བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་མཇལ་འཛོམས་གནང་བ། ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་སུ་ཕེབས་ནས་རོགས་སྐྱོར་ལས་དོན་སྦྲེལ་མཐུད་བྱས།

ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལུའུ་ཧྲན་གྱིས་བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་མཉམ་དུ་སྤེལ་རེས་གཏིང་ཟབ་གནང་བ།
ཟླ་7ཚེས་9ནས་ཚེས10ཉིན་བར། བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དུ་ཕེབས་ནས་འབྲེལ་ཡོད་འགོ་ཁྲིད་དང་མཇལ་འཛོམས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། མཉམ་ལས་གཏིང་ཟབ་དང་། ཚད་བསྡུར་སློབ་སྦྱོང་། ལེའུ་གསར་པ་མཉམ་འགོད་བཅས་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལུའུ་ཧྲན་དང་འཐུས་མི་ཚོགས་པའི་དབར་སྤེལ་རེས་གཏིང་ཟབ་གནང་བ་རེད། དེའི་རིང་འཐུས་མི་ཚོགས་པ་ད་དུང་ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་སུ་ཕེབས་ནས་རོགས་སྐྱོར་ལས་དོན་སྦྲེལ་མཐུད་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཅ་ཏིང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་ཀའོ་ཞང་དང་བཞུགས་མོལ་སྤེལ་རེས་གནང་།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཅ་ཏིང་ཆུས་དང་བཞུགས་མོལ་སྤེལ་རེས་གནང་བ།
མཇལ་འཛོམས་གནང་རིང་ལུའོ་ཁྲའོ་ཧྥེང་གིས་ལུའུ་ཧྲན་ལ་ཉེ་བའི་ལོ་ཤས་རིང་ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པར་ཐོབ་པའི་ལས་ཀའི་གྲུབ་འབྲས་སྙན་སེང་ཞུས་པ་རེད། ཁོང་གིས་ལོ་མང་རིང་ཧྲང་ཧའེ་གྲོང་ཁྱེར་གྱིས་བརྩེ་སེམས་ཟབ་མོ་འཆང་བ་དང་། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་ཐབས་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་རྒྱབ་སྐྱོར་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་པས་བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དྲིན་ཚོར་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་བདེ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་ཤིང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྣེ་ཁྲིད་དམག་མི། ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”ཡུལ་སྐོར་དམིགས་སའི་དམིགས་ཚད་ཀྱི་ངེས་གནས་བཅས་ལ་དམིགས་ནས་འབད་འཐབ་ཧུར་ཐག་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཧྲང་ཧའེ་གྲོང་ཁྱེར་དང་ལག་གདང་སྦྲེལ་ནས། བདེ་ཆེན་གྱིས་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རོགས་སྐྱོར་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་རོགས་སྐྱོར་མ་དངུལ་གྱི་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱས་ནས་མང་ཚོགས་ལ་ཕན་པ་ཐོབ་པའི་འགན་ལེན་བྱས་ཡོད་ཅེས་གསུང་བཤད་གནང་།
