དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།

ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཡིན་ལ། ཏང་གི་འཛུགས་སྐྱོང་གི་ཁ་ཕྱོགས་དང་གྲུབ་འབྲས་ལ་ཐག་ཆོད། ཁུལ་ཏང་གི་འཐུས་མི་སྐབས་དགུ་པ་འཚོགས་པ་ནས་བཟུང་། ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པར་རྒྱུན་འཁྱོངས་བྱས་པ་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་འགོ་གཙོར་བྱས་པར་རྒྱུན་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གི་ལས་དོན་ཁག་སྐུལ་འདེད་གཏིང་ཟབ་གཏོང་བ། ཁུལ་ཡོངས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་རྒྱས་པས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་སྲ་བརྟན་མཁོ་འདོན་བྱས་ཡོད།


ཁ་ཕྱོགས་ཡང་དག་འཛིན་པ་དང་བསམ་པ་རྣམ་དག་བརྟན་པོར་གཏོང་།
བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ཁ་ཕྱོགས་རྒྱུད་དེ་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད།
ལོ་ལྔའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་ཡོད་པ་དང་ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་ན་ཡུན་ནན་ལ་བྱ་སྤྱོད་ཡོད་པ་དང་བདེ་ཆེན་གྱིས་དོན་འཁྱོལ་དམ་འཛིན་བྱེད་ཅེས་པ་དེ་བདེ་ཆེན་གྱིས་འཛེར་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་སྒྲིག་བྱས་པའི་འཆར་གཞི་དེ་བདེ་ཆེན་གྱི་བདེ་སྐྱིད་དངོས་ལྗོངས་སྐྲུན་པའི་ལག་ལེན་གསོན་ཉམས་སུ་འགྱུར་བར་སྐུལ་འདེད་གཏོང་།
ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འཛིན་ན་ད་གཟོད་བརྟན་བགྲོད་རྒྱང་འཁྱོལ་བྱས་ཐུབ། ཁུལ་ཨུས་གྲོས་དོན་དང་པོའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་བཀའ་མཆན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཁུལ་ཡོངས་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུད་ནས་མདུན་དུ་སྐྱོད་པར་ཁག་ཐེག་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་དང་གཏན་འབེབས་བྱས་ནས་འགན་འཁྲིའི་གསལ་ཐོ་147ཞིབ་ཕྲ་བཟོས། ཆབ་སྲིད་ཀྱི་འགྲུབ་རྐྱེན་དང་པོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འཁོར་སྐྱོད་བྱས་ཏེ་བསྡོམས་རྩིས་བྱས་ན་ཆེད་དོན་ལྟ་བཤེར་ཐེངས་64་དང་ཕྱིར་མིག་ལྟ་བ་ཐེངས་5སྤེལ། གདུབ་ཟུམ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བཀའ་མཆན་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་།
ཕུགས་འདུན་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་“ཀལ་”ལྟ་བུ་ཡིན། ཁུལ་ཨུས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་ཀར་སྐུལ་འདེད་གཏོང་། སློབ་སྐྱོང་ལ་བརྟེན་པ་བཞིའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྔ་རྗེས་སུ་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་བསྡུས་སློབ་སྦྱོང་ཐེངས་66སྒྲིག་འཛུགས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་དུ་སྦྱོང་བ་དང་རྒྱུན་དུ་གསར་སྒྱུར། ཀླད་པ་དང་སེམས་སུ་འཇུག་ཏུ་བཅུག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་སྒྲིག་འཛུགས་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཕུགས་འདུན་དད་སེམས་དང་རྩ་འཛུགས་ཀྱི་འདུ་ཤེས། ཏང་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་རྒྱུན་མི་ཆད་པར་ཤུགས་ཆེར་གཏོང་།
ཀླད་པར་དོ་དམ་ཞེས་པ་གཙོ་བོར་བྱས་པའི་བློ་སྦྱོང་ལས་གྲྭ་ལག་བསྟར་བྱས་ཏེ་ཁྱབ་ཁོངས་ཁག་ཏུ་རིམ་པ་དང་ཚོགས་རིགས་དབྱེ་ནས་རྒྱུན་རྣམ་ཅན་དུ་ཆབ་སྲིད་ཀྱི་བསམ་པ་རྣམ་དག་གི་སློབ་གསོ་སྤེལ་བ་དང་། སྨྱན་སྦྱོར་ཡོངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཁྱད་ལྡན་སྒྲོག་འགྲེལ་བྱེད་སྒོ་ལ་བརྟེན་ནས་ཏང་གི་གསུང་སྒྲ་འབྲོག་ར་དང་གྲོང་པར་བསྐྱེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱུང་བར་ཁྲིད་སྟོན་བྱས།


