中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-14 15:52:09 འབྱུང་ཁུངས་:中国西藏新闻网

ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས་ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་ཁྲིམས་ལྟར་བཅོས་སྒྲིག་བྱེད་པའི་བཀོད་སྒྲིག་བྱས་པ་རེད།

གཅིག་ནས་ལས་རིགས་ཀྱི་རྩིས་དངུལ་གཏོང་སྤྲོད་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་དུས་ཐོག་ཏུ་གཏོང་སྤྲོད་རྩིས་དངུལ་གྱི་བླང་བྱ་དེ་ལས་རིགས་དོ་དམ་ནང་འཇུག་པ་མ་ཟད་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས། ལས་རིགས་དེ་གའི་ཁྱབ་ཁོངས་ཀྱི་བསྡོམས་རྩིས་དང་གཏོང་སྤྲོད་དོ་དམ་གྱི་གཏན་འབེབས་བཟོས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་རྩིས་རྒྱག་འགོ་ཚུགས་པའི་དུས་ཚོད་དང་། རྩིས་དངུལ་གཏོང་སྤྲོད་བྱེད་སྟངས་དང་དེ་བཞིན་བརྒྱུད་རིམ། དངོས་ཟོག་དང་ཞབས་ཞུ་ཞིབ་བཤེར་རྩིས་ལེན(ཡང་ན་ལས་མཇུག་འགྲིལ་ནས་བསྡོམས་རྩིས་རྒྱག་པ)གྱི་ཚད་གཞི་དང་དུས་ཚད། དངུལ་སྤྲོད་དུས་བཀག་རིང་ཤོས་སོགས་ཀྱི་འགག་རྩའི་རྒྱུ་རྐྱེན་ཁ་གསལ་བཟོ་དགོས།

གཉིས་ནས་ཁེ་ལས་ཆེ་གྲས་ཀྱི་གཏོང་སྤྲོད་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁེ་ལས་ཆེ་གྲས་ཀྱི་རྩིས་དངུལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྐང་བཙུགས་ནས་རྩིས་ཡུན་རིང་དུ་གཏོང་མཁན་ཁེ་ལས་ཆེ་གྲས་རིགས་ལ་སྡེ་ཚན་མང་པོས་མཉམ་དུ་སྐོང་འདྲི་བྱེད་པ་མ་ཟད་དག་ཐེར་བྱེད་པར་ལྟ་སྐུལ་ཡང་བྱེད་དགོས། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཐད་ཁྲིམས་སྒྱུར་ནན་པོ་བྱས་ཏེ། ཁེ་ལས་ཆེ་གྲས་ཀྱིས་ལེགས་ཆའི་གནས་བབ་གང་བྱུང་དུ་སྤྱད་དེ་རྐང་བཙུགས་ནས་རྩིས་ཡུན་རིང་དུ་གཏོང་བའི་བྱེད་སྤྱོད་ངན་པར་རྩད་ཆོད་མཐའ་གསལ་བྱུང་རྗེས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་དགོས།

གསུམ་ནས་དངུལ་སྨར་མིན་པའི་དངུལ་གཏོང་སྤྲོད་བྱེད་སྟངས་ལ་དོ་དམ་ཚད་ལྡན་བྱེད་དགོས་ཤིང་། གློག་རྡུལ་དཔང་འཛིན་གྱི་དངུལ་སྤྲོད་དུས་ཚད་རིང་ཤོས་ཟླ་6བར་ཐུང་དུ་གཏོང་དགོས་པ་དང་། གློག་རྡུལ་དཔང་འཛིན་ཞབས་ཞུའི་ལས་སྟེགས་ཀྱིས་དངུལ་སྤྲོད་དུས་ཚད་ཟླ་6ལས་བརྒལ་བའི་གློག་རྡུལ་དཔང་འཛིན་གསར་དུ་སྤྲོད་མི་ཆོག་པ། ཚོང་ལས་དངུལ་ཁང་དང་ཚོང་ལས་འགན་ལེན་ཀུང་སིས་དངུལ་སྤྲོད་དུས་ཚད་ཟླ་6ལས་བརྒལ་བའི་གློག་རྡུལ་དཔང་འཛིན་ལ་མ་དངུལ་བསྡུ་སྒྲིལ་མཁོ་འདོན་བྱེད་མི་ཆོག

བཞི་ནས་མ་དངུལ་བརྒྱུད་འདྲེན་གྱི་ནུས་ཕྱོད་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཚང་མར་དངུལ་སྨར་གཏོང་སྤྲོད་བྱེད་ཐབས་སྤྱོད་དགོས་པ་མ་ཟད། གཏོང་སྤྲོད་གནས་ཚུལ་དུས་ཐོག་ཏུ་སྲིད་གཞུང་གི་ཉོ་སྒྲུབ་རྣམ་གྲངས་ཀྱི་ལྟ་འདོམས་ཁྱབ་ཁོངས་ནང་འཇུག་དགོས། སྲིད་གཞུང་གིས་མ་འཇོག་རྣམ་གྲངས་ཀྱི་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དོ་བདག་ཚན་པས་དངུལ་སྨར་གཏོང་སྤྲོད་བྱེད་ཐབས་སྔོན་ལ་སྤྱོད་དགོས་པ་མ་ཟད་རྣམ་གྲངས་སྤྱིའི་སྒྲུབ་འགན་གཙང་ལེན་བྱེད་མཁན་ཚན་པས་དུས་ཐོག་ཏུ་ཁག་བགོས་འགན་གཙང་ཚན་པར་བསྡུར་ཚད་གཅིག་མཚུངས་ལས་མི་དམའ་བའི་དངུལ་སྨར་གཏོང་སྤྲོད་ལ་སྐུལ་འདེད་གཏོང་དགོས།

《བརྡ་ཐོའི》ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོང་འོག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཡོ་བསྲང་ལ་ཁྲིད་སྟོན་དང་ཁྲིམས་སྒྱུར་འགན་འཁྲི་བདའ་འདེད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས། ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་སྤྱི་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་དང་། ཁེ་ལས་འབྲིང་ཆུང་གི་རྒྱུན་འཁོར་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།


  • བདེ་ཆེན་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།

སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།

སེམས་ཀྱི་ཉི་ཟླའི་གླེང་སྟེགས(སྐབས་ལྔ་པ)ཧྲང་ཧའེ་ཡིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་སྤེལ་འགོ་ཚུགས། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com