ཅ་ཏིང་ཆུས་དང་བཞུགས་མོལ་ཚོགས་འདུ་འཚོགས་སྐབས་འཇོལ་རྫོང་ཨུའི་འགན་འཁུར་བ་གཙོ་བོའི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་གྱི་སྙན་སེང་ལ་གསན་པ་རེད། ལུའོ་ཁྲའོ་ཧྥེང་གིས་ཐོག་མཐའ་བར་གསུམ་དུ་ཅ་ཏིང་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་དང་སྤུན་ཟླའི་མཛའ་གྲོགས་ལ་བརྟེན་ནས་བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི”རིང་བདེ་བླག་ངང་མཇུག་འགྲིལ་རྒྱུར་རམ་འདེགས་བྱས་ཡོད། ཅ་ཏིང་ཆུས་ཀྱིས་རང་ཁུལ་གྱི་ལས་བྱེད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།མཉམ་ལས་བྱ་ཡུལ་འོས་སྦྱོར་དང་།མཉམ་ལས་ལས་སྟེགས་སྐྲུན་པ། གནད་སྨིན་མཛུབ་ཁྲིད་བཅས་བྱས་པ་བརྒྱུད་བདེ་ཆེན་གྱིས་4+2+Nཞེས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་རམ་འདེགས་བྱེད་པ་དང་།ཆ་སྒྲིག་མཉམ་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ས་གནས་གཉིས་ཀྱི་རིམ་ཁག་དང་ཁྱབ་ཁོངས་ཁག ལས་རིགས་ཁག་བཅས་ཀྱི་འགྲོ་འོང་དང་། སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད་ཅེས་བསྟན།
ཀའོ་ཞང་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས་ཤར་ནུབ་རྒྱུད་ཀྱི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ས་གནས་གཉིས་པོས་བློ་སེམས་གཅིག་མཐུན་ངང་མཉམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཏན་ཏིག་བཏང་སྟེ་ཆུ་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་འཇོལ་རྫོང་མཁར་གསར་པའི་ཐུན་མོང་མ་ཡིན་པའི་རྣམ་པ་གཏོད་པ་དང་སྤུས་ཚད་མཐོ་བའི་ལེ་ལག་ཚང་བའི་བདེ་སྡོད་ལས་དར་གྱི་རྨང་གཞི་བརྟན་དུ་གཏོང་དགོས། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་མང་པོའི་ཐོན་ལས་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། རྒྱུན་དུ་འགྲོ་འོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། འཛད་སྤྱོད་རོགས་སྐྱོར། རིག་གནས་མཉམ་འདྲེས་སོགས་རིམ་པ་མང་བའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ས་གནས་གཉིས་པོའི་མི་དམངས་སྤེལ་རེས་མཉམ་འགུལ་ཁྲོད་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་བརྩེ་བ་ཇེ་ཟབ་ཏུ་གཏོང་དགོས་ཞེས་བསྟན།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ཅ་ཏིང་ཆུས་ལྟེ་བའི་སྨན་ཁང་དུ་གསོ་རིག་བརྙན་པར་གྱི་རྒྱང་ཁྲིད་ནད་དཔྱད་གསར་གཏོད་བྱེད་སྟངས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ།
རྟོག་ཞིབ་གནང་རིང་ལུའོ་ཁྲའོ་ཧྥེང་དང་བཅས་པ་ཅ་ཏིང་ཆུས་ལྟེ་བའི་སྨན་ཁང་དུ་ཕེབས་ནས་མཉམ་པར་སྨན་བཅོས་ཀུང་སིར་ཁ་གཏད་རོགས་སྐྱོར་བྱེད་སྟངས་གསར་གཏོད་དང་། རིག་ལྡན་སྨན་བཅོས། རྩེར་སོན་སྨན་བཅོས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་། ཅ་ཏིང་ཆུས་ཧྭ་ཐིང་གྲོང་རྡལ་ལན་དབྱི་གྲོང་ཚོར་ཕེབས་ནས་ཞང་ཡུའེ་ཧྭ་ཐིང་ཞིང་སྡེའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ས་ཚིགས་སུ་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གཏོད་པའི་ལག་ལེན་ཉམས་མྱོང་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་རེད། ཅ་ཏིང་ཆུས་ཀྱི་ཆུས་ཀྲང་གཞོན་པ་ཏིང་ཅུང་ཅུང་དང་རང་ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་། ཧོང་ལུང་ཞིན། ལིན་ཧའོ་བཅས་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་མཇལ་འཛོམས་གནང་བ། ཧྲང་ཧའེ་གྲོང་ཁྱེར་ཅ་ཏིང་ཆུས་སུ་ཕེབས་ནས་རོགས་སྐྱོར་ལས་དོན་སྦྲེལ་མཐུད་བྱས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108