ཁུལ་ཡོངས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཐག་གི་རྩེ་མོར་མཆེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། འཚོ་བའི་རང་བཞིན་གྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བ་དང་སྣ་མང་ཅན། སྟབས་བདེ་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་། ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་དགོས།

   ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུ་ལས་རིགས་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས།

    ཚོགས་འདུའི་ཐོག་བསྟན་དོན། སྔར་ནས་བཟུང་། རང་ཁུལ་གྱིས་ཞབས་ཞུ་ལས་རིགས་དེ་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བ་དང་། ལས་ཞུགས་ཤོང་ཚད་རྒྱ་སྐྱེད། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་འགག་རྩའི་འཛིན་བྱེད་དུ་བཟུང་། ན་ནིང་ཁུལ་ཡོངས་སུ་ཞབས་ཞུ་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་196.62ཟིན་པ་དེས་GDPབསྡོམས་འབོར་གྱི་61.2%བཟུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། རང་ཁུལ་གྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བར་ཆ་རྐྱེན་དང་། རྨང་གཞི། མི་མངོན་པའི་སྟོབས་ཤུགས། མདུན་ལམ་བཅས་ཡོད།

  ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁེ་ལས་ཀྱི་ཐོན་སྐྱེད་དང་གྲོང་མིའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་དམིགས་ནས་རིགས་དབྱེ་དང་སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་དགོས། ད་ཡོད་ཀྱི་རྨང་གཞི་བརྟན་པོ་དང་གསོག་ཚད་བརྟན་དུ་གཏོང་བ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”གསེར་ཡིག་བྱང་བུར་བརྟེན་ནས། ཁྱད་ལྡན་དམངས་སྲོལ་གནས་ཚང་དང་། ཁྱད་ལྡན་བཟའ་བཏུང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད། ཞིང་ལས་ཁྱད་ལྡན་ཐོན་རྫས་སོགས་ཀྱི་ཁ་ཕྱོགས་ལ་དམིགས་པ་བཅས་བྱས་ཏེ་བདེ་ཆེན་གྱི་ཁྱད་ལྡན་ཞབས་ཞུའི་སྤུས་རྟགས་གཏོད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། བསྡུར་གཞི་ཡོད་པའི་ལེགས་ཆ་བཅས་ལ་གཞི་ཚུགས་པ། ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། “ཕྱི་ནས་ནང་འདྲེན”དང་“ནང་དུ་གསོ་སྦྱོང”ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད། གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ། ཐོན་ཁུངས་རྣམ་གྲངས་ལ་བརྟེན་ནས་འཕར་ཚད་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་བརྗེ་རྒྱུ་མཐའ་འཁྱོངས་བྱེད། རྣམ་གྲངས་ལ་བརྟེན་ནས་ཐོན་ལས་སྣེ་ཁྲིད་བྱེད། སྲིད་ཇུས་ཀྱི་སྟོན་ཕྱོགས་དང་བསྟུན་ནས་ཞིང་ལས་ཞབས་ཞུ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ། དམའ་དབྱིངས་དཔལ་འབྱོར། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། རླངས་འཁོར་བྲིན་ཚོང་དང་ཉམས་གསོའི་ཞབས་ཞུ། རིག་གནས་ལུས་རྩལ་དང་རོལ་རྩེད་ལས་རིགས་སོགས་ལ་དམིགས་ནས་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ཏེ་ཞབས་ཞུའི་ལས་རིགས་ཀྱི་བསྡོམས་འབོར་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གྲོང་མིའི་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་རྒན་གསོ་དང་། བུ་བཅོལ། སློབ་གསོ། སྨན་བཅོས། འཛད་སྤྱོད་སོགས་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཆེད་ལས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

  ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་མཐུན་སྦྱོར་ལ་སྣང་ཆེན་བྱེད་པ། ལས་རིགས་ཀྱི་ཁྲིད་སྟོན་དང་། ལྟ་སྐུལ་དོ་དམ། ཁེ་ལས་རོགས་སྐྱོར་ཞབས་ཞུ་བཅས་བྱེད་ཤུགས་ཆེ་རུ་གཏོང་། རང་འགུལ་ངང་བསམ་བློ་གཏོང་བ་དང་། ལས་དོན་ཏན་ཏིག་སྒྲུབ་པ། ཕན་འབྲས་ལ་ལྟ་བ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

   ཚོགས་འདུའི་ཐོག རྫོང་(གྲོང་ཁྱེར)གསུམ་དང་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཚོང་དོན་ཅུས། ཁུལ་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་ལས་དོན་སྙན་སེང་ཞུས།

  ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)གསུམ་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ། ཞུས་ཀོང་ཏེ་དང་། ལུའུ་ཀྲི་ཅུན། དབྱང་ཞུའེ་ཝུན། དབྱང་ཁའེ། ལེའོ་ཝུན་ཚའེ། ཞའོ་ཞུས། ལི་ཐའོ། ཏོན་རུའུ་ཀྲུའུ་བཅས་ཚོགས་འདུར་ཞུགས། ཧོང་ལུང་ཤིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡན་ལག་ཚོགས་རར་ཞུགས།

  • བདེ་ཆེན་གསར་འགྱུར།

ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།

སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།

སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས། 

རང་ཁུལ་གྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་བདུན་གན་རྒྱ་འཇོག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com