《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
ཟླ་9པའི་ཚེས་29ཉིན།
《བདེ་ཆེན་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོ།
དཔྱད་གཏམ་པའི་རྩོམ་ཡིག་འགོད་པ།
《ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།
——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།
——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
བདེ་ཆེན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།
བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་བདེ་ཆེན་གྱི་མ་འོངས་པའི་ལོ་5ཡི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད། འགོ་འཛུགས་ས་གསར་པའི་ཐོག་ལངས་པ་དང་འབད་འབུངས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་ནས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་ལེགས་ཆ་བསྡུར་བ། སྙིང་རུས་གཏན་འཁྱོངས་དང་དམ་འཛིན་ལྷོད་མེད་བྱས་ཏེ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་སྲོག་ཤིང་ནི་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུ་དེ་རེད། ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ལས་དོན་ཞིབ་ཚགས་སྤེལ་ཏེ། ཡུལ་སྐོར་དང་ཞིང་ལས། ནགས་ལས། ཆུ། གཏེར་ལས་སོགས་ཐོན་ཁུངས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་“4+2+N”དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་ཆེ་རུ་བཏང་ནས། “3331”རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། “སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་སྟོན་ཕྱོགས། ཁེ་ལས་ཀྱིས་གཙོ་བོ་བྱེད་པའི”ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཛེས་ལྗོངས་ཁུལ་བཞེངས་སྐྲུན་བྱེད་པར་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་སྟེ། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”གསེར་ཡིག་བྱང་བུ་རྒྱུན་མཐུད་ངང་གསལ་པོ་བཟོ་དགོས། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་དམིགས་སུ་བཀར་ནས་སྤུས་ལེགས་གཉེར་ཏེ། ཉུང་ཚོགས་དང་རྩེར་སོན། སྤུས་ལེགས་བཅས་ཀྱི་ལམ་བུར་སྐྱོད་པ། རྒུན་འབྲུམ་དང་ཀྲུང་ལུགས་སྨན་རྩྭ། བཟའ་བཅའི་ཤ་མོ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁོངས་ཞིང་ལས་ཐོན་རྫས་ཀྱི་སྤྱི་པའི་སྤུས་རྟགས་བཞེངས་སྐྲུན་བྱེད་དགོས། གནོད་མེད་ནུས་རྒྱུ་ཡག་པོ་སྒྲུབ་ནས། ཤུས་ལུང་དང་ཀོང་རྩེད་ར། བཀོར་ཤོག་སོགས་ཆུ་གློག་རྣམ་གྲངས་གལ་ཆེན་དང་དེ་བཞིན་རླུང་འོད་ཆུ་དྲོད་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གནོད་མེད་གཏེར་ལས་གསར་པ་ཡག་པོ་གཉེར་ནས། ཐོན་བརྟན་ཐོན་འཕར་དང་གནོད་མེད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་དང་དེང་རབས་ཟོག་འགྲེམས་ཀྱི་ཁྱད་ལྡན་ཐོན་ལས་2སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཚོལ་ཞིབ་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འགག་རྩ་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་རྒྱུར་ཐུག་ཡོད། རྨང་གཞིའི་སྒྲིག་བཀོད་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་པོ་ཞིག་ཡིན་པས། ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་ནས། “ཤར་ནས་ཤིས་ཁྲང་ལ་སྦྲེལ་མཐུད་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་དང་མཉམ་འགུལ་བྱེད་ཅིང་། ལྷོ་ནས་ཏ་ལི་དང་འབྲེལ་ཏེ་ཡུན་ནན་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་སུ་འདྲེས་ཡོད། ནུབ་ནས་རྒྱལ་མོ་རྔུལ་ཆུ་རྒྱུད་དེ་ཨེ་ཤ་ཡ་ལྷོ་མར་སྐྱོད་པའི་བགྲོད་ལམ་ཤར་གཏོང་ཐུབ་པ། བྱང་ཆབ་མདོར་འབྱོར་ཏེ་བོད་ལྗོངས་ས་ཁོངས་སུ་སྐྱོད་པ། ཁོངས་གཏོགས་ཁུལ་དུ་འཕྲེད་གཞུང་སྣོལ་བའི་འགྲིམ་འགྲུལ་ལམ་ཐིག་ཤར་གཏོང་ཐུབ་པ་བྱས་ནས་གཞུང་ལམ་དྲ་བ་ལེགས་སུ་གཏོང་བའི་འགྲིམ་འགྲུལ་གྱི་རྣམ་པར་དམིགས་ནས། G7611ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དང་G214འཇོལ་ནས་ཚྭ་ཁ་ལུང་བར། G353འབའ་ལུང་ནས་ཅུས་ཏེན་བར་སོགས་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། ཏན་བོད་ལྕགས་ལམ་དང་སེམས་ཀྱི་ཉི་ཟླའི་གནམ་ཐང་གི་མཁའ་འགྲུལ་འགག་སྒོ་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་བཏང་། དེང་རབས་ཅན་གྱི་ཆུ་དྲ་དང་གློག་དྲ་འཐུས་ཚང་དང་ཕྱིར་སྐྱེལ་བགྲོད་ལམ། རང་བྱུང་སོལ་རླངས་ཀྱི་ཡན་ལག་སྐུད་ལམ། 