འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལ་དམ་པོར་དམིགས་ནས། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱས་པའི་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྩ་འཛུགས་ལས་དོན་གྱི་གཙོ་གནད་ལས་འགན་ཁག་རང་འགུལ་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས་དང་མཐའ་མཚམས་བརྟན་བརླིང་གི་དོན་ཆེན་བཞི་རུ་འདྲེས་པར་བྱས་ཏེ།ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད།

རིམ་པ་དང་རིགས་དབྱེ་ནས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རིམ་རྩིས་བྱས་ན་ལས་བྱེད་པའི་བྱེད་པོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་330ལྷག་ཙམ་གཉེར་བ་དང་ལས་བྱེད་པ་མི་ཐེངས་ཁྲི་3.5ལྷག་ཙམ་གསོ་སྦྱོང་བྱས་ཡོད། “ཏང་ཡོན་ཁྲི་ཏང་གི་སློབ་གྲྭར་སྐྱོད་པ”སོགས་ལ་བརྟེན་ནས་ཏང་ཡོན་གཞི་རྩའི་གསོ་སྦྱོང་ཐེངས་540ལྷག་ཙམ་བྱས་པ་དང་ཏང་ཡོན་མི་ཐེངས་ཁྲི་10ལྷག་ཙམ་གསོ་སྦྱོང་བྱས་པ་རེད། “སྲོག་ཤིང་ལ་བརྩི་བཀུར་དང་བློ་ཁ་པེ་ཅིང་ལ་གཏོད་པའི”བརྗོད་དོན་གཙོ་བོའི་ལག་ལེན་མུ་མཐུད་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ་ཁྱབ་ཁོངས་དབྱེ་ནས་ལས་ཁུངས་ཀྱིས་“ལྷག་བསམ་རྣམ་དག”དང་། གྲོང་གསེབ་ཀྱིས་“དྲིན་ཚོར་བ” སློབ་གྲྭས་“རྒྱལ་གཅེས” ཁེ་ལས་ཀྱིས་“ཡིད་རྟོན”བཅས་ཀྱི་དབྱེ་འབྱེད་ཀྱི་སློབ་གསོ་སྤེལ་ཡོད། ཁུལ་ཡོངས་སུ་སྒྲོག་འགྲེལ་ཐེངས་ཁྲི་1.7ལྷག་ཙམ་བྱས་པ་དང་ཏང་ཡོན་དང་མང་ཚོགས་མི་ཐེངས་ཁྲི་80ལྷག་ཙམ་ལ་ཁྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རྨང་གཞི་མུ་མཐུད་བརྟན་དུ་བཏང་བ་རེད།

གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གདམ་གསེས་སྐོང་འཐེན་སློབ་མ་གནས་གཏན་འཁེལ་གྱིས་བསྡུ་བ་དང་གཞུང་ལས་པ་རྒྱུགས་སྤྲོད་བསྡུ་བ་སོགས་ཀྱི་འབྱུང་རྩའི་གསོག་འཇོག་ལས་དོན་ཡག་པོ་སྒྲུབ་པ། གཞུང་ཞབས་པའི་དཔུང་ཁག་གི་ཡོང་ཁུངས་དང་། སློབ་རྒྱུས། ཆེད་ལས་བཅས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་བྱ་གཞག་ཁག་གི་ཕུགས་ཀྱི་འཕེལ་རྒྱས་ལ་“འབྱུང་རྩའི་གསོན་ཤུགས”གསོག་འཇོག་བྱས་ཡོད།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་མཐའ་མཚམས་སུ་སྲིད་སྐྱོང་བའི་འཐབ་འཛིང་གི་བཙན་རྫོང་ཡིན། བདེ་ཆེན་ཁུལ་གྱིས་“རྨང་གཞི་བརྟན་དུ་གཏོང་བའི་ལས་གྲྭ”ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཀྲི་པུའུ་ཡིས་“སྔོན་ལ་མཐོ་རུ་གཏོང་བ་དང་བར་དུ་ཉམས་ཞན་བཅོས་པའི”བྱེད་སྒོ་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་བ་དང་། ལས་ཁུངས་དང་། གཞུང་ཁོངས་ཁེ་ལས། “གསར་པ་གཉིས”སོགས་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་ཡག་པོ་བྱས་ནས་རྒྱུན་མཐུད་ངང་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་ཡོད། གྲོང་ཚོའི་(སྡེ་ཁུལ)ལས་བྱེད་པའི་འཇོན་ཐང་བྱང་ཚད་དང་སློབ་རྒྱུས་ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་“གྲོང་མིའི་ཚོ་ཆུང་གཅིག་ལ་ཏང་ཀྲི་པུའུ་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གྲོང་མིའི་ཚོ་ཆུང་གི་ཏང་ཀྲི་པུའུ་ཁྱབ་ཚད་83.17%བར་མཐོ་རུ་བཏང་བ། གྲོང་ཚོ་རིམ་པའི་རྗེས་གྲབས་ཤེས་ལྡན་པ་2383གྲབས་གསོག་བྱས་པ། གྲོང་ཚོའི་(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བཅས་བྱས་ཡོད། ཏང་ཡོན་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་འགག་སྒོ་ནན་པོ་སྲུང་ནས་རིམ་རྩིས་བྱས་ན་ཏང་ཡོན་4000ལྷག་ཙམ་གསར་དུ་བསྡུས་ཡོད།
“ཁྱིམ་ཚང་བརྒྱར་བསྐྱོད་པ་དང་། ཁྱིམ་ཚང་བརྒྱའི་གནས་ཚུལ་ཤེས་པ། ཁྱིམ་ཚང་བརྒྱའི་སེམས་ཁྲལ་སེལ་བ”བཅས་ཀྱི་ཞབས་ཞུའི་བྱེད་སྒོ་དང་“འཐབ་ས་དང་པོར་ཡོད་པ་དྲུག”གི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཡུན་ནན་དང་སི་ཁྲོན་གྱི་འབྲེལ་མཚམས་ས་ཁུལ་གྱི་ཐོན་ཁུངས་བེད་སྤྱོད་ལོ་བརྒྱའི་རྩོད་གཞི་ནུས་ལྡན་ངང་བསལ་བ་རེད། ཏང་འཛུགས་སྐྱོང་ལ་དམ་འཛིན་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་ལམ་ལྷོངས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། དགོན་སྡེའི་དོ་དམ་སྒྲིག་གཞིའི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་འཛུགས་པ། རྫོང་དང་ཤང་གི་ཏང་ཨུའི་ཧྲུའུ་ཅིས་དགོན་སྡེ་དོ་དམ་ཅུས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་བའི་ལམ་ལུགས་ཁྱབ་གདལ་བཏང་བ། ཏང་ཡོན་འགོ་ཁྲིད་ལས་བྱས་པས་དགོན་སྡེ་དང་། གྲྭ་བཙུན། དད་ལྡན་མང་ཚོགས་བཅས་དང་འབྲེལ་བ་བྱས་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཡོད། མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བའི་ལས་གྲྭ་མུ་མཐུད་ལག་བསྟར་བྱས་པ་དང་། གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱིས་མཉམ་ལས་ཁང་གཉེར་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ།མཉམ་སྡེབ་དཔལ་འབྱོར་དང་དེ་བཞིན་“ཕྱོགས་བཞི་གཞི་གཅིག”གི་རྣམ་གྲངས་43ལག་བསྟར་བྱས་པས་ཡོང་འབབ་སྒོར་ཁྲི་10ཡན་ཟིན་པའི་གྲོང་ཚོ་(སྡེ་ཁུལ)ཡིས་75.16%བཟུང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

ཤེས་ལྡན་མི་སྣ་ནི་འཕེལ་རྒྱས་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན། བདེ་ཆེན་ཁུལ་གྱིས་ཤེས་ལྡན་མི་སྣ་དམ་འཛིན་བྱས་པ་ནི་འཕེལ་རྒྱས་དམ་འཛིན་བྱས་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་“2+N”ཤེས་ལྡན་མི་སྣའི་སྲིད་ཇུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལག་བསྟར་བྱ་ཐབས་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། འཕྲོད་བསྟེན་བདེ་ཐང་ཤེས་ལྡན་མི་སྣ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་མཁོ་སྤྲོད་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་ཤེས་ལྡན་མི་སྣའི་དཔུང་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རིམ་པ་མཐོ་བ་དང་དགོས་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་མི་སྣ་65གནད་སྨིན་ནང་འདྲེན་བྱས་ནས་འབུམ་རམས་པའི་ཤེས་ལྡན་མི་སྣ་ནང་འདྲེན་གཅིག་ཀྱང་མེད་པའི་ཚད་བརྒལ་ཡོང་བར་བྱས། “གངས་ལྗོངས་ཀྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི”ལག་བསྟར་བྱས་ཏེ། “གངས་ལྗོངས་ཀྱི་ཤེས་ལྡན་མི་སྣ”91དང་ཚོགས་པ་2དཔྱད་འདེམས་གསོ་སྐྱོང་བྱས་ཡོད།
ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་ཚོད་ལྟའི་སྲོག་ཆགས་ཀྱི་ཚན་ཞིབ་ལས་སྟེགས་ཐོག་མ་དོན་འཁྱོལ་བྱས་ཏེ་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་34དང་ཁུལ་རིམ་པའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་22བསྐྲུན་པ་རེད། སློབ་གྲྭ་ཆེ་མོ་དང་སློབ་གྲྭ་ཆེ་མོ་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་99“ནུབ་རྒྱུད་འོད་སྣང”ཞེས་པ་སོགས་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ནང་ཞུགས་རྒྱུའི་འོས་སྦྱོར་བྱས་ཏེ་ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། འགོ་ཁྲིད་ལས་བྱས་པས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་བྱས་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། གློག་རྡུལ་གྱི་“བདེ་ཆེན་དར་ཞིང་ཤེས་ལྡན་མི་སྣར་ཕན་པའི་བྱང་བུ”ཁྱབ་གདལ་བཏང་བ། དྲོ་སྐྱིད་ཞབས་ཞུའི་དོན་ཚན་21དོན་འཁྱོལ་བྱས་ཤིང་།ཤེས་ལྡན་མི་སྣའི་ལས་ཤག་245བསྐྲུན་པ་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་ཤེས་ལྡན་མི་སྣའི་ཞབས་ཞུ་ཡག་པོ་སྒྲུབ་ཡོད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བདེ་ཆེན་རྩ་འཛུགས་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་མུ་མཐུད་བརྟན་དུ་གཏོང་བ་དང་། བསམ་བློའི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། རྩ་འཛུགས་ཀྱི་མ་ལག་ཚགས་ཚུད་དུ་གཏོང་བ། ཕྱོགས་ཁག་གི་འཇོན་ཐང་ཅན་གཅིག་སྡུད་བྱས་པ། རྩ་འཛུགས་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་དེ་བས་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།
- བདེ་ཆེན་གསར་འགྱུར།
འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།
དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།
ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས།
ལུའོ་ཁྲའོ་ཧྥེང་གིས་ཧྭ་ཞ་དངུལ་ཁང་ཁུན་མིང་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཅིན་ཕུང་ཧྥེ་དང་བཅས་པར་མཇལ་འཕྲད་གནང་བ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་88པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་ནས་འབའ་ལུང་རྫོང་དུ་གྲོང་རྡལ་བསྐྱར་སྐྲུན་ལས་གྲྭ་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བ་ཐེངས་17པའི་བྱེད་སྒོ་རབ་དང་རིམ་པ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108