中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

ཁྱབ་བསྒྲགས་དུས་ཚོད་:2026-09-20 16:04:22
སྤྱི་ཚོགས་ཀྱི་ལས་དོན་ཆེས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་དང་། ཆེས་རྒྱ་ཆེ་བའི་གཞི་རིམ་རྩ་འཛུགས། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་བཅས་ལ་ཁ་ཕྱོགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 2024ལོའི་ཟླ་3པར་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྤྱི་ཚོགས་ལས་དོན་པུའུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེའུ་ཐོག་ནས་བདེ་ཆེན་ཁུལ་གྱི་སྤྱི་ཚོགས་ལས་དོན་དེ་བརྒྱུད་རིམ་ཅན་གྱི་བཀོད་པ་དང་། ཆེད་ལས་ཅན་གྱི་སྐུལ་འདེད། ཚད་ལྡན་ཅན་གྱི་དོན་འཁྱོལ་བཅས་ཀྱི་དུས་མཚམས་གསར་པར་དངོས་སུ་སླེབས་པ་མཚོན་ཡོད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་སྤྱི་ཚོགས་ལས་དོན་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད། ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་བ་དང་། འཁོར་འབྲེལ་ཧྲིལ་པོ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྒུལ་ནུས་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ་ཁུལ་ཡོངས་ཀྱི་དུས་རབས་གསར་བའི་སྤྱི་ཚོགས་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་ཏན་ཏིག་ཐོབ་ཡོད།

ཏང་འཛུགས་སྐྱོང་གིས་ལམ་སྣེ་ཁྲིད་དེ་བྱམས་བརྩེའི་ཐུགས་ཁུར་ཁྲོད་གསར་དར་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གཙོ་བོར་གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིར་ངལ་རྩོལ་རྩོད་གཞི་འཕྲད་པ་དང་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིའི་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་7ལ་བསྐྱོད་ཆོག “གངས་རིའི་དྲོ་སྐྱིད་‘གསར་པའི’ས་ཚིགས”16ནང་མྱུར་སྐྱེལ་བ་དང་། མངགས་སྐྱེལ་བ། དྲ་མངགས་རླངས་འཁོར་གྱི་ཁ་ལོ་བ་སོགས་ངལ་གསོ་རྒྱག་ཆོག་པ་དང་། འཐུང་ཆུ་དང་གློག་གསོག་ཆོག་གི་ཡོད། དབྱར་གསེང་རིང་གཅེས་སེམས་ཚབ་གཉེར་འཛིན་གྲྭ “གཅེས་སེམས”བཟའ་བཏུང་དང་། ལས་ཞུགས་མི་སྣའི་རྩལ་ནུས་མཐོར་གཏོང་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལས་ཞུགས་གསར་པའི་ཚོགས་སྤྱིར་“སྒྲིག་འཛུགས་ཡོད་པ”ཚོར་ཐུབ་པ་བྱས་ཡོད། ཞིབ་ཕྲའི་གནས་ཚུལ་དེ་དག་ནི་ཁུལ་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་“འཛུགས་སྐྱོང”ནས་“སྟོབས་ཆེར་གཏོང་བའི”བར་འགྱུར་ལྡོག་བྱུང་བ་ཞིག་རེད།