5G/6Gདྲ་རྒྱ་བཅས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། རྨང་གཞིའི་སྒྲིག་བཀོད་དང་རྩིས་རྒྱག་ནུས་པའི་གཞི་གདན་གསར་པ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་དུ་གཏོང་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་གཙོ་གནད་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་ཡིན།“ཞིང་གསུམ”ལས་དོན་ནི་ཁུལ་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། རེས་སྐོར་གསར་པའི་ཞིང་སྐུལ་འབབ་འཕར་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་པའི་འབབ་འཕར་དེ་ཐོན་ལས་དང་པོ་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་གཉིས་པ་དང་ལེན་བྱེད་པ། ཐོན་ལས་གསུམ་པ་སྦྲེལ་མཐུད་བྱེད་པ་བཅས་ཀྱི་ཐོག་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ནས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རིམ་སྤོར་བྱ་སྤྱོད་ལ་སྐུལ་འདེད་གཏོང་སྟེ། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་མང་ཚོགས་ཀྱི་འབབ་འཕར་གནད་དོན་ལ་ལན་ཡག་པོ་འདེབས་དགོས། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་བྱས་ནས། “1+N”རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་སྲུང་དགོས། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་དགོས། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་ཚོའི་དྭངས་གཙང་སྔོ་འགྱུར་དང་གསང་སྤྱོད་གསར་བརྗེ། དེ་བཞིན་“སྦགས་བཙོག་གཉིས”བཅོས་སྒྲིག་བཅས་ལ་སྐུལ་འདེད་བཏང་ནས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། རི་བོ་མིག་ལམ་དུ་འཆར་བ་དང་ཆུ་བོ་མིག་ལམ་དུ་མཐོང་ཐུབ་བ། ཕ་ཡུལ་དྲན་པའི་སྐྱོ་སེམས་འཇགས་ཐུབ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་འབྲི་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་གསོན་ཤུགས་དེ་རང་འགུལ་ངང་ཞབས་ཞུ་དང་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་སྤྱི་ཡོངས་ནང་ཁྱབ་པ། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་འཛིན་ནན་པོ་བྱེད་དེ། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་དང་མཐའ་འབྲེལ་ཁུལ་(གྲོང་ཁྱེར)བར་གྱི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཡུན་ནན་དབུས་རྒྱུད་གྱི་གྲོང་ཁྱེར་ཁྱུ་ཚོགས་དང་ཡུན་ནན་ནུབ་བྱང་གཞིག་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་དང་མཉམ་འདྲེས་བྱེད་དགོས། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་གོ་སྐབས་སུ་བྱས་ཏེ། ཕྱི་ནས་ཐོན་པའི་དགོས་མཁོ་སྐོང་བ་དང་“ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་ལས་དོན་+ཡུན་ནན་གྱི་འཚོ་བའི”བྱེད་སྟངས་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། གླིང་ཁུལ་གྱི་མཉམ་ལས་མཉམ་སྐྲུན་དང་ཐོན་ལས་གླིང་ཁུལ་གྱི་རིམ་སྤོར་ནུས་ཆེར་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་ཕན་འབྲས་ཆེ་རུ་གཏོང་བ། རྣམ་གྲངས་དང་མ་དངུལ། ཤེས་ལྡན་མི་སྣ། འདུ་ཤེས་བཅས་གནད་སྨིན་ནང་འདྲེན་བྱས་ཏེ། ཕྱོགས་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱེད་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་ཁོང་དུ་བརྟན་པོ་ཆུད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས། ནོར་ཁྲལ་སྒྲིག་སྲོལ་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། མངོན་མེད་ཀྱི་འགོག་རགས་གཙང་སེལ་བྱེད་དེ། “ལས་ཕྱོད་ཆེ་བའི་བྱ་བ་ཞིག་སྒྲུབ་རྒྱུར”སྐུལ་འདེད་བཏང་ནས། ཁེ་ལས་ལ་ཕན་པའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། “ཕྱི་ནས་ནང་འདྲེན”དང་“ནང་དུ་གསོ་སྦྱོང”བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ། ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་སྟེ། “སྒོ་རྩར”འཛད་སྤྱོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། “དྲ་རྒྱ་དྲུག”ལ་དམིགས་ནས་རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་རྣམ་གྲངས་འཆར་འགོད་ལག་བསྟར་བྱས་ཏེ། བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བྱས་ཏེ་གསར་གཏོད་རྣམ་པའི་བདེ་ཆེན་ལ་འཛུགས་བསྐྲུན་མགྱོགས་སུ་གཏོང་དགོས།
ལམ་ཐག་ལེ་དབར་ཁྲི་ཕྲག་གི་རླུང་བུ་ལྡང་ཞིང་། ལས་འགན་ལྗིད་པོ་ཡང་བསྐྱར་ཐོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། རྒྱུན་ཆད་མེད་པར་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་ཡོང་བཅུག་དགོས།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།
གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།
སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108