中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-10-03 13:40:25 འབྱུང་ཁུངས་:青海藏文报
སྟོན་དུས་གནམ་གཤིས་ཇེ་འཁྱག་ཏུ་གྱུར་པ་དང་ཉིན་མཚན་གྱི་དྲོད་གྲང་མི་སྙོམས་པས། མི་མང་པོ་ཞིག་ལ་སྟོན་ཁ་སླེབས་མ་ཐག་ཆམ་པ་ཕོག་ནས་གློ་ལུ་བ་དང་དབུགས་ལམ་མི་བདེ་བ་སོགས་ཀྱི་དཀའ་ངལ་དང་འཕྲད་ཀྱིན་ཡོད། མི་ཁ་ཤས་ཀྱིས་དེ་ནི་ལུས་ཟུངས་ཞན་པའི་རྐྱེན་ཡིན་པར་འདོད་ཀྱིན་ཡོད་མོད། འོན་ཀྱང་དོན་དངོས་སུ་དེ་འདྲ་ཞིག་མ་རེད། གློ་བ་ནི་མིའི་ལུས་སྟེང་གི་ཕྱི་ནད་འགོག་པའི་འགོག་སྲུང་འཛིང་རགས་དང་པོ་ཡིན་ལ། སྟོན་ཁའི་གནམ་གཤིས་ཀྱིས་གློ་བར་གནོད་སྐྱོན་ཕོག་སླ་བས་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་ཆམ་པ་ཕོག་སླ་བ་རེད། དེར་བརྟེན་སྟོན་དུས་ཆམ་པ་ཕོག་སླ་བའི་རྒྱུ་རྐྱེན་ནི་གློ་བ་ཡིན་པ་དང་གློ་བ་གསོ་རྒྱུ་ནི་རིམས་འགོག་ནུས་པ་ཆེ་རུ་གཏོང་བའི་གནད་གལ་ཆེན་ཞིག་རེད།
སྟོན་ཁར་ཆམ་པ་ཕོག་སླ་བའི་རྒྱུ་རྐྱེན་ནི་གློ་བ་རེད།
སྟོན་དུས་དབུགས་ལམ་གྱི་ནད་གཞི་འབྱུང་ཚད་མཐོ་བའི་རྒྱུ་རྐྱེན་ནི་གློ་བའི་ནུས་པར་གནོད་སྐྱོན་ཕོག་པ་དང་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་བས་རེད།
གློ་བ་ནི་དབུགས་འབྱིན་རྔུབ་བྱེད་པའི་དབང་བོ་ཡིན་པའི་ཆ་ནས། རླུང་གཟུགས་བརྗེ་རེས་བྱེད་པར་འགན་འཁུར་དགོས་པར་མ་ཟད། དབུགས་ལམ་གྱི་འབྱར་སྐྱིས་ད་དུང་ཟགས་ཐོན་འབྱར་ཁུ་དང་ཚི་སྤུ་འགུལ་སྐྱོད་བྱེད་ཐུབ་པ་དང་། ནད་ཀྱི་གཞི་རིགས་ཀྱི་བཙན་འཛུལ་བཀག་འགོག་བྱེད་པ་སོགས་རིམས་འགོག་མ་ལག་གི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་རེད། འོན་ཀྱང་སྟོན་དུས་གནམ་གཤིས་སྐམ་ཤས་ཆེ་བས། དབུགས་ལམ་གྱི་འབྱར་སྐྱི་སྐམ་ཤས་ཆེ་བ་དང་ཚི་སྤུ་འགུལ་སྐྱོད་བྱེད་ཤུགས་ཆུང་དུ་ཕྱིན་ནས་ནད་གཞི་དེ་བས་མིའི་ལུས་ཁམས་ནང་འཛུལ་སླ་བ་རེད། དེ་དང་ཆབས་ཅིག་སྟོན་དུས་ཀྱི་ཉིན་མཚན་དྲོད་གྲང་གི་འགྱུར་བ་ཆེ་རུ་ཕྱིན་པ་དང་སྐབས་དེར་གློ་བ་གསོ་རྒྱུར་དོ་སྣང་མ་བྱས་ཚེ། གློ་དབུགས་མ་འདང་པར་རིམས་འགོག་ནུས་པ་སྔར་བས་ཇེ་ཞན་དུ་འགྲོ་བ་དང་ཆམ་པ་ཡང་ཡང་ཕོག་པའི་གནས་ཚུལ་འབྱུང་བཞིན་ཡོད།
