སྐབས་དགུ་པའི་ཁུལ་ཨུའི་རེས་སྐོར་བཅོ་ལྔ་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་26ཉིན།སྐབས་དགུ་པའི་ཁུལ་ཨུའི་རེས་སྐོར་བཅོ་ལྔ་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་དབྱང་གིས་སྐུལ་སློང་གསུང་བཤད་གནང་།ཚོགས་འདུའི་ཐོག་སྐབས་དགུ་པའི་ཁུལ་ཨུའི་རེས་སྐོར་བཅོ་ལྔ་པའི་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པའི་དབང་ཆ་གནང་བ་དང་ལས་འགན་བགོས་བའི་གཏན་འབེབས་ཁྱབ་བསྒྲགས་བྱས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན།སྐོར་ཞིབ་ལས་ཁུངས་དང་སྐོར་ཞིབ་ལས་བྱེད་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་།ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ།ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ།ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་དགོས།གཙོ་གནད་གནད་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་།ཟིལ་གནོན་གྱི་ཕན་འབྲས་ཆེ་རུ་གཏོང་བ།འགན་ནུས་ཀྱི་འགན་འཁྲིར་དམ་པོར་དམིགས་པ།ལྟ་སྐུལ་གྱི་ཞིབ་ཚད་མཐོ་རུ་གཏོང་བ།སྐོར་ཞིབ་བྱེད་ཞོན་དུ་བཅོས་སྒྲིག་བྱེད་པར་མཐའ་འཁྱོངས་བྱེད།བཀག་སྡོམ་གྱི་རྣམ་པ་གཏོད་པ།ལྟ་སྐུལ་གྱི་རལ་གྲི་རྣོན་པོ་འདོན་པ་བཅས་བྱེད་དགོས།ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་“མ་དངུལ་དང་།རྒྱུ་ནོར།ཐོན་ཁུངས་ ”བཅས་ཀྱི་ཆེད་དོན་སྐོར་ཞིབ་ཀྱི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་ལྟ་སྐུལ་གྱི་གཙོ་གནད་གནད་སྨིན་ངང་ཁོང་དུ་ཆུད་པ་བྱས་ཏེ་ཆབ་སྲིད་ལྟ་སྐུལ་གྱི་ཟིལ་གནོན་ནུས་པ་དང་།མཐིལ་རྟོགས་ནུས་པ།སྐུལ་འདེད་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་སྤྱོད་ཚུལ་ལ་བརྟེན་ནས་སྐོར་ཞིབ་ཀྱི་ཕན་འབྲས་འགན་ལེན་བྱེད་དགོས།
ཤེས་གསལ་བྱུང་དོན།རེས་སྐོར་འདིའི་སྐོར་ཞིབ་དུས་ཚོད་ནི་ཟླ་3པའི་ཚེས་4ནས་ཟླ་4པའི་ཚེས་21ཉིན་བར་ཡིན།ཁུལ་ཡོངས་ཀྱི་གྲོང་གསེབ་མཉམ་སྡེབ་ཀྱི་“མ་དངུལ་དང་།རྒྱུ་ནོར།ཐོན་ཁུངས་”བཅས་ཀྱི་དོ་དམ་གནད་དོན་ཐད་ཁུལ་དང་རྫོང་(གྲོང་ཁྱེར)གོང་འོག་མཉམ་འགུལ་གྱི་ཆེད་དོན་སྐོར་ཞིབ་བྱ་རྒྱུ།ཁུལ་དམངས་སྲིད་ཅུས་དང་།ཁུལ་མཁོ་ཚོང་མཉམ་ལས་ཁང་མཉམ་འབྲེལ་ལྷན་ཚོགས།གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཨུ་བཅས་ཁུལ་ཐད་གཏོགས་སྡེ་ཚན་3ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་རྒྱུ།
འགན་འཁུར་རྩོམ་སྒྲིག་པ།:卓玛央初
- བདེ་ཆེན་གསར་འགྱུར།
ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།
ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།
བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།
ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108