“ཁྱབ་པ་གཉིས”ཀྱི་འགག་སྒྲོལ་ཕན་འབྲས་མངོན་གསལ་དོད་པ། དཔལ་འབྱོར་རྩ་འཛུགས་གསར་པའི་ཐད་ཁུལ་ཡོངས་སུ་ཏང་ཡོན་ཡོད་པའི་ལོ་འཁོར་གྱི་གཙོ་གནད་དཔལ་འབྱོར་རྩ་འཛུགས་གསར་པ་238ཚང་མར་ཏང་རྩ་འཛུགས་ཁྱབ་ཡོད། ཏང་ཡོན་མེད་པའི་དུད་ཚང་58ནང་བཟོ་ཚོགས་རྩ་འཛུགས་25དང་། གུང་གཞོན་སྡེ་ཚོགས་རྩ་འཛུགས་55 བུད་མེད་རྩ་འཛུགས་43བཅས་བཙུགས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་ཁྱོན་ཡོངས་ནས་འདེམས་གཏོང་བྱས་པ་རེད། སྤྱི་ཚོགས་རྩ་འཛུགས་གསར་པའི་ཐད། ཁུལ་ཡོངས་སུ་ཆེད་བསྐོས་ལས་དོན་མི་སྣ་དང་ཏང་ཡོན་ཡོད་པའི་གཙོ་གནད་སྤྱི་ཚོགས་རྩ་འཛུགས་གསར་པ་30ཡི་ཁྲོད་ནས་29ལ་ཏང་རྩ་འཛུགས་ཁྱབ་ཡོད། དེ་བྱིངས་སྤྱི་ཚོགས་རྩ་འཛུགས་ཀྱིས་ཏང་རྩ་འཛུགས་61དང་། བཟོ་ཚོགས་རྩ་འཛུགས་28 གུང་གཞོན་སྡེ་ཚོགས་རྩ་འཛུགས་51 བུད་མེད་རྩ་འཛུགས་113བཅས་བཙུགས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་ཁྱོན་ཡོངས་ནས་འདེམས་གཏོང་བྱས་ཡོད།

རྩ་འཛུགས་བཙུགས་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་ཡང་བྱས་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་སྐབས་བརྗེའི་ཟང་ཟིང་གི་སྣང་ཚུལ་ལ་དམིགས་ནས་གནད་དོན་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། “ཚོགས་འདུ་འཚོག་པ་དང་ཐབས་ཇུས་རེ”ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་བཏང་བ། ཁྲིམས་ལྟར་ཚད་ལྡན་འཁོར་སྐྱོད་ལ་སྐུལ་འདེད་བཏང་བ། ནུས་པ་འདོན་སྤེལ་ནུས་ལྡན་བཅས་བྱས་ཡོད། མིག་སྔའི་བར་ཁུལ་ཡོངས་སུ་གསར་དུ་བཙུགས་པའི་ལས་རིགས་ཏང་ཨུ་53དང་ཤང་གྲོང་29ཚང་མར་“གསར་པ་གཉིས”ཀྱི་ཏང་ཨུ་བཙུགས་པ་དང་། སྡེ་ཁུལ་13དུ་“གསར་པ་གཉིས”ཀྱི་ཏང་འཛུགས་སྐྱོང་ལས་དོན་ས་ཚིགས་བཙུགས་ཡོད། གྲོང་ཚོ་(སྡེ་ཁུལ)197ཚང་མར་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་འགན་འཁུར་མཁན་ལས་དོན་མི་སྣ་གཏན་འཁེལ་ཁ་གསལ་བྱས་ཡོད། གཙོ་གནད་སྡེ་ཚན་ལས་རིགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དེ་“གཏན་འཁེལ་གསུམ”གྱི་གཏན་འབེབས་ནང་བཅུག་པ་དང་“གསར་པ་གཉིས”ཀྱི་ལས་དོན་ཨུ་ལྷན་གྱི་འཁོར་སྐྱོད་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་“ལས་རིགས་ལ་དོ་དམ་བྱེད་པར་ཏང་འཛུགས་སྐྱོང་ལ་དོ་དམ་བྱེད་དགོས་པའི”བླང་བྱ་དེ་ལམ་ལུགས་ཐོག་ནས་དོན་འཁྱོལ་བྱུང་ཡོད།

རྨང་གཞི་བརྟན་པོར་བརྟེན་ནས་སྤུས་ཀ་ལེགས་སུ་བཏང་བ་དང་། ལེགས་བཅོས་ལེགས་སྒྲུབ་ཁྲོད་དུ་བཙན་རྫོང་བརྟན་པོ་བཙུགས་པ།

གཞི་རིམ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་ཆེ། གཞི་རིམ་བདེ་ན་གནམ་འོག་བདེ། གསར་དར་ཁྱབ་ཁོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བར་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་ཡོད་པ་དང་། ཞབས་ཞུའི་གཞི་ཚུགས་ས་ཡང་གཞི་རིམ་དུ་ཡོད། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱི་ཏང་གིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ཁུལ་ཡོངས་ཀྱིས་ལོ་འཁོར་ལྟར་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་གཙོ་གནད་ལས་འགན་གསལ་ཐོ་བཟོས་ནས་རྩ་འཛུགས་དང་། སྲིད་ཁྲིམས་ཀྱིས་སྣེ་ཁྲིད། སྤྱི་ཡོངས་ལ་དམ་འཛིན། སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་ཞིབ་ཕྲའི་མཐུན་སྦྱོར་སྐུལ་འདེད། ཁོངས་མིའི་ཚན་པས་རང་འགན་རང་འཁུར་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། གྲོང་ཚོ་(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་བརྟན་པོའི་ངང་ལེགས་གྲུབ་བྱུང་བ་དང་གཞི་རིམ་བཅོས་སྐྱོང་གི་འགོ་ཁྲིད་སྟོབས་ཤུགས་དང་ལས་ཀའི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

