中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཅིང་ཀང་མྱུར་བགྲོད་ལྕགས་ལམ་ཞུང་ཧྲང་དུམ་བུ་སོགས་མྱུར་བགྲོད་ལྕགས་ལམ་4ཤར་གཏོང་ཐུབ་པ།

ཁྱབ་བསྒྲགས་དུས་ཚོད་:2026-10-01 13:16:20 འབྱུང་ཁུངས་:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

ཚེས་28ཉིན་རྒྱལ་ཡོངས་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་བྱེད་པའི་དུས་ཚིགས་འཆར་ཞིང་། ཅིང་ཀང་མྱུར་བགྲོད་ལྕགས་ལམ་ཞུང་ཨན་ནས་ཧྲང་ཆིའུ་བར་གྱི་དུམ་བུ་དང་། ཧར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ། ཤིས་ཡུས་མྱུར་བགྲོད་ལྕགས་ལམ་གྱི་ཤིས་ཨན་ནས་ཨན་ཁང་བར་གྱི་དུམ་བུ། དབྱི་ཁྲང་ནས་ཤིན་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་མྱུར་བགྲོད་ལྕགས་ལམ་གསར་པ་བཞི་གཅིག་སྡུད་ཐོག་ཤར་གཏོང་ཐུབ་པ་རེད།

རྒྱལ་ཁབ་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལྟེ་བའི་གཞུང་ཕྱོགས་ཀྱི་མ་ལམ་ཡིན་པའི་ཅིང་ཀང་མྱུར་བགྲོད་ལྕགས་ལམ་གྱི་ཞུང་ཧྲང་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་པ་དེས་ཅིང་ཀང་མྱུར་བགྲོད་ལྕགས་ལམ་གྱི་བྱང་ཕྱོགས་དུམ་བུའི་ཞན་ཆ་བསལ་ནས་ཧྭ་བྱང་དང་ཀྲུང་ཡོན་དང་དེ་བཞིན་ཧྭ་ཏུང་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་ལམ་བུ་བཏོད་ཡོད་པ་རེད།

ལམ་ཐིག་དེ་བྱང་ཞུང་ཨན་འབབ་ཚུགས་ནས་ལྷོ་ཧྲང་ཆིའུ་འབབ་ཚུགས་བར་ཡིན་པ་དང་། ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ་552ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད། ལམ་ཐིག་ཧྲིལ་པོར་མེ་འཁོར་འབབ་ཚུགས་16བཀོད་སྒྲིག་བྱས་ཡོད་པ་དང་གསར་དུ་བསྐྲུན་པའི་འབབ་ཚུགས་10ལྷག་ཙམ་རྫོང་ཁོངས་སུ་བཙུགས་པས་རེན་ཆིའུ་དང་། སུའུ་ཉིང་། ཡུན་ཁྲེང་སོགས་རྫོང་དང་གྲོང་ཁྱེར་ལ་མྱུར་བགྲོད་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མེ་འཁོར་ཤར་གཏོང་ཐུབ་རྗེས་ཞུང་ཨན་ནས་ཧྲང་ཆིའུ་བར་མགྱོགས་ཤོས་ལ་ཆུ་ཚོད་2དང་སྐར་མ་27ལ་འབྱོར་གྱི་ཡོད་པ་རེད།

ཧ་དབྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་ཆེས་བྱང་སྣེའི་མྱུར་བགྲོད་ལྕགས་ལམ་ཡིན་ཞིང་། ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ་318ཡོད་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་250ཇུས་འགོད་བྱས་པ། ལམ་ཐིག་ཧྲིལ་པོར་མེ་འཁོར་འབབ་ཚུགས་9བཀོད་སྒྲིག་བྱས་ཡོད་པ་རེད།

ཤིས་ཡུས་མྱུར་བགྲོད་ལྕགས་ལམ་གྱི་ཤིས་ཨན་ནས་ཨན་ཁང་བར་གྱི་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་ནས་ཀོན་ཀྲུང་དང་ཧྲའན་ལྷོའི་མྱུར་བགྲོད་བར་ཁྱམས་བསྐྲུན་ཡོད། ལམ་ཐིག་ཧྲིལ་པོར་སྤྱི་ལེ་171ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད། ལམ་ཐིག་ཧྲིལ་པོར་རི་ཁུལ་གྱི་འབབ་ཚུགས་མང་པོ་གསར་སྐྲུན་བྱས་ནས་ཀྲ་ཧྲུའེ་དང་། ཀྲེན་ཨན། ཨན་ཁང་སོགས་ས་ཆ་རྣམས་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་ཡོད་པ་རེད།

མེ་འཁོར་ཤར་གཏོང་ཐུབ་རྗེས་ཤིས་ཨན་ནས་ཨན་ཁང་བར་མགྱོགས་ཤོས་ལ་སྐར་མ་45ལས་འགོར་གྱི་མེད། ཀོན་ཀྲུང་ཐང་གཤོངས་དང་ཆིན་པ་རི་ཁུལ་དབར་ནུས་ཆེའི་འབྲེལ་མཐུད་ཐུབ་ནས་ཆིན་པ་རི་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་དང་ཧྲའན་ལྷོའི་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱི་སྒྲོམ་གཞི་གསར་རྐྱང་ཞིག་བསྐྲུན་ཡོད་པ་རེད།

  • བདེ་ཆེན་གསར་འགྱུར།

《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com