中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-09-17 14:28:07 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ9པའི་ཚེས་16ཉིན། སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཉིན་རེའི་ལས་རིམ་བཀོད་སྒྲིག་དང་གྲ་སྒྲིག་གནས་ཚུལ་གྱི་སྙན་སེང་ཉན་ལ་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོག་འདྲེན་གྲུ་གཟིངས་ཞིག་ལ་མེ་སྐྱོན་བྱུང་བའི་དོན་རྐྱེན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དེ་མཐའ་ཚད་ཀྱི་འདུ་ཤེས་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོ་གཏོང་བ་དང་།ཐིག་སྒྲིལ་སེམས་ཁམས་དང་དུས་དང་རྣམ་པ་ཀུན་དུ་སེམས་མི་བདེ་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བྱེད་དེ་བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་ཆེས་ཚབས་ཆེན་མི་བྱུང་བར་བཀག་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།  བདེ་འཇགས་ཐོན་སྐྱེད་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་སྤྱི་སྒྲུབ།  འགན་འཛུལ་བྱུང་བར་འགན་འཁྲི་བདའ་འདེད་ཅེས་པ་དང་ལས་རིགས་ལ་དོ་དམ་བྱས་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ་དང་ལས་སྒོ་ལ་དོ་དམ་བྱས་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ། ཐོན་སྐྱེད་བདག་གཉེར་ལ་དོ་དམ་བྱས་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དེ་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེར་གཏོང་སྟེ་འབྱུང་རྩ་ནས་གཞི་བཅོས་བྱེད་དེ་གནད་དོན་ཐག་གཅོད་བྱེད་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་《སྒྲ་དུང་ཆུང་ཆུང་》ལེ་ཚན་གཏོང་འགོ་ཚུགས་ནས་ལོ་70འཁོར་བར་ཤིས་འཕྲིན་སྤྲིངས་པའི་དགོངས་དོན་གལ་ཆེན་དང་དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པ་འཆར་ཉེ་བའི་སྐབས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ། ཅི་ལིན་སློབ་ཆེན་བཙུགས་ནས་ལོ་80འཁོར་བར་ཤིས་འཕྲིན་སྤྲིངས་པའི་དགོངས་དོན་གལ་ཆེན་བཅས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་དགེ་རྒན་གྱིས་བཞི་ལྡན་ཞེས་པའི་དགེ་རྒན་བཟང་པོ་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་དེ་ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། རང་རྟོགས་ངང་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་སྐྱོང་སྤེལ་བྱེད་པ་དང་ཕྱོགས་ཡོངས་ནས་སློབ་ཁྲིད་མི་སྐྱོང་གི་ཆུ་ཚོད་མཐོར་འདེགས་པ།  སྒོ་ཁའི་སློབ་གསོ་ཡག་པོ་གཉེར་བར་འབད་དགོས། དགེ་རྒན་ལ་གུས་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་པོ་བཞེངས་སྐྲུན་ཤུགས་ཆེན་བྱེད་པ་དང་དགེ་རྒན་གྱི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེར་གཏོང་དགོས།  གཞོན་ནུ་ལོ་ཆུང་གི་རིག་གནས་ཀྱི་ས་གཤིན་ལ་འབད་འཐབ་གཏིང་ཟབ་བྱེད་དེ་བདེན་ལེགས་མཛེས་གསུམ་ཁྱབ་སྤེལ་བྱེད་པ་དང་གཞོན་ནུ་ལོ་ཆུང་ཐོས་དགའ་མཐོང་སྤྲོ་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱེད་དགོས། “བརྒྱད་ལྟ་ལྔ་བསྡུར་”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་བདེ་ཆེན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ།  མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་ལས་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་པར་འབད་དགོས། 

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་ཀྲན་ཀྲའོ་110གྱི་རུ་མི་ཡོངས་ལ་ཡིག་ལན་སྐུར་བའི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ཐོག་མཐའ་བར་དུ་མི་དམངས་སྤྱི་བདེ་ཡིས་མི་དམངས་ཀྱི་ཆེད་དུ་རྒྱུན་འཁྱོངས་བྱེད་པ།  ཀྲན་ཀྲའོ་110གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་དེ་ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོང་།  བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་སྤེལ་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། བདེ་ཆེན་གྱི་སྤྱི་བདེ་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།  ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་ཚུགས་པར་སྲུང་སྐྱོང་བྱེད་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།  ཞིང་ཨུའི་ཉེ་དུས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་དེ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་ལག་ལེན་གཏིང་ཟབ་བསྟར་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀར་ཞིབ་འཇུག་བྱེད་པ།  རང་རྟོགས་ངང་བསམ་བློ་གཏོང་བ་དང་བྱ་བ་ཏན་ཏིག་སྒྲུབ་པ། ཕན་འབྲས་ལ་བལྟ་བ་ཞེས་པའི་ལས་ཀ་དམ་འཛིན་གྱི་གོ་རིམ་གསུམ་གཞིར་བཟུང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་པར་འགྲུབ་བར་འབད་དགོས། 

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།  ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་པའི་འགག་རྩའི་དུས་སྐབས་དང་།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བར་རྨང་གཞི་སྲ་བརྟན་བཏིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ།  ཁུལ་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན།  གྲ་སྒྲིག་ཚོ་ཆུང་ཁག་གིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འཁྲི་འགན་སྒྲུབ་སེམས་ལ་བརྟེན་ནས་དུས་ཚོད་ལྡོག་སྒྲིག་དང་། ཆད་འཛོལ་ཞིབ་བཤེར་དང་ཆད་ལུས་གསབ་པ། ལེགས་ཐོག་ལེགས་འཚོལ་གྱིས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་ངང་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ།  ཁུལ་ཨུ་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བཅས་ཡག་པོ་འཚོགས་དགོས། 

གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས།

འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།

དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com