གཞི་རིམ་གྱི་སྲིད་དབང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། བདེ་ཆེན་ཁུལ་གྱིས་《བདེ་ཆེན་ཁུལ་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ལས་དོན་དང་། ལམ་སྲོལ་བྱང་བུ ངོ་སྤྲོད་དོན་ཚན་བཅས་ཀྱི་མཛུབ་ཁྲིད་དཀར་ཆག》བཟོས་ནས་དོན་འཁྱོལ་བྱས་པ། 《སྡེ་ཁུལ་གྱི་ཆེད་ལས་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་བཏོན་ཏེ་སྡེ་ཁུལ་གྱི་ཆེད་ལས་ལས་དོན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་160བཏང་ནས་གྲོང་ཚོ་(སྡེ་ཁུལ)6གི་ཞབས་ཞུའི་མ་ལག་སྒྱུར་བཀོད་རིམ་སྤོར་འཛུགས་སྐྲུན་བྱས་པ་རེད། 《བདེ་ཆེན་ཁུལ་གྱི་གྲོང་ཚོའི་(སྡེ་ཁུལ)ལས་བྱེད་པའི་ལས་གནས་ཁ་གསབ་སྤྲོད་པའི་ལག་བསྟར་བྱ་ཐབས་(ཚོད་ལྟའི་ལག་བསྟར)》བཏོན་ནས་གཞི་རྩའི་ཐོབ་ཆ་གཅིག་གྱུར་ཐོག་“བྱང་བུ་གཅིག་གིས་ཀུན་འཐུས”སྤྲོད་རྒྱུ་མངོན་འགྱུར་བྱུང་ཡོད། ཁུར་པོ་ཡང་དུ་གཏོང་བ་དང་ནུས་པ་སྤྲོད་རྒྱུ་གལ་ཆེ་མཉམ་དུ་བརྩིས་ནས་གཞི་རིམ་ལ་ལས་དོན་སྒྲུབ་མཁན་ཡོད་པ་དང་། ལས་དོན་སྒྲུབ་པའི་དངུལ་ཡོད་པ། སྒྲིག་སྲོལ་ཡོད་པ་བཅས་བྱས་ཡོད།