སྟོན་ཁར་གློ་བ་གསོ་བར་དོན་དག་གསུམ་ལེགས་པོར་བསྒྲུབ་དགོས།
སྟོན་དུས་གློ་བ་གསོ་བར་གཙོ་བོ“གློ་བར་གསོ་བཅོས་དང་། གློ་བར་སྲུང་སྐྱོབ། གློ་ཤུགས་ཇེ་དྲག་ཏུ་གཏོང་བ”བཅས་སྲོག་ཤིང་ཆེན་པོ་གསུམ་ལ་དམིགས་ཏེ་བཟའ་བཏུང་དང་། འཚོ་བ། སྤྱོད་ལམ་བཅས་ཕྱོགས་གསུམ་ནས་མགོ་བརྩམས་ཏེ་གློ་དབུགས་དྲོད་འཇམ་སྙོམས་སྒྲིག་བྱས་ནས་རིམས་འགོག་ནུས་པ་བརྟན་པོའི་ངང་མཐོ་རུ་གཏོང་དགོས།
བཟའ་བཏུང་གིས་གློ་བ་གསོ་བཅོས་བྱེད་པ།
སྟོན་ཁར་སྐམ་ཤས་ཆེ་བས། རྒྱུན་ལྡན་གྱི་བཟའ་བཏུང་གིས་གློ་བ་གསོ་བ་དང་། སྲིབ་གསོ་སྐམ་འཇམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས། རྒྱུན་པར་ཟས་རིགས་དཀར་པོ་མང་པོ་ཟ་དགོས། དཔེར་ན་ཆང་བ་ལི་དང་ལུག་མཉེ་མེ་ཏོག པད་རྩ་སོགས་ལྟ་བུ། ཆང་བ་ལི་ཡིས་གློ་ལུ་འགོག་ཐུབ་པས། མིད་པ་སྐམ་པ་དང་གློ་ལུ་བའི་མི་ཚོགས་ལ་ལྷག་ཏུ་འཚམ། ལུག་མཉེ་མེ་ཏོག་གིས་གློ་བ་གསོ་བ་དང་སེམས་ལྷོད་ལ་འབབ་པས། སྟོན་དུས་ཀྱི་ཚ་གདུག་ལས་བྱུང་བའི་མི་བདེ་བའི་སྣང་ཚུལ་ཞི་ལྷོད་དུ་གཏོང་ཐུབ།
ཚ་སྐམ་ལ་འཛེམ་པ། ཁ་ཚ་བ་དང་། སྣུམ་བཙོས་ཟས་རིགས་མངར་མོ་ཟ་ཚད་ཇེ་ཉུང་དུ་གཏོང་དགོས། ཟས་རིགས་འདིའི་རིགས་ཀྱིས་ལུས་སྟེང་གི་ཚ་གདུག་ཇེ་ཆེར་གཏོང་བ་དང་དབུགས་ལམ་གྱི་འབྱར་སྐྱི་ལ་ཟུག་གཟེར་སློང་བ། རིམས་འགོག་ནུས་པ་ཇེ་དམའ་རུ་གཏོང་ཐུབ།
ཆུ་འོས་འཚམ་ཁ་གསབ་བྱེད་པ། སྟོན་ཁར་སྐམ་ཤས་ཆེ་བས། ཆུ་ཁ་གསབ་མ་ཐུབ་ན་དབུགས་ལམ་གྱི་འབྱར་སྐྱི་སྐམ་སྟེ་འགོག་སྲུང་ནུས་པ་མར་ཆག་པ་རེད། ཉིན་རྒྱུན་ཆུ་ཚད་ཉུང་མང་འཐུང་བྱེད་དགོས་ཤིང་། ཆུ་དྲོད་འཇམ་དང་ཇ་སླ་མོ་མང་ཙམ་འཐུང་ནས་དབུགས་ལམ་གྱི་བརླན་གཤེར་རྒྱུན་འཁྱོངས་བྱས་ཏེ། ཁ་ལུད་ཕྱིར་འབུད་ལ་སྐུལ་འདེད་གཏོང་བ་དང་འགོས་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
