中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-17 16:38:30

ཟླ་9པའི་ཚེས་16ཉིན་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་རིགས་ལས་དོན་གྱི་དགོངས་པ་གལ་ཆེན་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ཤུགས་སྣོན་དང་ལེགས་སུ་གཏོང་བར་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། ཆོས་ལུགས་ལས་དོན། མཐའ་མཚམས་བཅོས་སྐྱོང་བཅས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའར་མི་རིགས་མཐུན་སྒྲིལ་གྱི་དམ་བཅའི་རྡོ་རིང་དང་མནའ་འབྲེལ་གྱི་འཐུས་མིར་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》དང་《ཏང་ཨུས་(ཏང་ཙུའུ)འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་གཏན་འབེབས》དོན་འཁྱོལ་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་“ངེས་པར་དུ་བྱེད་དགོས་པ་བཅུ་གཉིས”ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འབྲེལ་བ་བཞི”སྟངས་འཛིན་ཡང་དག་བྱེད་པ། “ཐུན་མོང་སྒྲིག་གཞི་བཞིའི”འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་བློའི་རྩ་བ་དངོས་འབྲེལ་ཐོག་ཇེ་བརྟན་དུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་བྱེད་ཐབས་ཡག་པོ་སྤྱད་དེ་མི་རིགས་ལས་དོན་ཡག་པོ་བསྒྲུབས་ནས་《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ཀྱི་ཁྲིམས་གཏན་འཁེལ་བའི་བླང་བྱ་ཁག་སྲིད་གཞུང་གི་ཐབས་ཇུས་དང་། རྣམ་གྲངས་ལག་བསྟར། དམངས་འཚོ་འགན་ལེན། གཞི་རིམ་བཅོས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། རེས་སྐོར་གཉིས་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཏན་ཏིག་སྐྲུན་པ། ཕན་ཚུན་ཕྲ་རྒྱན་རྣམ་པའི་སྤྱི་ཚོགས་གྲུབ་ཆ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། མི་རིགས་ཁག་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་། ཐོན་ལས་སྐྱེད་སྲིང་། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དངོས་པོའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་རེ་སྒུག་བཅས་ཀྱི་དོན་དངོས་ཡག་པོ་བསྒྲུབས་ཏེ་དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང”གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ད་ཐེངས་ཀྱི་གཅིག་སྡུད་སློབ་སྦྱོང་གོ་སྐབས་སུ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་མུ་མཐུད་འཁུར་བ་དང་། གཙོ་རྐང་སྟངས་འཛིན་ནན་པོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་དོན་ཁག་ནུས་ལྡན་ངང་ཡག་པོ་སྒྲུབ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ཚོགས་འདུའི་ཐོག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།


  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་171པ་འཚོགས།

འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།

དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།

ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།

ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com