中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་རུའེ་ཅིན་སྨན་ཁང་དང་ཧྲུའུ་ཀོང་སྨན་ཁང་དུ་འཚམས་འདྲི་གནང་ནས་སྨན་བཅོས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

རྩོམ་པ་པོ་:黄晓丽 ཁྱབ་བསྒྲགས་དུས་ཚོད་:2026-07-13 16:03:36
图片
 

ཟླ་7པའི་ཚེས་10ཉིནཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་བདེ་ཆེན་ཁུལ་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་རུའེ་ཅིན་སྨན་ཁང་དང་བདེ་ཆེན་ཁུལ་བོད་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་ཧྲུའུ་ཀོང་སྨན་ཁང་ལ་འཚམས་འདྲི་གནང་ནས་སྨན་བཅོས་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུའི་ཐད་འབྲེལ་མཐུད་སྤེལ་རེས་བྱས་པ།

图片

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་རུའེ་ཅིན་སྨན་ཁང་དུ་སྨན་ཁང་གི་རིག་ཚན་འཛུགས་སྐྱོང་གནས་ཚུལ་ལ་ལྟ་སྐོར་དང་ཤེས་རྟོགས་བྱས།

 

ཧྲང་ཧའེ་གྲོང་ཁྱེར་རུའེ་ཅིན་སྨན་ཁང་དུ་འཐུས་མི་ཚོགས་པ་དང་བཅས་པས་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བ་དང་སྨན་བཅོས་རིགས་གཅིག་མཁས་ཅན་དང་སྤེལ་རེས་བཞུགས་མོལ་གནང་ནས་རིག་ཚན་འཛུགས་སྐྱོང་གི་གནས་ཚུལ་དང་ལོ་རིམ་བྱུང་གི་རོགས་སྐྱོར་གྲུབ་འབྲས་མཁྱེན་རྟོགས་ཞིབ་ཕྲ་གནང་བ།ལུའོ་ཁྲའོ་ཧྥེང་གིས་ད་ལོ་ནི་རུའེ་ཅིན་སྨན་ཁང་གིས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་པ་དང་།ལོ་10ཡི་བརྒྱུད་རིམ་ལྡན་པའི་རོགས་སྐྱོར་འོག་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བདེ་བླག་ངང་བསྐྲུན་རོགས་བྱས་པ་དང་བསྐྱར་དཔྱད་བདེ་བླག་ངང་གྲོས་འཆམ་བྱུང་།རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད་ཅེས་བཤད་པ།རང་ཁུལ་སྨན་བཅོས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་རིག་ཚན་གྱི་སྣེ་ཁྲིད་པ་དང་།ཆེད་ལས་ཤེས་ལྡན་མི་སྣཞིབ་ཚགས་ཅན་གྱི་དོ་དམ་ཤེས་ལྡན་མི་སྣ་བཅས་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ས་གནས་དེ་གའི་སྨན་དོན་དཔུང་ཁག་ཚད་ལྡན་ཅན་གྱི་སྨན་བཅོས་ཆུ་ཚད་དང་ཆེད་ལས་ཚན་ཁག་གི་ལག་རྩལ་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་རང་ཁུལ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་དང་གྲུབ་འབྲས་གཞན་སྒྱུར་ལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནསཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཏེཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུའི་རེ་བ་བཏོན།

རུའེ་ཅིན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཆིའུ་ལི་ཕིང་གིས་ལོ་10རིང་ལག་གདང་སྦྲེལ་ནས་ཕྱོགས་གཉིས་པོས་མཛའ་གྲོགས་ཟབ་མོ་བཙུགས་ཡོད་པ་དང་ཕྱོགས་གཉིས་པོའི་སྨན་ཁང་གི་ལས་བྱེད་པའི་དཔུང་ཁག་གི་འཇོན་ཐང་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད།གོམ་སྟབས་རྗེས་མར།སྨན་ཁང་གིས་བདེ་ཆེན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རོགས་སྐྱོར་ལམ་སྲོལ་སྔར་བས་ལེགས་སུ་བཏང་སྟེ་རིག་ཚན་འཛུགས་སྐྱོང་དང་།ཤེས་ལྡན་མི་སྣ་གསོ་སྐྱོང་།ལག་རྩལ་འགག་སྒྲོལདོ་དམ་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་ལས་དོན་སྔར་བས་གནད་སྨིན་དང་།སྔར་བས་གཏིང་ཟབསྔར་བས་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཞེས་བཤད