ཁ་གསབ་ཚད་ལས་བརྒལ་མི་རུང་། སྟོན་ཁར་རྨོངས་ཚོད་ཀྱིས་ཁ་གསབ་བྱེད་མི་རུང་། གཙོ་བོ་ནི་གསོ་སྐྱོང་དང་བཟའ་བཏུང་དོ་མཉམ་ཡོང་བར་བྱེད་དགོས། ལྷག་པར་ཚ་སྐམ་རིགས་ཀྱི་ཁ་གསབ་དངོས་པོ་འཐུང་བར་སྔོན་འགོག་བྱེད་དགོས། ཁ་གསབ་དངོས་པོ་འདིའི་རིགས་ཀྱིས་གློ་བའི་ཚ་སྐམ་ཇེ་ཆེར་བཏང་ནས་ལུས་པོ་མི་བདེ་བ་འབྱུང་སྲིད།
གློ་བར་རྒྱུན་ལྡན་གྱི་སྲུང་སྐྱོང་བྱེད་པ།
སྟོན་དུས་གློ་བ་སྲུང་སྐྱོང་བྱེད་པའི་གཙོ་གནད་ནི་གློ་བར་གནོད་འཚེ་གཏོང་བའི་གོམས་གཤིས་ངན་པར་གཡོལ་ཏེ་རྒྱུན་ལྡན་གྱི་འགོག་སྲུང་ཡག་པོ་བྱ་རྒྱུ་དེ་རེད།
དྲོད་སྲུང་གྲང་འགོག་བྱས་ནས་ཁ་སྣ་དང་སྐེ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ། མཁའ་དབུགས་གྲང་མོས་དབུགས་ལམ་ལ་ཟུག་གཟེར་བསླངས་ན་དབུགས་ལམ་གྱི་འབྱར་སྐྱི་ལ་གནོད་པ་དང་ཆམ་པ་སློང་སྲིད། དེ་བས་དྲོད་སྲུང་ལ་དོ་སྣང་བྱེད་དགོས་ལ། ལྷག་པར་ཁ་སྣ་དང་སྐེ་སོགས་ལ་དོ་སྣང་བྱེད་དགོས།
རླུང་རྒྱུ་བར་བྱས་ཏེ་ཟུག་གཟེར་སློང་བའི་དངོས་པོ་དང་རིང་དུ་གྱེས་པ། དུས་བཅད་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ་དང་། ཁང་པའི་ནང་གི་མཁའ་རླུང་འཁོར་རྒྱུག་རྒྱུན་འཁྱོངས་བྱས་ཏེ་ནད་སློང་དུག་གཞི་དང་མཁའ་རླུང་བཙོག་པ་ཁང་པའི་ནང་གསོག་ཚད་ཇེ་ཉུང་དུ་གཏོང་དགོས། དུས་མཚུངས་སུ་ཐལ་རྡུལ་དང་། ཐ་མག ཟུག་གཟེར་རང་བཞིན་གྱི་རླུང་གཟུགས་སོགས་ལ་ཐུག་རེག་མི་བྱེད་པར་གློ་བར་ཕོག་ཐུག་ཐེབས་ཚད་ཇེ་ཉུང་དུ་གཏོང་དགོས།
སྔ་མོ་ནས་གཉིད་པ་དང་ངལ་རྩོལ་ལ་འཛེམ་པ། གློ་བ་གསོ་བ་བཅས་བྱེད་དགོས། མཚན་འཁྱོངས་དང་ངལ་དུབ་ཀྱིས་གློ་བར་གནོད་པས། ངལ་གསོའི་གོམས་གཤིས་བཟང་པོ་ཆགས་པར་བྱེད་དགོས། ངལ་དུབ་ཆེ་དྲགས་མི་རུང་ཞིང་། ངལ་གསོ་འོས་འཚམ་བྱས་ན་གློ་བར་བདག་སྐྱོང་གང་ལེགས་བྱེད་ཐུབ།