ཁྱོན་ཡོངས་ལ་གཅིག་གྱུར་གྱིས་འཛིན་པ་དང་ཕྱོགས་སོ་སོ་ལ་མཐུན་སྦྱོར་བྱེད།
ཏང་གི་འགོ་ཁྲིད་དེ་བདེ་ཆེན་གྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ།
བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྲ་བརྟན་བཅས་དོན་ཆེན་བཞི་ནི་ཏང་ཀྲུང་དབྱང་གིས་བདེ་ཆེན་ལ་སྤྲད་པའི་ལས་འགན་གལ་ཆེན་ཡིན། ལོ་ལྔའི་རིང་། ཁུལ་ཨུས་དོན་ཆེན་ཇུས་འགོད་དང་དོན་ཆེན་ལ་གྲོས་བསྡུར་བྱེད་པ། དོན་ཆེན་དམ་འཛིན་བཅས་རྒྱུན་འཁྱོངས་བྱས་ཏེ་སྔ་རྗེས་སུ་ཚང་འཛོམས་གྲོས་ཚོགས་ཐེངས་11འཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། “ལོ་ལྔ་ཚན་བཅོ་ལྔ་པ་”ལ་འཆར་འགོད་བྱས་པ་སོགས་ཁུལ་ཡོངས་ཀྱི་སྤྱི་ཡོངས་ལ་འབྲེལ་བའི་གནད་དོན་གལ་ཆེན་ལ་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་170འཚོགས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་བྱས་པར་ཞིབ་འཇུག་བྱས་ཏེ་ཁ་ཕྱོགས་འཛིན་པ་དང་སྤྱི་ཡོངས་དོ་དམ། ཇུས་ཐག་གཅོད་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།
ཁུལ་ཨུའི་གཅིག་འདོམས་འོག དམངས་ཆེན་དང་སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། མང་ཚོགས་ཚོགས་པའི་རྩ་འཛུགས་སོགས་ཕྱོགས་སོ་སོས་གོམ་སྟབས་མཉམ་སྒྲིག་དང་མཉམ་སྡེབ་ཀྱིས་ཤུགས་འདོན་པ། ཏང་གིས་སྒྲིག་ཁོངས་དང་ཕྱི་དོན། རྩིས་བཤེར། ཁྲིམས་སྐྱོང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་། བརྟན་ལྷིང་དམ་འཛིན་ལ་དམིགས་ནས་དུས་ཚིགས་རེ་ལ་བཀོད་གཏོང་རེ་ཞེས་པ་དང་དུས་སྟོན་ལ་ངེས་པར་དུ་བཀོད་གཏོང་བྱེད་ཅེས་པ་སོགས་ཀྱི་ལམ་སྲོལ་འཐུས་ཚང་གཏོང་བ་དང་དོན་འཁྱོལ་བྱས་པ། ཁུལ་ཡོངས་ཀྱིས་དོན་རྐྱེན་ཆེན་པོ་མི་བྱུང་བ་དང་དོན་རྐྱེན་ཆུང་ངུ་ཚོད་འཛིན་བྱས་ཐུབ་པ་ཞེས་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས། འཕེལ་རྒྱས་དམ་འཛིན་ལ་དམིགས་ནས་ཁུལ་ཨུའི་ཆེད་དོན་ཞིབ་འཇུག་དང་ཡུལ་དངོས་སུ་སྐུལ་འདེད། དུས་ཚིགས་རེ་ལ་བཀོད་གཏོང་། དཔལ་འབྱོར་གྱི་ཆེད་དམིགས་ཚོ་ཆུང་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བར་སྐུལ་འདེད་གཏོང་།
རྨང་གཞི་མི་བརྟན་ན་ས་གཡོ་རི་འགུལ། ཁུལ་ཨུས་གཞི་རིམ་ལ་དམ་འཛིན་གྱི་མངོན་གསལ་ཕྱོགས་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཏང་ཨུ་(ཏང་ཙུའུ་)ཧྲུའུ་ཅིའི་གཞི་རིམ་དམ་འཛིན་གྱི་ཏང་འཛུགས་སྐྱོང་གི་འགན་འཁྲི་ནན་ཏུ་དཀྲི་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གཙོ་གནད་དུ་བྱས་པའི་གཞི་རིམ་སྲ་བརྟན་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ནས་ཐོན་ཁུངས་དང་སྟོབས་ཤུགས་གཞི་རིམ་དུ་གཏིང་སྐྱོད་བྱེད་དེ་སྐུལ་འདེད་གཏོང་། རིམ་པ་བཞིའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་མ་ཟད་དངོས་གཞི་ཅན་གྱི་འཁོར་སྐྱོད་བྱས། ཕྱོགས་ཡོངས་ནས་ཤང་(གྲོང་རྡལ་)གི་འགན་འཁྲི་སྒྲུབ་པའི་ལས་དོན་གྱི་གསལ་ཐོ་ལག་བསྟར་བྱས་ཏེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་560གསར་དུ་སྣོན་པ་དང་། ཏང་གི་འགོ་ཁྲིད་མཐའ་མའི་སྤྱི་ལེ་གཅིག་ལ་འབྱོར་དུ་བཅུག གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་རྒྱུན་མཐུད་ངང་ཤུགས་ཆེར་གཏོང་སྟེ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་སྣེ་ཁྲིད་བྱེད་པའི་“13344”ལས་ཀའི་དཔེ་དབྱིབས་འཚོལ་ཞིབ་བྱས་པ་དང་། ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྐད་ཆ་བཤད་ན་ཉན་མཁན་ཡོད་པ་དང་བྱ་བ་སྒྲུབ་ན་རྗེས་འདེད་བྱེད་མཁན་ཡོད་པར་སྐུལ་འདེད་གཏོང་བ་དང་ཏང་གི་གཞི་རིམ་གྱི་སྲིད་འཛིན་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་བ།


