中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-09-19 13:49:42
ཟླ་9པའི་ཚེས་16ནས་ཚེས་18ཉིན་བར་ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝང་ཡུས་པོ་ཡིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཨུའི་བླང་བྱ་གཞིར་བཟུང་ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱེད་པ། དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རྫ་ཆུའི་ངོགས་ཀྱི་འཇོལ་རྫོང་གྲོང་གསར་པའི་ཨར་ལས་བྱ་ཡུལ་དུ་ཚ་ཚ་འུར་འུར་ཆེ་ཞིང་གྲོང་གསར་ཞིག་གི་ཐོག་མའི་རྣམ་པ་མངོན་ཡོད། ཝང་ཡུས་པོ་ཡིས་ས་གནས་ས་ཐོག་ཏུ་རྣམ་གྲངས་ཀྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ནི་འཇོལ་སྲིད་ལས་གྲྭ་དང་། དམངས་འཚོའི་ལས་གྲྭ། དམངས་སེམས་ཀྱི་ལས་གྲྭ་བཅས་ཡིན་པས་“བླ་ན་མེད་པ་གཉིས”མཐའ་འཁྱོངས་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་བཏང་སྟེ། ད་ལོའི་ལོ་མཇུག་སྔོན་གནས་སྤོའི་ཆ་རྐྱེན་གཏན་འཁེལ་བྱེད་པ་དང་། སང་ལོའི་དཔྱིད་གསར་དུས་ཆེན་གོང་མང་ཚོགས་སྡོད་ཁང་གསར་པའི་ནང་སྤོ་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཀོད་སྒྲིག་སྡོད་ཁང་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། གཞི་རྩ་འགན་ལེན་དང་ཆུ་ཚད་མཐོ་བའི་གཉེར་སྐྱོང་དོ་དམ་མཐའ་འཁྱོངས་བྱེད་པ། གཙང་པོའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་རྣམ་པར་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁོངས་ཧྲིལ་པོའི་མཛེས་ལྗོངས་ཁུལ་ཞིབ་ཚགས་ངང་འཛུགས་སྐྲུན་བྱེད་པ། རིག་གནས་ཡུལ་སྐོར་དང་ཚོང་དོན་སོགས་སྣ་མང་ལས་རྣམ་གཏོད་པ། ལས་ཞུགས་ལས་གནས་དེ་བས་མང་བ་གསར་སྤེལ་བཅས་བྱས་ནས་གནས་སྤོ་མང་ཚོགས་བློ་བདེ་པོ་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བར་མཐོང་ཐོས་གསར་པ་ཡོང་བར་བྱེད་དགོས། རྫོང་གྲོང་རྙིང་པའི་ས་གཤིས་གནོད་འཚེའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་འགོག་ཟོན་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་དགོས། དུད་ཚང་དུ་གནས་སྤོ་མང་ཚོགས་ལ་བཅར་འདྲི་བྱེད་པར་སྐྱོད་སྐབས་ཚང་མས་ད་ཆ་གཉིད་སྐྱིད་པོ་ཁུག་གི་འདུག་ཅེས་བཤད་པ་ཐོས་སྐབས་ཝང་ཡུས་པོ་ཧ་ཅང་དགའ་པོ་བྱུང་། ཁོང་གིས་ཉེན་གཡོལ་གནས་སྤོ་བདེ་བླག་ངང་ལག་ལེན་དུ་བསྟར་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་ཐུག་ཡོད། ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བསྟན།

△ ཝང་ཡུས་པོ་ཡིས་འཇོལ་རྫོང་གི་རྫོང་མཁར་གསར་བའི་བཀོད་སྒྲིག་ཁང་པའི་རྣམ་གྲངས་ས་ཚིགས་སུ་གནས་སྤོས་མང་ཚོགས་ལ་འཚམས་འདྲི་གནང་བ།

ཝང་ཡུས་པོ་ཡིས་ད་དུང་འཇོལ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཨ་ཆེན་མ་ཞིང་ལས་ཐོན་རྫས་གསར་སྤེལ་ཀུང་སིར་ཁོང་གིས་ཁེ་ལས་ལ་རྨོ་འདེབས་སྣེ་མོ་དང་། ལས་སྣོན་སྣེ་མོ། ཕྱིར་ཚོང་སྣེ་མོ་བཅས་ཀྱི་རིན་ཐང་སྣ་ཚོགས་གསར་སྤེལ་བྱས་ནས་བརྟན་པོའི་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། སུམ་རྩེན་ཚོ་དྲུག་ཨ་རག་བཟོ་གྲྭར་ཁོང་གིས་ཁེ་ལས་ཀྱིས་ས་བབ་མཐོ་བ་དང་། ཉི་འོད། དྲོད་ཚད་སོགས་ཀྱི་ལེགས་ཆར་བརྟེན་ནས་རྒུན་ཆང་གི་ཁྱད་ལྡན་ཐོན་ཁུལ་གྱི་སྤུས་རྟགས་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།ཁོང་གིས་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཚོ་ཐོན་ལས་འཁོར་འབྲེལ་ནང་ཞུགས་ནས་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།

△ ཝང་ཡུས་པོ་ཡིས་ཨ་ཆེན་མ་ཞིང་ལས་ཐོན་རྫས་གསར་སྤེལ་ཀུང་སིར་ཁྱད་ལྡན་ཞིང་ལས་ཐོན་རྫས་གསར་སྤེལ་གནས་ཚུལ་ལ་བརྟག་ཞིབ་གནང་བ།

ཝང་ཡུས་པོ་ཡིས་ནན་གྱིས་གནང་དོན། བདེ་ཆེན་ཁུལ་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་། རྒྱ་སྐྱེད། ལག་ལེན་བཅས་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི་དོན་ཆེན་བཞི་མུ་མཐུད་དམ་འཛིན་གཏིང་ཟབ་བྱས་ནས་“ལོ་ལྔ་ཚན་བཅོ་ལྔ་པར”འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱས་ཏེ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་གྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།

ཅང་ཧྲན་བརྟག་ཞིབ་ནང་ཞུགས་ཡོད།



  • བདེ་ཆེན་གསར་འགྱུར།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས།

འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།

དར་ཆ་མཐོན་པོ་བསྒྲེངས། འཁྲི་འགན་འཁུར་བ། བློ་སྒྲིལ་སེམས་སྐྱེད། དྲིན་ཚོར་མདུན་སྐྱོད། —— ཁུལ་ཏང་གི་འཐུས་མི་ཚོགས་ཆེན་སྐབས་དགུ་པ་ཚོགས་ཚུན་ཁུལ་ཡོངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་སྒྲིལ་གླེང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com