བཅོས་སྐྱོང་གི་ཕན་འབྲས་དེ་མཐར་མང་ཚོགས་ཀྱི་ཉེ་འགྲམ་དུ་མངོན་པའི་བྱ་བ་དངོས་རེ་རེ་སྟེང་མངོན་ཡོད། ཁུལ་ཡོངས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྟེ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་36བཏང་ནས་“དམངས་འཚོའི་བྱ་བ་དངོས་ཆུང་གྲས”ཀྱི་རྣམ་གྲངས་15ལག་བསྟར་བྱས་ཏེ་གཞི་རིམ་གྱི་རང་གྲབས་དང་ངལ་ནུས་བཏོན་ནས་ཉེ་འགྲམ་གྱི་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། 《བདེ་ཆེན་ཁུལ་གྱིས་ “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་མ་ཀོན་བྱེད་ཐབས་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་མཛུབ་ཁྲིད》བཟོས་ནས་བཏོན་པ་དང་། ཁུལ་ཡོངས་ཀྱི་གྲོང་ཚོ་(སྡེ་ཁུལ)72ཀྱིས་མཉམ་སྐྲུན་ལས་འཛིན་ལྷན་ཚོགས་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། ཏང་གི་བཀའ་དྲིན་ཚོར་བའི་དང་བླངས་ཞབས་ཞུའི་རུ་ཁག་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་དང་། ཆེད་ལས་ཞབས་ཞུའི་ཚོ་ཆུང་193དང་མཉམ་སྐྲུན་ཚོ་ཆུང་924བཙུགས་པ། གཞི་རིམ་རྩ་འཛུགས་ཀྱི་རང་སྐྱོང་ལས་སྟེགས་དང་མང་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་71བཏང་ནས་ཞིང་ཆེན་རིམ་པའི་གཞི་རིམ་བཅོས་སྐྱོང་ཚོད་ལྟ་ཁུལ་8བསྐྲུན་པ་དང་། ཏང་འཛུགས་སྐྱོང་གིས་གྲོང་མིའི་ཁུལ་ཆུང་བཅོས་སྐྱོང་གི་འགག་སྒྲོལ་བྱ་སྤྱོད་ལ་སྣེ་ཁྲིད་བྱས་པ། གཞིས་ཁུལ་ཏང་ཀྲི་པུའུ་35དང་ཁང་བདག་ཨུ་ཡོན་ལྷན་ཁང་92གསར་དུ་བཙུགས་པ‘’ “དམངས་འཚོའི་དོན་དངོས་ཆུང་ངུ”ལ་བརྟེན་ནས་གཞིས་ཁུལ་8ཀྱི་དམངས་འཚོའི་རེ་ཞུའི་གནད་དོན་ཐག་གཅོད་བྱས་ཡོད། གྲོང་ཚོ་ནས་སྡེ་ཁུལ་དང་། གཞིས་ཁུལ་ནས་ཐོག་ཁང་བར་བཅོས་སྒྲིག་བྱེད་པའི་“མཇུག་སྣེ”རེ་རེ་རིམ་པ་བཞིན་དུ་ལེགས་བཅོས་བཏང་ཡོད།

ཞབས་ཞུར་བརྟེན་ནས་སེམས་པ་གཅིག་ཏུ་སྒྲིལ་བ་དང་དམངས་ཀྱི་སེམས་ཁྲལ་སེལ་བའི་ཁྲོད་མང་ཚོགས་ཀྱི་ལམ་ཕྱོགས་ཡག་པོ་སྤེལ་བ།

སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་པ་ཡག་མིན་དེ་མང་ཚོགས་ཀྱི་ཆེས་ཐད་ཀའི་མྱོང་ཚོར་ལས་ཤེས་ཐུབ། དམངས་ཀྱི་འདོད་བློ་དེ་བས་ལེགས་པའི་སྒོ་ནས་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱ་ཆེད། བདེ་ཆེན་ཁུལ་གྱིས་《བདེ་ཆེན་ཁུལ་མི་དམངས་ཀྱི་གྲོས་འགོ་བསྡུ་རུབ་ལས་དོན་བྱ་ཐབས་(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་པ་དང་། རྒྱུན་གཏན་གྱི་བསྡུ་རུབ་དང་ཆེད་དོན་བསྡུ་རུབ་ཟུང་འབྲེལ་གྱི་ལས་ཀའི་མ་ལག་བཙུགས་ཡོད། སློབ་གསོའི་བྱ་གཞག་དང་། རིག་གནས་ཡུལ་སྐོར་ཐོན་ལས། འགྲིམ་འགྲུལ་དོ་དམ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ཆེད་དོན་མི་དམངས་ཀྱི་གྲོས་འགོ་བསྡུ་རུབ་བྱས་ཏེ་མི་དམངས་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་དེ་བས་ཡངས་པ་དང་དེ་བས་ཤར་བགྲོད་ཐུབ་པ་བྱས་ཡོད།

དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་། དུས་རབས་གསར་བའི་“དང་བླངས་ཀྱིས་མཐོ་སྒང་གི་ས་གཞི་དྲོ་བར་བྱེད་པའི”ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། 《བདེ་ཆེན་ཁུལ་གྱི་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་ལས་ཀའི་ཁྲིད་སྟོན་(ཚོད་ལྟའི་ལག་བསྟར)》གཤམ་སྤེལ་བྱས། བདེ་ཆེན་ཁུལ་གྱི་སྤྱི་ཚོགས་ལས་དོན་དང་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་བདེ་ཆེན་ཁུལ་གྱི་དང་བླངས་ཞབས་ཞུའི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་པ་མ་ཟད་འཁོར་སྐྱོད་ལེགས་པོ་བྱས་ཡོད། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། དང་བླངས་ཞབས་ཞུས་མི་སེམས་དྲོ”ཞེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་སྤེལ་རེས་བྱེད་སྒོ་སྤེལ་ནས་སྤེལ་རེས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྒྱུན་རྣམ་ཅན་གྱི་རྩ་འཛུགས་ཀྱིས་“3·5” དང་ “12·5” ཡི་དང་བླངས་ཞབས་ཞུའི་ཟླ་བའི་རིམ་སྤེལ་བྱེད་སྒོ་དང་དེ་བཞིན་“ཡུལ་སྐོར་བ་མང་བའི་དུས་ཚིགས”དང་། “རིག་གནས་ཡུལ་སྐོར་དུས་ཆེན” “ཡུན་ནན་གྱི་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན”སོགས་ཆེད་དོན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད།