ཐིང་རིམ་པའི་འགོ་ཁྲིད་ཁུལ་ཡོངས་ལས་བྱེད་དཔུང་ཁག་ཁྲོད་ཀྱི་འགག་རྩའི་ཉུང་ཤས་སུ་བྱས་ནས་ཏང་གཤིས་ཡོན་ཚད་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་གཙང་རང་འདོམས་བྱས་ཏེ་ཡུན་ནས་ཡུན་དུ་གུང་ཁྲན་ཏང་མིའི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས་ཞེས་2025ལོའི་ཟླ་4པར་ཁུལ་ཨུའི་འགོ་ཁྲིད་གཙོ་བོས་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཁྱིམ་དུ་ཕེབས་ཏེ་ལས་བྱེད་པ་དང་ནང་མིའི་བར་ངོ་ཐུག་གདོང་འཕྲད་ཀྱིས་ལས་ཀ་དང་འཚོ་བ་སོགས་ཁ་བརྡ་བྱས་ནས་ལྟ་སྐུལ་སྙན་ལྕག་བྱས་ཏེ་ཐིང་རིམ་པའི་འགོ་ཁྲིད་ཀྱི་ཁྱིམ་དུ་འཚམས་འདྲི་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱུང་།
ཏང་ནང་གི་ཆབ་སྲིད་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་བ་དང་ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་། གོང་དཔེ་འོག་ཁྲིད་བྱས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་བྱས་པ་དང་། འགོ་ཁྲིད་ལས་བྱེད་པས་ཕྱོགས་ཐོན་སྙན་སེང་ཞུ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དོན་ཚན་ཚབས་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་པ། རྒྱུན་རྣམ་ཅན་དུ་ཁྱིམ་དུ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ལྟ་སྐུལ་དོ་དམ་དེ་ཆུ་ཚོད་བརྒྱད་མ་ཚད་བར་སྣུར་སྲིང་བྱེད་པ་དང་། དུས་ཐོག་ཏུ་མགོ་འབུར་ཙམ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དག་བཅོས་བྱེད་པར་མཐོང་བ་དང་དྲན་སྐུལ་བྱས་པ། ཆབ་སྲིད་སྐོར་ཞིབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྔ་རྗེས་སུ་ཆབ་སྲིད་སྐོར་ཞིབ་རེས་སྐོར་15སྤེལ་ནས་ཁུལ་རིམ་པའི་ཏང་རྩ་འཛུགས་86ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། ལས་ཀ་དོན་འཁྱོལ་ཁྲོད་ཀྱི་ཆབ་སྲིད་ཕྱོགས་འཛོལ་ཡོ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་སྔར་ལས་དམ་པོ་བྱུང་།
ལས་བྱེད་པའི་ཆབ་སྲིད་ཀྱི་ཚད་གཞི་ནན་པོ་དམ་འཛིན་བྱས། སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྱོང་གི་བྱ་སྤྱོད་ཆེན་པོ་བཅུ་གཏིང་ཟབ་ཏུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགན་འཁྲི་གཙོ་བོ་ཡོད་མཁན་ལ་གཏམ་གླེང་དང་འགོ་གཙོ་དང་པོས་ལྟ་སྐུལ་གཏམ་གླེང་བྱེད་པ་སོགས་ཀྱི་བྱ་ཐབས་ཀྱིས་འགག་རྩའི་ཉུང་ཤས་ལ་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་བ། ཞིང་ཨུའི་སྐོར་ཞིབ་དང་ཆབ་སྲིད་སྣང་ཚུལ་གནས་སྡོད་བརྟག་ཞིབ་ཀྱིས་ལྡོག་སྐྱེལ་གནད་དོན་དག་ཐེར་དང་ལེགས་བཅོས་དམ་འཛིན་བྱེད་པར་གོ་སྐབས་སུ་བཟུང་ནས་ཤུགས་ཡོངས་ནས་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་ལ་གཞོགས་འདེགས་བྱས་པ་དང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ནས་ལས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་དོན་ཁག་གཅིག་རྩད་ཞིབ་ཐག་གཅོད་བྱས་ཡོད། ནང་དོན་སྙིང་པོ་གཟབ་ནན་དང་བྱ་ཐབས་དམ་པོ། སྣང་ཚུལ་དྲང་ནན་བཅས་སྔར་ལས་ཆགས་ནས་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།


འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།
ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།
ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱིས་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་གྲས་ཀྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་སྲོལ་རྒྱུན་མདའ་གཞུ་སྤེལ་རེས་བྱེད་སྒོ་སྤེལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108