中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།

(2026ལོའི་ཟླ་7ཚེས་8ཉིན)

ཁྱབ་བསྒྲགས་དུས་ཚོད་:2026-07-10 16:45:15 འབྱུང་ཁུངས་:中国西藏新闻网

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རྩལ་དེང་རབས་ཅན་གྱི་འདེགས་སྐྱོར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། རང་བརྟེན་གསར་གཏོད་མཐའ་འཁྱོངས། བློ་གཤོགས་ཆེན་པོས་ཚན་རྩལ་གྱི་ཡང་རྩེར་འཛེག་པ་བཅས་བྱས་པར་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པར་ཚན་རྩལ་གྱི་རྨང་གཞི་དེ་བས་བརྟན་པོ་བཏིང་ཡོད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཚན་རིག་ལག་རྩལ་ཡར་ཐོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་སྲུང་དེང་རབས་ཅན་གྱི་འཛུགས་སྐྲུན་བཅས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་ཚན་རིག་ལག་རྩལ་པ་དང་རྩ་འཛུགས་ལ་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་གནང་ཡོད།

    《རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་བྱ་རྒྱུའི་སྲོལ་ཡིག》དང《རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུའི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས། ཚན་རྩལ་པུས་ཞིབ་དཔྱད་བཅས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་འབྲེལ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཚན་རྟགས་འགོད་རྒྱུའི་སྙན་སེང་ཞུས་པ་བརྒྱུད། ཡོན་ཧྲི་ཁྲེན་ལི་ཆོན་དང་པན་ཏེ་ལ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་རིམ་པ་མཐོ་ཤོས་སྤྲོད་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། “རྡུལ་ཕྲན་རྐྱང་པའི་འགྱུར་སྐུལ”སོགས་ཚན་རྩལ་གྲུབ་འབྲས་3ལ་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའི་བྱ་དགའ་རིམ་པ་དང་པོ་སྤྲོད་རྒྱུ། “ཚབ་རྩིས་གྲུབ་ཆའི་རྩིས་རྒྱག་དང་ཟླུམ་ངོས་ཆ་ཕྲན་གྲུབ་ཚུལ་གྱི་རིགས་དབྱེ”སོགས་ཚན་རྩལ་གྲུབ་འབྲས་48ལ་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའི་བྱ་དགའ་རིམ་པ་གཉིས་པ་སྤྲོད་རྒྱུ། “བར་སྣང་གི་དམིགས་བསལ་ཆ་རྐྱེན་འོག་དྲོད་ཆེའི་ལྕགས་རིགས་རྒྱུ་ཆ་རྒྱུན་གཏན་ལས་བརྒལ་བའི་སྙོམས་སྒྲིག་ལག་རྩལ་དང་ཚན་རིག་ཚོད་ལྟའི་མ་ལག”སོགས་ཚན་རྩལ་གྲུབ་འབྲས་3ལ་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའི་བྱ་དགའ་རིམ་པ་དང་པོ་སྤྲོད་རྒྱུ། “རྩེར་སོན་བཟོ་སྐྲུན་ལ་ཕྱོགས་པའི་འཕྲུལ་མིའི་ལག་རྩལ་དང་སྒྲིག་ཆས”སོགས་ཚན་རྩལ་གྲུབ་འབྲས་55ལ་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའི་བྱ་དགའ་རིམ་པ་གཉིས་པ་སྤྲོད་རྒྱུ། “འབད་འཐབ་པ་རྟགས་ཅན་གྱི་མཚོ་གཏིང་མི་བཞུགས་ཆུར་འཛུལ་ཡོ་བྱད”སོགས་ཚན་རྩལ་གྲུབ་འབྲས་3ལ་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་དམིགས་བསལ་བྱ་དགའ་སྤྲོད་རྒྱུ། “ཀྲུང་གོའི་ཕག་གསེབ་རྒྱུད་གསོའི་ལག་རྩལ་དང་ལྟེ་བའི་རྒྱུད་ཁུངས་གསར་བཟོ་དང་བཀོལ་སྤྱོད”སོགས་ཚན་རྩལ་གྲུབ་འབྲས་13ལ་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་རིམ་པ་དང་པོ་སྤྲོད་རྒྱུ། “ཀྲུང་ལོའི་ལྕགས་ལམ་ལས་གྲྭའི་འགག་རྩའི་ལག་རྩལ”སོགས་ཚན་རྩལ་གྲུབ་འབྲས་133ལ་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་རིམ་པ་གཉིས་པ་སྤྲོད་རྒྱུ། དགེ་རྒན་ཆེ་མོ་བ་ཨའོ་ཐེ་མུའུ·ཨའོ་ཀན་ནུའོ་ཧྥུའུ་སོགས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་9ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲོད་རྒྱུ་བཅས་རེད།

    ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པར་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་དང་བྱ་དགའ་ཐོབ་མཁན་ཡོངས་ལ་སློབ་སྦྱོང་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་པ།“ཁ་ཕྱོགས་པ་བཞི”མཐའ་འཁྱོངས་བྱེད་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་པོར་འཛིན་པ། རང་བརྟེན་གསར་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་ས་བརྩོན་ལེན་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་ཟམ་མི་ཆད་པར་སྐྱེད་སྲིང་བྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་སྲུང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་འབྱོར་བའི་གློག་འཕྲིན)

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com