སྤྱི་ཚོགས་ལས་དོན་ཤེས་ལྡན་མི་སྣའི་དཔུང་སྡེ་རིམ་བཞིན་རྒྱ་བསྐྱེད་པ། ཁུལ་ཡོངས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་“ཆེད་ལས་སྤྱི་ཚོགས་ལས་དོན་+དང་བླངས་ཞབས་ཞུའི”མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་16ལ་སྐུལ་འདེད་བཏང་བ་དང་། ཁུལ་རིམ་པའི་མཉམ་འདྲེས་ཚོད་ལྟའི་རྣམ་གྲངས་4དང་རྫོང་རིམ་པའི་མཉམ་འདྲེས་ཚོད་ལྟའི་རྣམ་གྲངས་3ལག་བསྟར་བྱས་པ། “ཡུན་ལིང་རྐང་འཛིན་སྤྱི་ཚོགས་ལས་དོན”6གསོ་སྤེལ་དང་། སྒྲིག་གཞི་3དང་ས་གནས་དེ་གའི་སྤྱི་ཚོགས་ལས་དོན་པ་10“ཁུལ་གསུམ”གྱི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་ནང་བཅུག་པ། ས་གནས་དེ་གའི་སྤྱི་ཚོགས་ལས་དོན་པ་2 བདེ་ཆེན་ཁུལ་གྱི་“གངས་ལྗོངས་ཀྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”ནང་བཅུག་པ། ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཧྲང་ཧའེ་ཡི་སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་བདེ་ཆེན་དུ་བརྟག་ཞིབ་མཛུབ་ཁྲིད་བྱེད་པར་བསྐྱོད་པ་དང་། སྤྱི་ཚོགས་ལས་དོན་སྒྲིག་གཞི་དང་སྡེ་ཁུལ་སོགས་སུ་བསྐྱོད་ནས་སྤྱི་ཚོགས་ཀྱི་བཟོ་པར་གཞི་ནས་གནད་སྨིན་མཛུབ་ཁྲིད་བྱས་ཡོད། དྲི་བར་ལན་ཡོད་པ་དང་། དང་བླངས་ལ་དྲོད་ཚད་ཡོད་པ། ཤེས་ལྡན་མི་སྣར་འདེགས་སྐྱོར་ཡོད་པ། ཆེད་ལས་ཀྱི་འདེགས་སྐྱོར་སྔར་བས་ནུས་ལྡན་བཅས་ཀྱི་གྲོས་འགོ་བཏོན་ཡོད།

རླུང་གི་རྒྱུ་བ་བཟང་ཞིང་གྲུ་གཡོར་བཏེགས་ནས་མདུན་དུ་བསྐྱོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བདེ་ཆེན་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་མུ་མཐུད་གཏན་འཁེལ་བྱས་ནས་འགན་འཁྲི་དང་ལས་འགན་གཙོ་བོ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྤྱི་ཚོགས་ལས་དོན་གྱི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། དམངས་འཚོའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། སྤྱི་ཚོགས་ལས་དོན་མ་ལག་ཅན་དང་། ཆེད་ལས་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྤྱི་ཚོགས་ལས་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།



  • བདེ་ཆེན་གསར་འགྱུར།

ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས།

འབད་འབུངས་དངོས་སྒྲུབ་ཀྱིས་རྩ་འཛུགས་སྟོབས་ཆེར་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་ལམ་གསར་པར་བསྐྱོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་བརྗོད་སྙིང་གླེང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com