ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དེ་2026ལོའི་ཟླ་9པའི་ཚེས་18ཉིན་སེམས་ཀྱི་ཉི་ཟླར་འཚོགས། ཁུལ་ཨུའི་ཨུ་ཡོན་27དང་རྗེས་སྣོན་ཨུ་ཡོན་6གྲོས་ཚོགས་སུ་ཞུགས། ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཏང་ཡོན་ཐིང་རིམ་པའི་འགོ་ཁྲིད་དང་། ཁུལ་སྒྲིག་ཨུའི་ཨུ་ཡོན་དང་། རྫོང་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་པུའུ་ཨུ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྐོར་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་ཁག་གི་ཏང་ཡོན་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཨུ་ཡོན་ལྷན་ཁང་དང་གཞུང་དོན་ཅུས་ཁག མི་དམངས་ཚོགས་པ་ཁག ཁུལ་གྱི་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་ཚན་པ་ཁག་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁུལ་དུ་བཅའ་སྡོད་བྱས་པའི་ཚན་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡི་ཧྲུའུ་ཅི། བདེ་ཆེན་དུ་བཅའ་སྡོད་དཔུང་སྡེའི་གཙོ་དཔོན། གཞི་རིམ་ཏང་གི་འཐུས་མི་ཁག་ཅིག་དང་དེ་བཞིན་ཆེད་ཞུའི་མི་སྣ་ཚོགས་འདུར་ཟུར་ཞུགས་བྱས།
ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་།
ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གི་སྙན་སྒྲོན་(གྲོས་ཞིབ་མ་ཟིན)དང་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ཞུ་བའི་ལས་ཀའི་སྙན་སྒྲོན(གྲོས་ཞིབ་མ་ཟིན)ལ་གྲོས་བསྡུར་བྱས་པ་དང་། སྙན་སྒྲོན་གཉིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཞིབ་དཔྱད་བྱེད་རོགས་ཞུ་བར་གཏན་འབེབས་བྱས། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མི་དོན་བཀོད་སྒྲིག་གནས་ཚུལ་བརྡ་ཁྱབ་གཏོང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མིའི་འོས་མི་གཏན་འབེབས་བྱས།
ཚང་འཛོམས་གྲོས་ཚོགས་ཐོག་གཏན་འབེབས་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་སེམས་ཀྱི་ཉི་ཟླར་འཚོག་རྒྱུ།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི་བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་པའི་དུས་སྐབས་འགག་རྩ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བར་རྨང་གཞི་འདིང་པ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་དུས་སྐབས་འགག་རྩར་འཚོགས་པའི་ཚོགས་འདུ་གལ་ཆེན་ཐེངས་ཤིག་ཡིན། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཡག་པོ་འཚོགས་པས་ཞི་ཅིན་ཕིང་གི་དུས་རབ་གསར་པའི་ཀྲུང་གོའི་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཆ་ཚང་དང་ཡང་དག་ཕྱོགས་ཡོངས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་ནང་དོན་སྙིང་པོ་རྒྱུན་འཁྱོངས་བྱེད་པ་དང་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་། དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱེད་པ། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་གཞི་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲལ་འགོའི་དམག ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་དམིགས་ཡུལ་བཅས་སྐྲུན་པར་འབད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་དེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་དེ་ཚོགས་ཆེན་གྲ་སྒྲིག་དང་འཚོགས་པ་སྒྲིག་འཛུགས།འདེམས་བསྐོ་ལག་བསྟར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ཏུ་ཁྱབ་པ་དང་། ཆབ་སྲིད་ཁ་ཕྱོགས་ཀྱི་འགག་སྒོ་དང་། སྲིད་ཇུས་ཀྱི་ཚད་གཞི་འགག་སྒོ། ཞིབ་གླེང་དང་བཤད་སྟངས་ཀྱི་འགག་སྒོ། འདེམས་བསྐོ་གོ་རིམ་གྱི་འགག་སྒོ་བཅས་ནན་དུ་གཏོང་བ། སྒྲིག་སྲོལ་དང་སྒྲིག་ཡིག་ལ་གཞིར་བཟུང་བ་དང་། གཟབ་ནན་ཞིབ་ཚགས། ཟླུམ་འཁོར་དོན་འཁྱོལ་བཅས་བྱ་དགོས་ལ།བྱ་སྤྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”བརྩི་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས།ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་པ་དང་། ཡག་ཐོག་ཡག་བརྩེགས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་འཐུས་ཚང་དུ་གཏོང་བ། ཚོགས་དོན་སྒྲིག་འཛུགས་དང་། གསར་འགྱུར་དྲིལ་བསྒྲགས། བདེ་འཇགས་བརྟན་ལྷིང་སྲུང་སྐྱོབ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། འཕྲལ་སྡོམ་ཐག་གཅོད་སོགས་ཚོགས་དོན་ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་ནས་ཏང་གི་འཐུས་མི་ཚོགས་ཆེན་བདེ་བླག་ངང་འཚོགས་པར་ཁོར་ཡུག་ཡག་པོ་སྐྲུན་དགོས། སྤྱོད་བཟང་གཞུང་དྲང་ཀྱི་ཆབ་སྲིད་ཀྱི་སྣང་ཚུལ་འཛུགས་སྐྱོང་བྱེད་པ་དང་།སྐབས་བརྗེའི་“གཏན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ་ལག་བསྟར་ནན་པོ་བྱེད་པ། སྐབས་བརྗེའི་ཉེན་ཁ་གྲལ་བཤེར་དང་སེལ་བར་ཤུགས་སྣོན་བརྒྱབ་སྟེ། ཐེངས་འདིའི་སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོ་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། ཏང་གི་འཐུས་མི་ཚོགས་ཆེན་དང་ཁུལ་ཡོངས་ཀྱི་ལས་དོན་ཕན་ཚུན་སྐུལ་འདེད་མཉམ་སྤེལ་མངོན་འགྱུར་བྱུང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཏང་གི་འཐུས་མི་ཚོགས་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དེ། ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རིང་བསམ་བློ་ལྷོད་དུ་མི་གཏོང་བ་དང་། ལས་དོན་རྒྱུན་ཆད་མེད་པར་སྤེལ་བ། སྒྲིག་ལམ་ཟང་ཟིང་མེད་པར་ཁག་ཐེག་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་ཀ་ལ་བཀོད་སྒྲིག་བྱས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།
སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས།
འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།
དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་ལེན་དཀའ་བའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108