སེམས་རྣལ་དུ་ཕབ་ནས་སེམས་ཁྲལ་ཉུང་བ་དང་བློ་བདེ་བག་ཕེབས་བྱེད་པ། སེམས་ཁམས་མི་ལེགས་པས་གློ་དབུགས་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་ནས་དབུགས་ལམ་མི་བདེ་བར་གཏོང་སྲིད། སེམས་ཁམས་གཏན་འཇགས་རྒྱུན་འཁྱོངས་བྱས་ནས་ཚད་ལས་བརྒལ་བའི་སེམས་ཁྲལ་དང་སུན་སྣང་སྔོན་འགོག་བྱེད་དགོས།
ལུས་སྦྱོང་བྱས་ཏེ་གློ་ཤུགས་ཇེ་དྲག་ཏུ་གཏོང་བ།
ལུས་སྦྱོང་འོས་འཚམ་བྱས་ན་གློ་བའི་ནུས་པ་དང་གློ་བའི་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ་ཅིང་། སྟོན་དུས་སུ་ཆམ་པ་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
ལུས་སྦྱོང་བྱེད་སྟངས་འདེམ་ཤེས་པ་དང་ཚད་དང་རན་དགོས། འཆམ་འཆམ་དུ་འགྲོ་བ་དང་དལ་མོར་རྒྱུག་པ། ཐའེ་ཅི་ཆོན་རྩེ་བ། ཡོ་ག་སྦྱོང་བ་སོགས་ཞི་འཇམ་གྱི་འགུལ་སྐྱོད་བྱེད་སྟངས་བདམས་ན་གློ་བའི་དབུགས་འབྱིན་རྔུབ་དང་། གློ་བའི་གསོན་ཤུགས་ཆེ་རུ་གཏོང་ཐུབ་ལ། དུས་མཚུངས་སུ་གློ་དབུགས་ཟད་གྲོན་ཇེ་ཆུང་དུ་གཏོང་ཐུབ།
ནུས་ཚོད་ཀྱིས་ལུས་སྦྱོང་བྱེད་དགོས། རང་ངོས་ཀྱི་ལུས་ཤུགས་ལ་གཞིགས་ནས་ལུས་སྦྱོང་དྲག་ཚད་ཚོད་འཛིན་ལུགས་མཐུན་བྱེད་དགོས་པ་དང་། འགུལ་སྐྱོད་བྱས་རྗེས་ལུས་པོར་ཅུང་ཚ་བ་རྒྱས་པ་དང་རྔུལ་ཆུ་ཉུང་ངུ་ཐོན་ན་འཚམ་པ་ཡིན། ཆམ་ནད་ཕོག་པའི་སྐབས་སུ་འགུལ་སྐྱོད་བྱེད་མི་རུང་། ཆམ་པ་ཕོག་དུས་རིམས་འགོག་ནུས་པ་ཅུང་ཇེ་ཞན་དུ་གྱུར་ཡོད་པས། ཨུ་ཚུགས་ཀྱིས་ལུས་སྦྱོང་བྱས་ན་ནད་གཞི་ཇེ་ལྕི་རུ་སོང་ནས་ལུས་པོ་སླར་གསོ་ཡོང་བར་གནོད་པ་རེད། ལུས་སྦྱོང་བྱེད་སྐབས་དབུགས་འབྱིན་རྔུབ་ཇེ་མགྱོགས་སུ་སོང་ནའང་སྔར་བཞིན་རྒྱུན་ལྡན་ལྟར་ཁ་བརྡ་བྱེད་ཐུབ་ན། དེ་ནི་ལུས་སྦྱོང་འོས་འཚམ་ཡིན་པའི་རྟགས་རེད། ལུས་སྦྱོང་གི་ཚད་ནི་གཟའ་འཁོར་རེར་ཐེངས3ནས5བར་དང་། ཐེངས་རེར་སྐར་མ30ཡས་མས་རེད།