图片
 

ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་ཧྲུའུ་ཀོང་སྨན་ཁང་དུའཐུས་མི་ཚོགས་པས་རྒྱལ་སྤྱིའི་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་གསོ་རིག་ལས་དོན་ཁང་གི་སྒོ་བསྟེན་སྨན་ཁང་དུ་ལྟ་སྐོར་བྱས་ནས་འབྲེལ་ཡོད་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས།ལུའོ་ཁྲའོ་ཧྥེང་གིས་2022ལོར་ཧྲུའུ་ཀོང་སྨན་ཁང་གིས་བདེ་ཆེན་ཁུལ་བོད་ལུགས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་།སྔ་རྗེས་སུ་སྨན་བཅོས་རུ་མི་ཁག་མང་པོ་ཞིག་བཅའ་སྡོད་རོགས་སྐྱོར་བྱེད་པར་མངགས་ཏེཁུལ་བོད་སྨན་ཁང་གི་ཚན་ཁག་སོ་སོའི་སྨན་བཅོས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་དང་།བདེ་ཆེན་བོད་སྨན་ཁང་གིས་རིམ་གསུམ་མི་རིགས་གསོ་རིག་སྨན་ཁང་གཏོད་པ་དང་ཡུན་ནན་ཞིང་ཆེན་བོད་སྨན་ཁང་གི་སྒོ་བྱང་འགེལ་རྒྱུར་རམ་འདེགས་བྱས་ཡོད་ཅེས་བཤད་པ་དང་སྨན་ཁང་ནང་གི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་།གཞན་སྒྱུརསྤུས་ཚད་མཐོར་གཏོང་།སྤུས་ཚད་ཚོད་འཛིན་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་།ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཚན་རིག་ཞིབ་འཇུག ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་།དེང་རབས་ཅན་གྱི་དོ་དམ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་ནས་ཁུལ་བོད་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་མི་རིགས་གསོ་རིག་སྨན་ཁང་གཏོད་རྒྱུར་རོགས་རམ་བཅས་བྱས་ཏེ་བདེ་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་པ།

ཧྲུའུ་ཀོང་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧའོ་ཝེ་ཝེ་ཡིས་ཧྲུའུ་ཀོང་སྨན་ཁང་དང་བདེ་ཆེན་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངསལྷག་པར་དུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐད་མཉམ་ལས་བྱེད་པའི་བར་མཐོངས་ཡངས་ཤིང་མདུན་ལམ་ཆེན་པོ་ཡོད།གོམ་སྟབས་རྗེས་མར།སྨན་ཁང་གིས་གནད་འཕིགས་ངང་དགོས་མཁོ་དང་འབྲེལ་མཐུད་བྱེད་པ།མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་གཙོ་གནད་ཆེད་ཚན་མཉམ་སྐྲུན་དང་།ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་རྒྱུན་འཛིནཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་།ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཞིབ་འཇུག་གསར་སྤེལ་དང་གཞན་སྒྱུར་སོགས་ཐད་མཐུན་སྦྱོར་གྱི་ཐབས་ལམ་དེ་བས་མང་བ་འཚོལ་ཞིབ་བྱས་ཏེ་ལག་གདང་སྦྲེལ་ནས་བདེ་ཆེན་གྱི་གཞི་རིམ་སྨན་བཅོས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ་ཞེས་བཤད

图片

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲང་ཧའེ་གྲོང་ཁྱེར་ཧྲུའུ་ཀོང་སྨན་ཁང་དུ་རྒྱལ་སྤྱིའི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་སྐོར་དང་ཤེས་རྟོགས་བྱས།

 

ཞུས་ཀོང་ཏེ་དང་།ཧོང་ལུང་ཤིནལིན་ཧའོའཇོལ་རྫོང་།འབའ་ལུང་རྫོང་།བདེ་ཆེན་ཁུལ་མི་དམངས་སྨན་ཁང་།བདེ་ཆེན་ཁུལ་བོད་སྨན་ཁང་སོགས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཁག་སོ་སོར་གོང་གསལ་བྱེད་སྒོར་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:央初

  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com