ལུས་སྦྱོང་འོས་འཚམ་སྒོས་རིམ་བཞིན་ཇེ་མང་དུ་གཏོང་དགོས། ལུས་སྦྱོང་མ་བྱས་གོང་ལ་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། ལུས་སྦྱོང་བྱེད་པའི་སྐབས་སུ་གོ་རིམ་ལྟར་ལུས་སྦྱོང་བྱེད་པ་ལས། ལུས་སྦྱོང་དྲག་པོ་བྱས་ནས་རྔུལ་ཆུ་མང་པོ་བཞུར་དུ་བཅུག་ན་གློ་བར་གནོད་པ་ཡོད། ལུས་སྦྱོང་བྱས་ཚར་རྗེས་རིམ་བཞིན་མཚམས་འཇོག་པ་ལས་གློ་བུར་དུ་མཚམས་བཞག་ན་ལུས་པོ་མི་བདེ་བའི་གནས་ཚུལ་འབྱུང་སྲིད། དུས་ཐོག་ཏུ་རྔུལ་ཆུ་ཕྱི་བ་དང་ལྭ་བ་གྱོན་ཏེ། གྲང་རླུང་གིས་གློ་བར་གནོད་པ་སྔོན་འགོག་བྱེད་དགོས།
སྟོན་དུས་གློ་བ་གསོས་ནས་རིམས་འགོག་འཛིང་རགས་ཇེ་བརྟན་དུ་གཏོང་བ།
སྟོན་ཁར་གློ་བ་གསོ་བ་ནི་འགོག་སྲུང་ཇེ་བརྟན་དུ་གཏོང་བའི་སྙོམས་སྒྲིག་ཐེངས་ཤིག་རེད་ལ། གློ་དབུགས་གསོ་སྐྱོང་བྱས་ཏེ་རྩ་བ་བརྟན་པོ་ཡོང་བར་བྱ་རྒྱུ་ནི་རིམས་འགོག་ནུས་པ་ཆེ་རུ་གཏོང་བའི་འགག་རྩ་རེད། གློ་བ་ནི་མིའི་ལུས་ཁམས་ཀྱི“འགོག་སྲུང་ཡོལ་བ”ཡིན་པའི་ཆ་ནས། དེ་བདེ་ཐང་ཡིན་མིན་གྱིས་དུས་ཚིགས་བརྗེ་སྐབས་མིའི་ལུས་ཁམས་ཀྱི་ནད་འགོག་ནུས་པ་ཐག་གཅོད་བྱས་ཡོད། བཟའ་བཏུང་ལ་བརྟེན་ནས་གློ་བ་གསོ་བ་དང་། འཚོ་བར་བརྟེན་ནས་གློ་བ་སྲུང་བ། ལུས་སྦྱོང་ལ་བརྟེན་ནས་གློ་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། གློ་བ་དང་དབུགས་ལམ་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱས་ན། ད་གཟོད་འབྱུང་རྩའི་ཐོག་ནས་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་དབུགས་ལམ་གྱི་ནད་རིགས་ཇེ་ཉུང་དུ་གཏོང་ཐུབ།
རྒྱུན་ལྡན་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། དུས་ཐོག་ཏུ་ཆམ་རིམས་ཀྱི་འགོག་སྨན་རྒྱག་པ་སོགས་བྱས་ཏེ། འགོག་སྲུང་འཛིང་རགས་ཇེ་བརྟན་དུ་བཏང་སྟེ་སྟོན་དགུན་གྱི་དུས་ཚིགས་ལེགས་པར་བསུའོ། །

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།

ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།

《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com